མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས9ཉིན2026ལོའི་མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག2025ལོའི་བྱ་བ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་དང2026ལོའི་ལས་འགན་གཙོ་གནད་བཀོད་སྒྲིག་བྱས།

ཚོགས་འདུས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་མ་ལག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས། བདེ་འཇགས་ཀྱི་མ་མཐའ་སྲུང་སྐྱོབ་བཅས་ལ་འཕེལ་རྒྱས་གསར་པ་བྱུང་། ས་ཁང་བདག་ཁོངས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། མཉེན་ཆ་ལྡན་པའི་གྲོང་ཁྱེར་བསྐྲུན་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་འགག་བརྒལ་གསར་པ་བྱུང་བ། “བཟང་བཞི”སྡོད་འོས་པའི་ཁྱིམ་གཞིས་བསྐྲུན་དང“གྲངས་འཛིན་སྡོད་ཁང་འཛུགས་སྐྲུན”འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་པ་དང་། ས་ཁང་བདག་ཁོངས་འཛད་སྤྱོད་ཇེ་མགྱོགས་སུ་གཏོང་བ་དང་། འཛུགས་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་འཕར་བ། སྡོད་ཁང་འགན་སྲུང་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུའི་ཕན་འབྲས་མཐོར་འདེགས་གཏོང་བ། ལོ་རྒྱུས་རིག་གནས་སྲུང་སྐྱོང་གི་ཡིག་ཚགས་མཐོར་འདེགས་གཏོང་བ། མེ་གསོད་ཞིབ་བཤེར་ཆེད་དོན་བཅོས་སྐྱོང་གི་ཚད་གཞི་མཐོར་འདེགས་གཏོང་བ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཆེད་དོན་བྱ་བ་སོ་སོར་ཆ་ཇེ་མང་དུ་ཕྱིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་ཡོད།

ཚོགས་འདུའི་ཐོག་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་མ་ལག་གིས“གྲོང་ཁྱེར་དང་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། “གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན”གྱི་བྱ་སྤྱོད་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ། “གྲོང་ཁྱེར་དང་གྲོང་གསེབ་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཛུགས་པ། ལོ་རྒྱུས་རིག་གནས་རྒྱུན་མཐུད་རྒྱུན་འཛིན་བཅས་ཀྱི་དཔེ་མཚོན་གསུམ་བསྐྲུན་ཏེ། “སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་བློ་རིག་དང་འཚོ་བའོ། གྲོང་གསེབ་འཆམ་མཐུན་དར་རྒྱས་དང་། ཐོན་ལས་གསར་གཏོད་སྤུས་ལེན། རིག་གནས་སྲུང་སྐྱོང་དང་རྒྱུན་འཛུགས། བཅོས་སྐྱོང་མ་ལག་ཞིབ་ཚགས་བཅས་ཀྱི་དམིགས་འབེན་དྲུག་མངོན་འགྱུར་བྱས་ཏེ། “ལྗང་མདོག་དང་ཐཱན་དམའ་བའི་རིགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་སྒུལ་ཤུགས་བསྒྱུར་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བའི་བར་སྟོང་གཏོད་པ། སྡོད་ཁང་མཁོ་སྤྲོད་མ་ལག་ཇེ་ལེགས་སུ་གཏོང་བ། རིག་ནུས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུལ། སྡོད་གནས་དང་ལས་རིགས་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པ། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ། གྲོང་ཁྱེར་འཁོར་སྐྱོད་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་དང་མཉེན་གཤིས་ཀྱི་མ་མཐའ་གསར་པ་བརྟན་པོ་ཡོང་བ་བཅས་ཀྱི་ལས་འགན་ཆེན་པོ་དགུ་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་གཞི་རྩའི་ཐོག“སྡོད་གནས་དང་འཚོ་བའོ། སྡོད་ཁང་ལ་ཁྱད་ཆོས་ལྡན་པ། གྲོང་ཁྱེར་ལ་གསོན་ཤུགས་ལྡན་པ། གྲོང་གསེབ་ལ་ཡིད་དབང་འཕྲོག་པ། འཛུགས་སྐྲུན་ལ་བློ་རིག་ལྡན་པ། དྲོད་ཚད་ལྡན་པའོ”ཡི་འཕེལ་རྒྱས་རྣམ་པ་གསར་པ་མངོན་འགྱུར་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས།

ཚོགས་འདུའི་ཐོག2026ལོར་འཕེལ་ཕྱོགས་ཆེན་པོའི་ཁྲོད་ནས་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། འགྲན་སློང་ཁྲོད་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ། འབད་བརྩོན་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ཏེ“12345”ལས་དོན་སྒྲོམ་གཞི་ཁྱོན་ཡོངས་ནས་འཛུགས་དགོས་པའི་བླང་བྱ་བཏོན་ཡོད། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཁམས་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་དམའ་ཐིག་གཉིས་བརྟན་སྲུང་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་དང་། ས་ཁང་བདག་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཨར་ལས་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་ལག་བསྟར་གཏིང་ཟབ་བྱས་ཏེ། སྡེ་ལས་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་། བདེ་སྡོད་ལས་གྲྭའི་འགན་སྲུང་ལེགས་སྤེལ། གད་སྙིགས་དང་བཙོག་ཆུའི་མ་ལག་བཅོས་སྐྱོང་། མེ་གསོད་ཞིབ་བཤེར་གྱི་ཉེན་ཁ་སེལ་བཅས་འགག་སྒྲུབ་ཆེན་པོ་བཞི་ཡག་པོ་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་དང་། ཞིང་ཁང་བདེ་འཇགས་འགན་ལེན། ལོ་རྒྱུས་རིག་གནས་སྲུང་སྐྱོང་། གྲངས་གཞི་ཅན་གྱི་འཛུགས་སྐྲུན། ཚན་རྩལ་གསར་གཏོད་བཅས་ཁྱབ་ཁོངས་ལྔའི་ནང་འགག་སྒྲོལ་གསར་པ་མངོན་འགྱུར་ཡོང་ཐབས་བྱེད་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།