ཡུས་ཧྲུའུ་ཡིས2026ལོར་དཔྱིད་རླུང་ལས་འགུལ་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​ཟླ3པའི10ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་ཐོན་ཁུངས་སྡེ་ཁག་གིས་སྣེ་ཁྲིད་ཅིང་། སྡེ་ཁག་མང་པོའི་རམ་འདེགས་མཉམ་ལས་འོག་ཡུས་ཧྲུའུ་གྲོང་ཁྱེར་གྱི2026ལོའི་དཔྱིད་རླུང་ལས་འགུལ་དང་གྲོང་ཁྱེར་ཆེ་འབྲིང་བར་མཉམ་འབྲེལ་གྱིས“ལས་ཞུགས་ལ་བརྟེན་ནས་མ་འོངས་བསྐྲུན”ཞེས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་བསྡུས།

ཐེངས་འདིའི་ལས་མི་བསྡུ་བའི་ཚོགས་འདུ་ལས“དཔྱིད་དུས་ལས་གནས་སྤྲད་དེ་ལས་ཞུགས་སྐུལ། རོགས་རམ་བརྩེ་བས་དམངས་ཀྱི་སེམས་པ་དྲོ”ཞེས་པ་བརྗོད་སྙིང་དུ་བྱས་ཤིང་། བསྡོམས་པས་ཁེ་ལས37རྩ་འཛུགས་བྱས་ཡོད། དེའི་ནང་ས་གནས་ཀྱི་ཕུལ་བྱུང་ཁེ་ལས20དང་། གྲོང་ཁྱེར་ཕྱིའི་སྤུས་ལེགས་ཁེ་ལས17བདམས་ཡོད། ཁྱོན་བསྡོམས་ལས་གནས765མཁོ་འདོན་བྱས་ཡོད་པར་མ་ཟད། འཆར་གཞི་ལྟར་ན་གདན་ཞུའི་མི་གྲངས16981ལ་བསླེབས་སྲིད། ཁ་གཏད་ཡུལ་གཙོ་བོ་ནི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། དབུལ་ཐར་གྱི་ངལ་རྩོལ་བ་སོགས་ཡིན་ལ།  ལས་ཞུགས་དགོས་མཁོ་ལས་རིགས་དང་ལས་གནས་མི་འདྲ་བའི་ཕྱོགས་མང་པོར་ཁྱབ་ཡོད་པས། སློབ་གཉེར་ལོ་རྒྱུས་མི་འདྲ་བ་དང་རྩལ་ནུས་མི་འདྲ་བའི་ངལ་རྩོལ་བར་འཚམ་པའི་ལས་ཞུགས་ཀྱི་དགོས་མཁོ་བསྐང་ཐུབ་ངེས་རེད།

ལས་མི་བསྡུ་བའི་ཚོགས་འདུའི་ཡུལ་དངོས་སུ་ལས་མི་བསྡུ་བའི་ཁུལ་དང་། སྲིད་ཇུས་བློ་འདོན་ཁུལ། ལས་ཞུགས་ཐོ་འགོད་ཁུལ་སོགས་བཀོད་སྒྲིག་བྱས་ནས་བྱ་བ་འཚོལ་མཁན་དག་ལ་ལས་གནས་སྦྲེལ་མཐུད་དང་།   སྲིད་ཇུས་འགྲེལ་ཀློག ལས་ཞུགས་འཛུབ་སྟོན། ལས་ཞུགས་ཐོ་འགོད་སོགས་གཅིག་བསྡུས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། བྱ་བ་འཚོལ་བའི་མྱོང་སྣང་དང་དགོས་མཁོའི་སྦྲེལ་མཐུད་ཕན་ནུས་ལྡབ་འགྱུར་གྱིས་མཐོར་འདེགས་བཏང་ཡོད། བྱ་བ་འཚོལ་མཁན་དག་གིས་ཁེ་ལས་སོ་སོའི་འགྲེམ་གནས་བར་དུ་འགྲོ་འོང་བྱེད་བཞིན་བློ་འདྲི་དང་གྲོས་མོལ་བྱེད་བཞིན་ཡོད། ཁེ་ལས་སོ་སོའི་ལས་མི་བསྡུ་ལེན་བྱེད་མཁན་གྱིས་སེམས་ཞིབ་མོས་ལས་གནས་སོ་སོའི་གནས་ཚུལ་ངོ་སྤྲོད་བྱས་ནས་ཕྱོགས་གཉིས་ལ་ཕན་པའི་སྣང་ཚུལ་བཟང་བོ་ཞིག་ཆགས་པར་བྱས་ཡོད།

ཤེས་གསལ་ལྟར་ན། ཐེངས་འདིའི་ལས་མི་བསྡུ་བའི་ཚོགས་འདུར་མི་ཐེངས2000ལྷག་གི་བློ་ཁ་བཀུག་ནས་བྱ་བ་འཚོལ་བར་བློ་འདྲི་བྱས་པ་དང་།  ཡུལ་དངོས་ཀྱི་གྲོས་མོལ་སྦྲེལ་མཐུད་བརྒྱུད་བསྡོམས་པས་མི508ཀྱིས་བྱ་བ་འཚོལ་བར་ཐོ་འགོད་བྱས་ཡོད་ལ། མི358ཀྱིས་ཁེ་ལས་བར་ཐོག་མའི་ལས་ཞུགས་ཀྱི་མོས་མཐུན་བཀོད་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།