ཟི་ལིང་མཁར་ནུབ་ཁུལ་སྲིད་གྲོས་ཀྱིས2026ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་དགུ་པའི་ཟི་ལིང་མཁར་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་མགོ་བརྩམས། གསར་འགོད་པས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། མཁར་ནུབ་ཁུལ་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་གྲོས་གཞི་ཁྱོན98འབྱོར་ཞིང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི73ཐོ་འགོད་བྱས་ཏེ་ཐོ་འགོད་བྱེད་ཚད74.4%ཟིན་ཡོད། མིག་སྔའི་བར་གྲོས་གཞི73ཚང་མར་ལན་བཏབ་པ་དང་། ལན་བཏབ་ཚད་དང་ཨུ་ཡོན་བློ་ཡིད་ཚིམ་ཚད་ཚང་མ100%ཟིན་ཡོད།

2026ལོར་མཁར་ནུབ་ཁུལ་གྱི་སྲིད་གྲོས་ཀྱིས་མཁར་ནུབ་ཁུལ་འཕེལ་རྒྱས་ཀྱི་གཙོ་གནད་གཏན་འཁེལ་བྱས་ནས་རྒྱུན་མཐུད་ངང་ནུས་ཤུགས་དང་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱ་རྒྱུ་རེད། ཁེ་ལས་ལ་ཕན་པ་ཐོབ་པའི་ཞབས་ཞུའི་རྗེས་འདེད་འགན་སྲུང་མུ་མཐུད་དུ་ལེགས་པར་བྱས་ཏེ། སྲིད་གཞུང་སྡེ་ཁག་དང་ཁེ་ལས་རྒྱུན་ལྡན་ཅན་གྱི་འབྲེལ་གཏུག་འབྲེལ་གཏུག་གི་ཟམ་པ་བསྐྲུན་ནས་ཁེ་ལས་པས་བློ་བདེ་ངང་གཉེར་སྐྱོང་དང་བློ་བདེ་ངང་མ་འཇོག་བྱེད་དུ་འཇུག་དགོས། ཀོང་མཉམ་འདུས་ཨུ་ཡོན་རྣམས་ཀྱིས་མཉམ་དུ་ཚོང་ལས་ལ་བརྟེན་ནས་ཚོང་འགུགས་པའི“གྲོགས་ཚོམས”མུ་མཐུད་རྒྱ་ཆེར་གཏོང་བ་དང་། གཙོ་བོ་རིག་གནས་ཡུལ་སྐོར་དང་། མཁའ་དམའ་དཔལ་འབྱོར། བསྐྱར་སྐྱེས་གསོ་རིག་སོགས་ཀྱི་ཐད་འབད་བརྩོན་ཆེན་པོས་ཚོང་འགུགས་ཀྱི་ལས་དོན་སྤེལ་བ། འབེན་ཕྱོགས་ཀྱི་ཚོང་འགུགས་པའི“གནད་འཁེལ་ཚད”མུ་མཐུད་དུ་ཇེ་མཐོར་བཏང་སྟེ། སྦྲེལ་ཐག་སྣུར་སྲིང་དང་། སྦྲེལ་ཐག་དྲག་པ། སྦྲེལ་ཐག་ཁ་གསབ་བཅས་ཀྱི་རྣམ་གྲངས་སྔར་ལས་མང་བ་ནང་འདྲེན་བྱ་རྒྱུར་བརྩོན་ལེན་བྱེད་དགོས།

“ནུབ་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྐྱེ་ཁམས་རིན་ཐང་བརྗེ་སྤོར་ལ་སྐུལ་འདེད་གཏོང་དགོས། ”“ལྗང་མདོག་གློག་ཐད་སྦྲེལ+ཐཱན་མེད་གནས་ཡུལ། ”“ཐཱན་རྒྱུ་ནོར་གསར་སྤེལ། ”བཅས་ལ་དམིགས་ནས་ལྟ་ཞིབ་དང་། བསམ་འཆར་དང་ཐབས་ཇུས་འདོན་པ། རིན་ཐང་འཕོ་འགྱུར་གྱི་གྲོས་གཞི་བཏོན་ཏེ། མཁར་ནུབ་ཁུལ་གྱི་ཁུངས་དྲ་དང་ཧོ་ལན་གསོག་འཇོག་གཞི་གཅིག་ཅན་གྱི་གློག་ཤུགས་མ་ལག་གསར་པ་དཔེ་སྟོན་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ལག་བསྟར་བྱེད་ཆོག་པའི་ཐབས་ལམ་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”སྲིད་ཇུས་མཁར་ནུབ་ཁུལ་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

“མཁར་ནུབ་ཁུལ་གྱིས་ཇི་ལྟར་བྱས་ནས་དགོས་མཁོ་གསར་པའི་ཐོག་ནས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་མཁོ་སྤྲོད་གསར་པའི་ཐོག་ནས་དགོས་མཁོ་གསར་པ་གསར་གཏོད་བྱེད་དགོས”ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་འབྲེལ་ཐག་མཐོ་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་མིས་བཟོས་རིག་ནུས་དང་། ལྗང་མདོག་རྩིས་རྒྱག་ཤུགས། བྱང་སྣེ་ཕྱོགས་སྟོན་བཀོལ་སྤྱོད་ཀྱི་རྣམ་པ་གསར་པ་གཙོ་གནད་དུ་སྐྱེད་སྲིང་བྱས་ཏེ། གྲངས་ཀ་དང་། རིག་ནུས། ལྗང་མདོག་སོགས་འཛད་སྤྱོད་ལས་རིགས་གསར་པ་འཆར་འགོད་བྱེད་པ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཚོང་ལས་ཡུལ་སྐོར་རིག་གནས་ལུས་རྩལ་བདེ་ཐང་མཉམ་འདྲེས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཙོ་གནད་ཐོག་སྐྱེད་སྲིང་བྱས་ཏེ་ལྟེ་བའི་ཚོང་རའི་ནུས་པ་འདོན་སྤྲོད་དང་རིམ་སྤོར་འཆར་འགོད་བྱེད་པ་སོགས་ཀྱི་ཐད་ཐབས་ཇུས་དང་ནུས་ཤུགས་ཧུར་ཐག་བཏོན།

སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་ཁྲིད་སྟོན་དང་། རྣམ་གྲངས་མཚམས་སྦྱོར་། གྲོས་མོལ་སྦྲེལ་མཐུད་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཚོགས་ཀྱི་མ་རྩ་ནུས་ལྡན་ངང་ནང་འདྲེན་བྱས་ཏེ། སྤུས་ལེགས་ཁེ་ལས་དང་ཆེད་ལས་སྤྱི་ཚོགས་རྩ་འཛུགས་གྲོང་ཁྱེར་གསར་སྒྱུར་དང་། ཁྱད་ཆོས་ལྡན་པའི་ཁྲོམ་གཞུང་། གྲོང་ཁུལ་སྔོ་འགྱུར། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་སོགས་ཀྱི་ནང་ཞུགས་རྒྱུའི་ཡིད་དབང་འགུག་སྟེ། གྲོང་ཁུལ་གྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། ནུས་པ་འཐུས་ཚང་དུ་གཏོང་བ། རིག་གནས་རྒྱུན་མཐུད། སྤུས་ཚད་མཐོར་འདེགས་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་གྲོང་ཁུལ་དང་། གཞོན་ནུའི་གྲོང་ཁྱུལ། གྲངས་འཛིན་གྲོང་ཁྱུལ། ཡིད་རྟོན་གྲོང་ཁྱུལ། བདེ་འཇགས་གྲོང་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བློ་འདྲི་དང་སྲིད་སྐྱོང་ཧུར་ཐག་བྱས་ཏེ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།