ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱ་བའི“1236”སྤྱིའི་བཀོད་སྒྲིག་གཏན་འཁེལ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་(ཤེས་བྱའི་ཐོན་དབང་དང་སྨན་རྫས་ལྟ་སྐུལ་དོ་དམ)བྱ་བའི་ཚོགས་འདུ་འཚོགས་ནས2025ལོ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་ལས་ཀའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་མ་ཟད། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་བཀོད་སྒྲིག་དང་བློ་རྩེ་གཅིག་སྒྲིལ་བྱས་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་ཞབས་ཞུའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་གཙོ་གཟུགས་ཁྱིམ་ཚང་ཁྲི62ལས་བརྒལ་ནས་དུས་མཚུངས་ལས4.77%འཕར་བ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་གྲངས་1.5ལས་མཐོ་བ་དང་། ཁྱིམ་ཚང་ཆ་སྙོམས་ཀྱི་ལས་ཞུགས་བསྡུ་ལེན་ཆུ་ཚད་རྒྱལ་ཡོངས་ཀྱི་བརྒྱད་པར་སླེབས་ཡོད། འབྲེལ་ཡོད་ཉམས་མྱོང་དང་བྱེད་སྟངས་དེ་ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་དཔེ་མཚོན་དཔེ་མཚོན་དུ་བདམས་པ་རེད། ས་མཐོའི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཚད་བརྒལ་བྱུང་བ་དང་། རྒྱལ་ཡོངས་ཀྱི་3Hས་མཐོའི་ཁས་ལེན་མ་ལག་ཐོག་མ་བསྐྲུན་པར་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་ནང་དོན་གཙོ་བོའི་ནང་བཅུག་པ་རེད། ཤེས་བྱའི་ཐོན་དབང་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཁེ་བེད་བདག་ཐོབ་དབང་ཆ་སྤྲོད་ཚད་དང་ཚོང་རྟགས་ཐོ་འགོད་བྱེད་ཚད་སོ་སོར227%དང186%འཕར་བ་དང་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར15.27གསར་དུ་འཕར། བཟའ་བཅའ་དང་སྨན་རྫས་འཐེན་བཤེར་ཚད་ལོན་ཚད་ཁག་སོ་སོར་98%དང་99%ཡན་དུ་བརྟན་པོ་བྱུང་བས“ཐོན་རྫས་གསུམ་དང་དམིགས་བསལ་གཅིག”གི་བདེ་འཇགས་འགོག་སྲུང་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

2026ལོར་མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི“1236”སྤྱིའི་བཀོད་སྒྲིག་ལ་དམིགས་པ་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཞབས་འདེགས་ཞུ་བའི་སྲོག་ཤིང་གཅིག་གཏན་འཁེལ་དང་། དྲང་གཞག་འགྲན་རྩོད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། “ནང་སྒྲིལ་རྣམ་པའི”འགྲན་རྩོད་བཅོས་སྒྲིག་བྱས་ནས་ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་དང་ཤེས་བྱའི་ཐོན་དབང་གི་ཞིང་ཆེན་སྟོབས་ཆེན་གཉིས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གཅིག་སྡུད་བྱས་ཏེ། ཐོན་ལས་གྱི“གནས་བཞིའི”སྤུས་ཚད་ཀྱི་ཚད་གཞི་གསོ་སྐྱོང་བྱས་ནས་ཁེ་བེད་བདག་ཐོབ་སྤོ་སྒྱུར་དང་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། འཆར་འགོད་སྣེ་ཁྲིད་དང་། ཁྲིམས་འཛིན་ནུས་པ། ཁྱད་ལྡན་སྤུས་རྟགས་བཅས་མཐོ་རུ་གཏོང་བའི་བྱ་སྤྱོད་གསུམ་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་བཟོ་བ། ཁྲིམས་འཛིན་ནུས་པ་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ། “ས་ཁོངས་གཅིག་དང་ཁྱད་ཆོས་གཅིག”སྤུས་རྟགས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་རྨང་གཞི་འཛུགས་པ་སོགས་གཙོ་གནད་ལས་གྲྭ་ཁག་དྲུག་དམ་འཛིན་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བསྐྲུན་དགོས།

སྨན་རྫས་ལྟ་སྐུལ་དོ་དམ་ཐད་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱོད། གཉེར་སྐྱོང་སོགས་སྦྲེལ་ཐག་ཡོངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་གཙོ་གནད་ཐོག་བརྟན་དུ་བཏང་ནས་འབྱུང་ཁུངས་གཙང་སེལ་དང་དྲ་བ་གཙང་སེལ་སོགས་ཆེད་དོན་བྱ་སྤྱོད་ཁག་ལྔ་སྤེལ་རྒྱུ་དང་། ཀྲུང་གོ་དང་བོད་སྨན་རྒྱུན་འཛིན་གསར་གཏོད་དང་། སྨན་བཅོས་ཡོ་བྱད་རིམ་སྤོར་ཚོགས་འདུ། མཛེས་འཆོས་བྱུག་རྫས་ཀྱི་རྒྱུ་ཆ་གསར་སྤེལ་བཅས་ཐད་ཚད་བརྒལ་ཡོང་བ་བྱས་ཏེ་བོད་སྨན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་སྨན་རྫས་གསར་པ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། “སྨན་གསུམ”གྱི་མཐུན་སྦྱོར་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། བློ་རིག་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་དང་ཕན་ནུས་ལྡན་པའི་འགན་ལེན་མུ་མཐུད་བྱེད་དགོས།

ཚོགས་འདུའི་ཐོག་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་པས་“གྲོང་ཁྱེར་གཅིག་དང་ཁུལ་གཅིག་གི་ཁྱད་ཆོས་གཅིག”ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་ཏེ་ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ལྟ་སྐུལ་དོ་དམ་སོགས་ཐད་ཀྱི་ཉམས་མྱོང་བྱེད་སྟངས་མཉམ་སྤྱོད་བྱས། ཚོགས་འདུའི་ཐོག་ད་དུང་དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ནས་དུས་ཆེན་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པའི་འགན་ལེན་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།