——སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་།
ཟླ2པའི་ཚེས2ནས3ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།ཚང་འཛོམས་གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་2025ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་བྱས་ནས་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་།སྤྱོད་ཚུལ་དག་ཐེར་དང་སྒྲིག་ཁྲིམས་ནན་པོ།རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ།རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་ཐུབ་པ།རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ།རུལ་སུངས་ཐོན་སའི་ས་རྒྱུ་དང་ཆ་རྐྱེན་སྔར་བས་ནུས་ལྡན་ངང་མེད་པ་བཟོ་བ་བཅས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བ།རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་པའི”འཆར་འགོད་འགོ་ཡག་པོ་འཛུགས་རྒྱུར་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།ཆབ་སྲིད་ཀྱི་ལྟ་སྐུལ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན།སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
“‘རྒྱལ་ཁབ་ཀྱི་ཆེ་ཕྱོགས’ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས”ཞིང་ཆེན་དུ་བཅའ་སྡོད་སྣོད་བཅུད་ཁོར་ཡུག་ཐིང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཅུན་གྱིས་བཅའ་སྡོད་ཚན་པར་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུར་དམ་པོར་དམིགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།ལྟ་སྐུལ་ལས་འགན་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་བྱེད་ཐབས་ཁ་གསལ་བཟོ་བ་བཅས་བྱས་ནས་འགན་ནུས་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མཐུན་སྦྱོར་གྱི་ཚན་པ་ལྔ་ལ་གཅིག་གྱུར་འཆར་འགོད་བྱས་ནས་མཐུན་སྦྱོར་ཐུན་མོང་བཅོས་སྐྱོང་སྲུང་སྐྱོང་ཆེན་པོའི་གནས་བབ་འཛུགས་པ་དང་། མཐུན་སྦྱོར་ལས་འགན་སྒྲུབ་པར་ཤུགས་སྣོན་རྒྱག་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་གྱི་ཁོར་ཡུག་སྲུང་སྐྱོང་གནད་དོན་ཐག་གཅོད་བྱས་ཏེ། མངོན་འགྱུར་ལྟ་སྐུལ་དང་ལྟ་སྐུལ་དོ་དམ་འགན་འཁྲི་གཉིས་ཀྱིས་ཕྱོགས་གཅིག་ཏུ་ཤུགས་སྤེལ། མངོན་འགྱུར་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་གྱི་ལག་ལེན་ལ་མགོ་ཚུགས་ལེགས་པོ་ཡོང་བར་ལེགས་སྐྱེས་འབུལ་དགོས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་རེན་ལེང་གིས་བཤད་རྒྱུར། སྟོབས་དང་ལྡན་པའི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས“སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་།མཚོ་ནུབ་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པ།ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ།གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ”སོགས་འཐབ་ཇུས་ལས་འགན་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།དེ་དང་ཆབས་ཅིག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་།སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།འབེན་དེ་གཅོང་ནད་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ།སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཆབ་སྲིད་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཞི་རིམ་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
སྤྱོད་བཟང་སྒྲིག་ནན་གཏིང་ཟབ་ཏུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ཆུ་རགས་བརྟན་པོ་བཟོས་པ།
ཚང་འཛོམས་གྲོས་ཚོགས་ཐོག་སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་ཡིན་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏིང་ཟབ་བཏང་ནས་རྒྱུན་གཏན་རང་བཞིན་གྱི་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
“ཚང་འཛོམས་གྲོས་ཚོགས་ཐོག་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་།རྒྱ་སྐྱེད།ལག་བསྟར་གཏིང་ཟབ་བཅས་བྱ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་བླང་བྱ་ཁ་གསལ་བཏོན་པས་ཞིང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་མཐར་ཕྱིན་པ་དང་།ནན་པོ་མཐའ་འཁྱོལ་བ།ཐོག་མཐའ་བར་གསུམ་དུ་མཐར་ཕྱིན་པ་བཅས་ཀྱི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད”ཟི་ལིང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཉིའུ་ཏེ་ཧའེ་ཡིས་ནན་པོ་གཙོ་བོར་འཛིན་པ་དང་སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་།བླང་བྱ་དེ་བས་ནན་པ།སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྣོད་བཅུད་སྲུང་སྐྱོང་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས།དམངས་འཚོ་འགན་ལེན་བཅས་ལ་དམ་པོར་དམིགས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ“སྤྱོད་ཚུལ་བཞིའི”གནད་དོན་ལ་དམ་པོར་དམིགས་པ་དང་།གོམ་པ་གང་ཡང་མི་སྤོ་བ།མགྱོགས་མྱུར་ཞིབ་བཤེར་ནན་པོ་བཅས་བྱས་ཏེ་སྤྱོད་ཚུལ་ནན་པོ་དང་། རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། ཞིབ་བཤེར་དང་བཅོས་སྐྱོང་གཞི་གཅིག་དང་ཡོ་བསྲང་དང་སྡོང་བོ་མཉམ་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ཀྲང་ཀྲེན་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།ཏང་གཤིས་ཏང་སྲོལ་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་དང་།སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།དབང་ཆ་གཅིག་སྡུད་དང་།མ་དངུལ་གཅིག་སྡུད།ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ།དེ་དང་ཆབས་ཅིག་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཏང་སྲོལ་སྲིད་སྲོལ་བཟང་པོ་ཉེ་འགྲམ་དུ་ཡོད་པ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་གསར་པ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་ཏན་ཏིག་ཡོང་བ་བྱེད་དགོས་ཟེར།
རྩ་ལག་མཉམ་བཅོས་གཞི་གཅིག་ཏུ་འགྱུར་བར་ཤུགས་སྣོན་བརྒྱབ་ནས“རུལ་སུངས་མི་བྱེད་པ་གསུམ་”ལ་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་རང་ངོས་གསར་བརྗེ་མཐར་ཕྱིན་པ་ཞིག་དང་གཏན་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་རེད།དུས་ཚོད་སྐར་ཆ་ཙམ་ཡང་མཚམས་འཇོག་མི་རུང་བ་དང་གོམ་པ་ཕྱེད་ཀ་ཕྱིར་བཤོལ་བྱེད་མི་རུང་བ་དང་།ཇི་ཙམ་རྗེས་སུ་དེ་ཙམ་གྱིས་ནན་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་གཙང་བཤེར་མཐར་ཕྱིན་བྱས་ནས་རྩ་སྒྱུར་རྩ་བ་ནས་བྱེད་དགོས།
ཐིང་རིམ་པའི་སྐོར་གཟིགས་ཀྲོན་ཡོན། མཚོ་ཤར་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡུང་གིས་བཤད་རྒྱུར། མཚོ་ཤར་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་ལས་འགན་ལ་གཞི་ཚུགས་པ་དང་།ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་དང་ཟུང་འབྲེལ་བྱེད་པ།“དུས་འཁོར་ཧྲིལ་པོའི”འདུ་ཤེས་མཐའ་འཁྱོངས་བྱེད་པ།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།“གནད་འགག་ཉུང་ཤས་”ལ་གཙོ་གནད་དུ་དམིགས་པ་དང་།དོན་དག་གལ་ཆེན་ལ་དམ་པོར་དམིགས་པ།གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ།དབང་ཆ་འཁོར་སྐྱོད་ཀྱི་སྐྱོན་ཆ་འཚོལ་བར་དོ་སྣང་བྱེད་པ།ལམ་ལུགས་ཀྱི་ཞན་ཆ་གསབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།དབང་ཆ་ནུས་ལྡན་ནུས་ལྡན་གྱི་ལམ་ལུགས་ཀྱི་རླུང་ཙིའི་ནང་དུ་དངོས་གནས་བཅུག་སྟེ།གྱོད་དོན་ཞིབ་གཅོད་དང་།གཙོ་གནད་ཆད་གཅོད་ནས་མ་ལག་བཅོས་སྐྱོང་།ས་ཁོངས་ཡོངས་བཅོས་སྐྱོང་བཅས་བྱེད་པར་མཐོར་འདེགས་གཏོང་དགོས།
ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་བཅའ་སྡོད་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཀའོ་ཝུན་ཧུའེ་ཡིས་བཤད་རྒྱུར། ཞིང་ཆེན་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འདྲི་གཅོད་ལག་བསྟར་གྱི་དབང་ཆ་འཁོར་སྐྱོད་ཀྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ། ཞིང་ཆེན་ཁྲིམས་ཁང་གི་ཏང་སྲོལ་དང་སྤྱོད་གཙང་དར་སྤེལ་ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པ་དང་། འཁྲི་འགན་ཀྱི་འདུ་ཤེས་དང་འབད་འཐབ་ཀྱི་འདོད་བློ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་དངོས་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྟ་སྐུལ་དང་སྤྱོད་བཟང་སྒྲིག་ནན་རུལ་སུངས་ལ་རྒྱུན་འཁྱོངས་ངང་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དབང་ཆ་དང་འཁོར་སྐྱོད་ཀྱི་ལྟ་སྐུལ་ཚོད་འཛིན་སྔར་བས་ཚན་རིག་དང་ནུས་ལྡན་ངང་ཤུགས་སྣོན་རྒྱག་དགོས།
དམངས་དོན་དུ་སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུར་གཞི་ཚུགས་ནས་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱས་པ།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་དམིགས་ནས་འགག་སྒྲོལ་དམག་འཐབ་ཀྱི་ལོ་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་ཤུགས་ཚད་སླར་ཡང་ཆེ་རུ་གཏོང་བ་དང་།སྤྱི་འདོམས་བྱེད་ཤུགས་སླར་ཡང་ཆེ་རུ་གཏོང་བ།ཕན་འབྲས་སླར་ཡང་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཚོར་ཐུབ་པའི་གྲུབ་འབྲས་དེ་བས་མང་བར་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱ་དགོས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཝུའེ་ཡིས་བཤད་རྒྱུར། གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི“མ་དངུལ་གསུམ”དོ་དམ་དང་།སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ།རྒན་གསོའི་ཞབས་ཞུ།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བཅས་བཅོས་སྒྲིག་རྣམ་གྲངས་4མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།ལས་རིགས་ཀྱི་གཅོང་ནད་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ།སློབ་གྲྭའི་ཟ་མ་དང་།དུར་འཇུག་ཁྱབ་ཁོངས།རྒན་གསོ་འགན་བཅོལ།དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་སྐུར་ངོ་བཅར་གནད་དོན་ཆེད་དོན་བཅོས་སྐྱོང་སོགས་དམངས་འཚོའི་དོན་དངོས་གལ་ཆེན་10ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད།སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ།“མང་ཚོགས་ཀྱིས་གནད་དོན་འདོན་པ་དང་།སྡེ་ཁག་གིས་དྲིས་ལན་འདེབས་པ།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་སྐུལ།སྤྱི་ཚོགས་ཀྱིས་གདེང་འཇོག་བྱེད་པ་”བཅས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ།གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་རྒྱག་པ་དང་།གཞི་རིམ་གྱི་ལྟ་སྐུལ་དང་གཞི་རིམ་བཅོས་སྐྱོང་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཡག་པོ་འཛུགས་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།
“མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་དེ་དམངས་འཚོ་དང་དམངས་སེམས་དང་འབྲེལ་བ་ཡོད”མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཚུན་ཚའེ་ཡིས་བཤད་རྒྱུར། དམངས་ཆེད་སྒྲིག་བསྟར་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དང་། སྨན་བཅོས།རྒན་གསོ་སྤྱི་ཚོགས་འགན་བཅོལ།གྲོང་གསེབ་དར་རྒྱས།ལས་གྲྭའི་རྣམ་གྲངས་འོས་སྐུལ་འོས་དཔོད་སོགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དོན་དག་ལ་དོ་ཁུར་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།མ་ལག་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཡུན་རིང་ཕན་ནུས་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གཅིག་བསྡུས་བཅོས་སྒྲིག་ཁྲོད་དུ་ཐོག་མ་སེམས་ཀྱི་འཁྲི་འགན་བརྟན་པོ་འཛུགས་པ་དང་། འགན་འཁྲི་འགན་འཁུར་ཤུགས་ཆེ་རུ་གཏོང་བ། ནུས་པ་ཆུ་སྙོམས་ཆེ་རུ་གཏོང་བ་བཅས་ཏན་ཏིག་བྱས་ཏེ། མང་ཚོགས་ལ་འགྱུར་ལྡོགགསར་པ་ཚོར་ཐུབ་པ་དང་ཕན་འབྲས་ངོ་མ་ཐོབ་པར་བྱེད་དགོས།
“སྒྱུར་བཅོས་གསུམ་”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལྕགས་དམག་བསྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་ཅི་ཞིག་བྱེད་མཁན་ཡིན་པ་བློ་ལ་བརྟན་པོར་ངེས་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་འཁུར་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་།འཇོན་ཐང་ཆེ་བ།སྤྱོད་ཚུལ་བཟང་བ།སྤྱོད་གཙང་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བླང་བྱ་གལ་ཆེན་སྤྱི་འདོམས་སུ་བྱས་ཏེ་ལྷག་བསམ་རྣམ་དག་དང་།སྤྱོད་གཙང་།འགན་འཁྲི་འཁུར་ཕོད་པ།འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས།
“དཔུང་ཁག་འཛུགས་སྐྱོང་གི་སྲོག་ཤིང་ནི་ཚན་ཁག་ཡིན”མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལའེ་མིང་གིས་བཤད་རྒྱུར། མཚོ་བྱང་ཁུལ་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་སྣེ་ཁྲིད་དེ་མི་དམངས་ཀྱི་ཆེད་དུ་དམག་འཐབ་དང་དངོས་སྒྲུབ་ལ་བརྟེན་ནས་གྲུབ་འབྲས་ཐོན་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ནན་པའི་ཐོག་ནས་དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་སྟོན་ཕྱོགས་དེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་བྱས་ཡོད།དེ་དང་ཆབས་ཅིག་དངོས་འཐབ་དམག་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ“ལས་བཟོ་ཡོངས་ལ་ལྟ་སྐུལ་དང་ལས་བཟོ་ཡོངས་ཀྱིས་གྱོད་གཞི་སྒྲུབ་པའི”ལས་ཀའི་རྣམ་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་།ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་དབང་ཆ་གཅིག་སྡུད་དང་།མ་དངུལ་གཅིག་སྡུད།ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས།གཙོ་གནད་ལས་རིགས་མ་ལག་བཅས་ལ་དམ་པོར་དམིགས་ཏེ“གཙོ་འགན་འཁུར་མཁན”དང་ན་གཞོན་ལས་བྱེད་པའི་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡུས་པིན་གྱིས་བཤད་རྒྱུར། “ཟབ་གཏོང”དང“གཞན་སྒྱུར”ཐད་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་གཏན་གྱི་སློབ་སྦྱོང་སློབ་གསོའི་ནང་ཁྱབ་པ་བྱས་ཏེ་དཔུང་ཁག་རྦད་དེ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་རྩ་བ་བརྟན་དུ་བཏང་སྟེ་ཀྲུང་དབྱང་དང་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་བླང་བྱ་དང་བསྟུན་ནས་ལྟ་སྐུལ་སྒྲིག་བསྟར་ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལེ་ལག་ཚང་བའི་ལམ་ལུགས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་བཟོ་བཅོས་འཐུས་ཚང་དུ་བཏང་བ་དང་།ལྷག་པར་དུ་གཞི་རིམ་གྱི་ལྟ་སྐུལ་དང་ཁུལ་དང་རྫོང་གི་ལས་ཀའི་ཁྱད་ཆོས་ལ་དམིགས་ནས་བཀོལ་སྤྱོད་སྒྲིག་སྲོལ་ཞིབ་ཕྲ་བཟོས་ཏེ་ལམ་ལུགས་ཀྱི་གཅུན་སྡོམ་ནན་པོའི་འོག་དབང་ཆ་སྤྱོད་ཐུབ་པ་བྱས་ཡོད།ནུས་པ་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་།དངོས་འཐབ་དམག་སྦྱོང་ལ་ཤུགས་སྣོན་རྒྱག་པ།ཁྲིམས་སྐྱོང་གི་བསམ་གཞིགས་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་གྱོད་གཞི་སྒྲུབ་པ་དང་ལྟ་སྐུལ་བྱེད་པའི་ནུས་པ་གཙོ་གནད་དུ་བཟུང་ནས་ཆེ་རུ་བཏང་སྟེ་འགན་འཁྲི་སྒྲུབ་ནུས་ཀྱི་ཞན་ཆ་གསབ་དགོས།