རང་ཞིང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ།

ཡོང་ཁུངས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ3པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བའི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤུས་ལེགས་བདེ་ཐང་གི་འཚོ་བའི་དགོས་མཁོ་སྔར་ལས་སྔར་ལས་ཡིད་ཚིམ་པ།

《ལག་བསྟར་ཇུས་གཞིའི》ནང་དུས་མཚམས་དབྱེ་བའི་བྱ་བའི་དམིགས་ཚད་ཁ་གསལ་བཟོས་པ་སྟེ། 2026ལོར་ས་གནས་ཁག་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྡུ་སྒྲིལ་ཇེ་ལེགས་སུ་གཏོང་བའི་ཇུས་གཞི་བཏོན་ཡོད། 2027ལོར་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དང་ཁྲོམ་གཞུང་སྒྲིག་གཞི་ཚང་བའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡོངས་སུ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ་དང་སྡེ་ཁུལ་གྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཡོངས་སུ་ཁྱབ་པ་བྱས་ཏེ།

གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་སྐར་མ15དང་ཞིང་ཕྱུགས་ཁུལ་གྱི་གྲོང་མིར་སྐར་མ30ཡི་ནང་ཐག་ཉེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་སླེབས་ཐུབ་པའི་བརྩོན་ལེན་བྱེད་དགོས། 2030ལོར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཀོད་སྒྲིག་སྔར་བས་དོ་སྙོམས་ལུགས་མཐུན་དང་རྒྱང་ཁྲིད་སྨན་བཅོས་དང་བློ་རིག་ཅན་གྱི་ཞབས་ཞུ་གཞི་རྩའི་ཆ་ནས་ཁྱབ་གདལ་དུ་བཏང་ཡོད། 2035ལོར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཀོད་སྒྲིག་འཛུགས་སྐྱོང་དང་ནད་འགོག་ནད་བཅོས་བདེ་ཐང་ཞབས་ཞུའི་ནུས་པ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གོང་འཕེལ་གཏོང་བ། 

《ལག་བསྟར་ཇུས་གཞིའི》ནང་ལས་འགན་གཙོ་བོ་བཞི་བཀོད་སྒྲིག་བྱས་པ་སྟེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ ཤང་གྲོང་ཚང་མས་འཕྲོད་བསྟེན་ཁང་རེ་ཡག་པོ་གཉེར་ནས་འཕྲལ་བཅོས་མྱུར་སྐྱོབ་དང་ཕྱི་ནད་ཚན་ཁག་སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་བྱིས་ནད་ཚན་ཁག་དང་བསམ་བློ(སེམས་ཁམས)སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ ཁྲོམ་གཞུང་ཚང་མར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་རེ་ཡག་པོ་བཙུགས་ནས་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་གྱི་ནུས་པ་འཐུས་ཚང་དུ་གཏོང་བ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཚད་ལྡན་ངང་འཛུགས་དགོས། ས་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་དགོས། དམ་ཟབ་ཅན་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་རྣམ་པར་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་གཞི་རིམ་དུ་ལྷུང་བར་སྐུལ་འདེད་གཏོང་ད རྫོང་ཁོངས་ནང་གི་གསོ་རིག་ཞིབ་བཤེར་དང་གསོ་རིག་གཟུགས་བརྙན་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གཞི་རིམ་གྱི་ཞིབ་བཤེར་དང་། གོང་རིམ་གྱི་བརྟག་དཔྱད། གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་དང་གྲོང་གསེབ་ཀྱི་མངགས་ཐོའི་ཁ་ཕྱོགས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ་གསོ་སྐྱོང་རྒྱུན་མཐུད་ངང་ལག་བསྟར་བྱས་ནས“དྲ་ཐོག་དང་དྲ་འོག་”དང་“རིགས་པའི་གཞུང་ལུགས་དང་དངོས་སྦྱོང་”སོགས་བྱ་ཐབས་སྣ་ཚོགས་བརྒྱུད་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་གཞི་དང“གཞི་རིམ་ལ་སྤུས་ལེགས་ཞབས་འདེགས་ཞུ་རྒྱུ”སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱུན་མཐོང་གི་ནད་དང་གཅོང་ནད་འགོག་བཅོས་དང་བདེ་ཐང་སླར་གསོའི་ནུས་པ་ཆེ་རུ་བཏང་སྟེ་ཀྲུང་(བོད)སྨན་རྫས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།  ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུར་སྐུལ་འདེད་བཏང་སྟེ་རྒྱང་ཁྲིད་སྨན་བཅོས་དང་མིས་བཟོས་རིག་ནུས་ཀྱི་རམ་འདེགས་བརྟག་དཔྱད་ལག་རྩལ་སྤྱད་དེ་ཕྱོགས་ཡོངས་ནས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།