[ལོ་གསར་གཞི་རིམ་དུ་སྐྱོད]གངས་རིའི་འདབས་ཀྱི་ཚེ་སྲོག་གི་སྡོང་བོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཁོ་ལུའུ་ཁོ་གྲོང་རྡལ་གྱི་གློག་བརྙན་རིག་གནས་ཡུལ་སྐོར་རྟེན་གཞིའི《ཚེ་སྲོག་གི་སྡོང་བོ》ཕབ་སྐྲུན་བྱེད་སར་བཅར་འདྲི་བྱས་པ། 

“ང་སྐྱེ་སར་གངས་རི་མཐོང་ཐུབ་ཅིང་དེའི་འདབས་སུ་ངེད་ཚང་གི་གཞིས་ཁྱིམ་ཡོད། ངས་ཁྱེད་ལ་འདི་གའི་ང་ཚོའི་ཐོས་མྱོང་བ་དང་མཐོང་མྱོང་བ། ཚོར་མྱོང་བ་བཅས་བརྗོད་ཆོག་ཅིང་། ཁྱེད་ལ་ང་ཚོའི་ཕྱིར་དྲན་གྱི་ལོ་ཟླའང་བརྗོད་ཆོག གངས་རི་ཡིས་ང་ཚོས་ད་ལྟ་བསམ་བཞིན་པ་དང་མ་འོངས་པའི་དྲན་པ་དག་སེམས་སུ་ཉར་ན་སྒམ་བརླིང་དང་བརྗིད་ཆགས་ཀྱིས་གནས་དེ་རུ་འདུག་པས། ཁྱེད་ཀྱིས་གནས་མཇལ་ཐེངས་ཤིག་བྱེད་པར་འཚལ”ཞེས་བཤད།འདི་ནི་ཉེ་ཆར་གཏོང་བའི་གློག་བརྙན《ཚེ་སྲོག་གི་སྡོང་བོ》ཞེས་པའི་ནང་འབོད་ཤུགས་ཀྱིས་ཁེངས་པའི་ཁེར་ལབ་ཅིག་རེད།

ཟླ་2ཚེས་2ཉིན། ནུབ་མཚོ་གྲོང་ཁྱེར་ཚགས་པར་སྨྱན་སྦྱོར་འཕྲིན་སྤེལ་ཚོགས་པ“ལོ་གསར་གཞི་རིམ་དུ་སྐྱོད”ཅེས་པའི་ས་ཚིགས་དང་པོ་དེ་གློག་བརྙན《ཚེ་སྲོག་གི་སྡོང་བོ》ཅེས་པའི་ལྟེ་བའི་ཕབ་སྐྲུན་བྱེད་ཡུལ་དུ་ཡོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་གྱི་གློག་བརྙན་བརྙན་འཕྲིན་རིག་གནས་ཡུལ་སྐོར་རྟེན་གཞིར་བསྐྱོད་དེ“ཚེ་སྲོག་གི་སྡོང་བོ”དེ་དངོས་ཡོད་འཇིག་རྟེན་དུ་ཇི་ལྟར་བྱས་ནས་རྩ་ལག་གསར་པ་ཆགས་པར་བཅར་འདྲི་བྱས་པ་རེད།

གངས་རིའི་འོག་ཏུ“ཚེ་སྲོག་གི་སྡོང་བོ”ཞིག་རྩ་བ་ཚུགས་ཡོད།

ཟླ་2ཚེས་2ཉིན་གྱི་ཞོགས་པ་སྔ་པོ་ནས་རླངས་འཁོར་བསྡད་དེ་དྲང་པོའི་གཞུང་ལམ་བརྒྱུད་སྤྱི་ལེ་བཅུ་གྲངས་ཀྱི་ཕྱི་རོལ་དུ་ཡོད་པའི་ཁོ་ལུའུ་ཁོ་གྲོང་རྡལ་དུ་བསྐྱོད་པ་དང་སྐར་མ་40ཙམ་སོང་རྗེས་བཟོ་སྐྲུན་ཚོགས་པ་ཞིག་མིག་ལམ་དུ་འཆར་བ་སྟེ།དེ་ནི་སྒོ་ཕྱེ་མ་ཐག་པའི་ཁོ་ལུའུ་ཁོ་གྲོང་རྡལ་གྱི་གློག་བརྙན་བརྙན་འཕྲིན་རིག་གནས་ཡུལ་སྐོར་རྟེན་གཞི་ཡིན་པ་རེད།

རྟེན་གཞིར་སྐྱོད་སྐབས་རྒྱལ་སྒོའི་འགྲམ་དུ་སྦག་སྦག་རྙིང་པ་ཁ་ཤས་བཞག་ཡོད་པ་དང་རྩི་པགས་ལྷུང་སར་བཙའ་བརྒྱབ་ཡོད་པ་རེད།ཐག་མི་རིང་བའི་སྨན་ཁང་གི་རྣམ་པའི་ནང་བཙའ་ཆགས་པའི་གཤགས་བཅོས་ཡོ་བྱད་དཀར་ཡོལ་ནང་དུ་བཞག་པ་དང་།སེར་པོར་གྱུར་པའི་ནད་ཐོ་ཅོག་ཙེའི་སྟེང་དུ་ཐོར་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཚང་མས་བརྙན་འཕྲིན་ཟློས་གར་ནང་གི་གསོན་ཉམས་ལྡན་པའི་གཏམ་རྒྱུད་དེ་དག་བརྗོད་བཞིན་ཡོད།གླིང་ཁུལ་གྱི་དཀྱིལ་གྱི་ཚོན་ཁྲ་ཅན་གྱི་གྱང་ངོས་སུ་བྲིས་ཡོད་པ་དང་།“ཚེ་སྲོག་གི་སྡོང་བོ”ཞེས་པའི་ཡིག་འབྲུ་ཆེན་པོ་གསུམ་གྱི་ངར་ཤུགས་ཆེན་པོ་ལྡན་པ་དང་།ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་དང་གྱང་ངོས་སུ་བྲིས་ནས་བྱང་བུ་བརྒྱབ་ནས་འཁྲབ་གཞུང་གི་ཐུན་མོང་མ་ཡིན་པའི་མྱོང་ཚོར་དེ་དངོས་ཡོད་འཚོ་བའི་ཁྲོད་རེག་ཐུབ་པའི་གནས་ཤིག་ཡོད་པ་རེད།

《ཚེ་སྲོག་གི་སྡོང་བོ》ཞེས་པའི་རྒྱུ་ཆ་བླངས་པ་དེ་དོན་དངོས་ཀྱི་དོན་རྐྱེན་ཞིག་ཡིན་པ་དང་།ཨ་ཆེན་གངས་རྒྱབ་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱབ་ལྗོངས་སུ་བྱས་ནས་ཁྲག་དྲོན་ལྷག་བསམ་ཟོལ་མེད་ཀྱི་རི་སྐོར་རུ་ཁག་གི་མི་གསར་པ་པའེ་ཅུས(དབྱང་ཙིས་འཁྲབ)ཀྱིས་དད་སེམས་བརྟན་པའི་རུ་དཔོན་རྡོ་རྗེ་(ཧུའུ་ཀོ་ཡིས་འཁྲབ)ཀྱི་སྣེ་ཁྲིད་འོག་རུ་མི་ཚོ་དང་དཀའ་ཉེན་ལ་མི་འཛེམ་པར་ལྐོག་རྔོན་རྒྱག་པར་རྡུང་རྡེག་བཏང་ནས་ཤ་ཁྲག་གི་ལུས་ཕུང་ལ་བརྟེན་ནས་གཙོད་སྲུང་སྐྱོང་དང་།

ཟློས་གར་ཕྱོགས་བསྒྲིགས་ནང་གི་ཐང་རྒོད་དང་ཚེ་སྲོག་བརྟན་སྲུང་བྱེད་པའི་སྐོར་གྱི་དོན་བརྗོད་དེ་དག་དངོས་ཡོད་རྣམ་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་དང་།གཏེར་ལེན་ཁ་བདམས་ནས་ལྟེ་བའི་ཡུལ་ལྗོངས་སུ་གྱུར་པའི་རྒྱབ་ཏུ་ལོ་ལྔའི་བསམ་གཞིག་བྱེད་ཀྱི་ཡོད།གཏེར་ལེན་ཁ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་རིག་གནས་ཡུལ་སྐོར་ཁོའོ་ཡི་ཁོའོ་ཀྲང་ཏུང་ལིང་གིས《ཚེ་སྲོག་གི་སྡོང་བོ》ཞེས་པའི་མཛེས་ལྗོངས་འདེམས་པའི་གྲ་སྒྲིག་ནི་2018ལོ་ནས་འགོ་ཚུགས་པ་ཞིག་རེད།2018ལོ་ནས་2023ལོ་བར་དུས་ཡུན་ལོ་5ཡི་རིང་འཁྲབ་གཞུང་རྩོམ་མཁན་ཚོགས་པ་ཧ་ལམ་མཚོ་སྔོན་གྱི་མངའ་ཁོངས་ཡོངས་སུ་བསྐྱོད་དེ་མི་མངོན་པའི་པར་ལེན་བྱ་ཡུལ་གྱི་རང་བྱུང་ཁོར་ཡུག་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྣམ་པ།ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་ལ་རྟོག་ཞིབ་གཏིང་ཟབ་བྱས་པ་རེད།གཏེར་ལེན་ཁར་མྱ་ངམ་ཐང་དང་།གངས་རི།རྩྭ་ཐང་།མཚེའུ་བཅས་མཉམ་འདྲེས་ཀྱི་སྣ་མང་ས་དབྱིབས་ཡོད་པས་ནུབ་རྒྱུད་ཀྱི་གྲང་ངར་ཆེ་བའི་གདོད་མའི་མཛེས་སྣང་མངོན་ཐུབ་ལ།པར་ལེན་བརྒྱུད་ནས་“རང་བྱུང་ཁམས་སུ་མི་ཆུང་བའི”གཟུགས་བརྙན་གྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་ཐུབ།

“ཟློས་གར་ནང་གི་སྨན་ཁང་ནི་གཏེར་ལེན་ཁ་201སྨན་ཁང་གི་གནས་རྙིང་ཞིག་ཡིན་པ་དང་1958ལོར་བསྐྲུན་པ་དང་།དེའི་ད་ཡོད་ཀྱི་འཛུགས་སྐྲུན་ཚོགས་པས་དུས་རབས་20པའི་ལོ་རབས་90པའི་རྣམ་པ་སོར་འཇོག་བྱས་ནས་ཟློས་གར་ཚོགས་ཆུང་གི་བསྡུར་1གི་བསྡུར་1གི་འཁྲབ་གཞུང་རྣམ་པ་མངོན་ཐུབ་པའི་གདམ་ག་དང་པོར་གྱུར་ཡོད།གཞན་ཡང་ཟློས་གར་ཚོགས་ཆུང་གིས་ད་དུང་གཏེར་ལེན་ཁ་མེ་འཁོར་བབས་ཚུགས་ཀྱི་མཐའ་འཁོར་དུ་རྫོང་གྲོང་ཁྲོམ་གཞུང་དང་རི་སྐོར་རུ་ཁག་གནས་ཡུལ་སོགས་ཀྱི་རྣམ་པ་བསྐྱར་དུ་བརྐོས་ཡོད”ཅེས་ཏུང་ལིང་གིས་བཤད།

ཟླ་1ཚེས་30ཉིན《ཚེ་སྲོག་གི་སྡོང་བོ》ཞེས་པ་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དུས་སྐབས་ཡག་ཤོས་བརྒྱད་སྟོན་འགོ་ཚུགས་པས་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།ཟླ་1ཚེས་31ཉིན་ཟློས་གར་དེའི་ལྟེ་བའི་ཡུལ་ལྗོངས་ལེན་ཡུལ་ཏེ།ཁོ་ལུའུ་ཁོ་གྲོང་རྡལ་གྱི་གློག་བརྙན་བརྙན་འཕྲིན་རིག་གནས་ཡུལ་སྐོར་རྟེན་གཞི་དུས་མཉམ་དུ་སྒོ་ཕྱེ་བ་རེད།མཚོ་སྔོན་གྱི“གློག་བརྙན་དང་བརྙན་འཕྲིན་IP+ཡི་མཉམ་འགུལ”རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཐོག་མ་ཡིན་པའི་གློག་བརྙན་དང་བརྙན་འཕྲིན་རྟེན་གཞི་སྤྱོད་འགོ་ཚུགས་པ་དེས་མཚོ་སྔོན་གྱི་གློག་བརྙན་དང་བརྙན་འཕྲིན་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གྱི་སྟོང་ཆ་བསྐངས་ཡོད་པ་མ་ཟད།རིག་དངོས་བེད་སྤྱོད་ནུས་ལྡན་བྱས་ཏེ་ཞིང་ཆེན་དེ་ཡོངས་སུ་གློག་བརྙན་དང་བརྙན་འཕྲིན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མེ་མདའ་དང་པོ་བརྒྱབ་པ་རེད།

འགྱུར་ལྡོག་བྱུང་བའི་གློག་བརྙན་བརྙན་འཕྲིན་རིག་གནས་ཡུལ་སྐོར་རྟེན་གཞིའི་201སྨན་ཁང་གི་གནས་རྙིང་དུ་སྐྱོད་སྐབས་ཇུས་འགོད་ཞིབ་ཚགས་བྱས་པའི་ཟློས་གར་ནང་ཞུགས་པའི་ཡུལ་སྐོར་ཞིག་རིམ་བཞིན་འགོ་ཚུགས་པ་རེད།ཐོ་འགོད་བྱེད་སར་《རྒྱང་ལྟ་པའི་ཉིན་ཐོ》དང་།དྲན་གསོའི་ལག་ཐགཤིང་བྱང་སྟོང་པ་བཅས་བླངས་རྗེས་ཡུལ་སྐོར་བ་ནི་ཟུར་ལྟ་བྱེད་མཁན་མིན་པར་གཏམ་རྒྱུད་ནང་ཞུགས་མཁན་ཞིག་རེད།

ཡུལ་སྐོར་བ་ས་ཚིགས་དང་པོར་སླེབས་སྐབས།NPC“སྨན་པ”ཡིས“སྒེའུ་ཁུང་ཕྱི་རོལ་གྱི་སྐལ་བཟང་མེ་ཏོག་བཞད་པ་ཧ་ཅང་ཡག་པོ་འདུག”ཅེས་བཤད།ཟློས་གར་ནང་རེ་བ་དང་ཐུགས་ཁུར་བྱེད་པའི་འཁྲབ་ཚིག་དེ་ནི་འགག་སྒྲོལ་གསང་བའི་སྐད་ཆ་ཞིག་རེད།དེ་བསྐྱར་བཤད་བྱས་ཚེ་ཡུལ་སྐོར་བར་“བྱམས་སེམས་རྟགས་མ”དང་པོ་ཐོབ་ཐུབ།ས་ཚིགས་གཉིས་པའི་གཱ་རྒྱག་སར་ཡུལ་སྐོར་བས་ངག་འཕྲིན་དེ“དམག་མི་རྒན་གྲས་”ཞིག་ལ་བརྒྱུད་སྤྲོད་བྱས་ཏེ་ཁོང་གིས་མི་སེམས་འགུལ་བའི་སྤྱིར་བཏང་མིན་པའི་ལོ་ཟླ་དེ་ཉན་རྗེས་བློ་བརྟན་འགྱུར་མེད་མཚོན་པའི་འགྱུར་མེད་ཀྱི་ཐམ་ག་ཞིག་ཐོབ་རྒྱུ་རེད།དེ་རྗེས་སྨན་ཁང་དུ་སྡོད་པའི་ལས་རེས་ཁང་གི་སྐར་ཁུང་ནས་ཆེད་གཏོགས་ཡིག་སྐོགས་བླངས་རྗེས།“ལྟ་སྲུང་ཐམ་པ”བརྒྱབ་ཆོག

དེའི་ནང་བུད་མེད་གཙོ་བོའི་ཁྱིམ་གྱི་སྒོ་རའི་ནང་གི“ཚེ་སྲོག་གི་སྡོང་བོ”དེའི་ཐོག་ཏུ་ལྷུང་ཡོད།ཡུལ་སྐོར་བས་སེམས་ནང་བཅོལ་བའི་ཡིག་སྐོགས་དེ་གནའ་བོའི་ཡིག་སྒམ་ནང་བླུགས་ནས་སྡོང་བོའི་ཡལ་གའི་ཐོག་སྨོན་ལམ་འདེབས་པའི་དར་སྐུད་ཅིག་བཏགས་ཆོག་པ་དང་།མཐར《རྒྱང་ལྟ་པའི་ཉིན་ཐོ》ཐོག་རང་ཉིད་ཀྱི་མིང་བཀོད་པ་རེད།ལས་འགན་རབ་དང་རིམ་པ་ལེགས་གྲུབ་བྱུང་རྗེས་ཡུལ་སྐོར་བས་ཀྱང་ཟློས་གར་ནང་གི་མི་སྣ་དང་བར་སྣང་གི་སྐད་ཆ་ཤོད་རེས་དང་བརྩེ་དུང་གི་མཉམ་སྒྲོག་ལེགས་གྲུབ་བྱུང་བ་དང་འདྲ།

ཏུང་ལིང་གིས་རྟེན་གཞིའི་གསར་གཏོད་རང་བཞིན་གྱི་སྒོ་ནས་NPCམཉམ་འགུལ་དང་ལས་འགན་གྱི་འགུལ་ཐིག་ནང་ཞུགས་པ་དེ་ནི་ལྟད་མོ་བ་ཚོ“ཟློས་གར་ལ་ལྟ་བ”ནས“ཉམས་ལེན་ཟློས་གར”དུ་བསྒྱུར་ཆེད་ཡིན་ཞེས་བཤད་པ་རེད།“སྦངས་རྣམ་+ས་ཁོངས་ཡོངས་འབྲེལ་གཏུག་བྱེད་པའི་”དཔེ་དབྱིབས་དེ་མཚམས་འཇོག་མེད།ཐམ་ག་བརྒྱབ་པའི་ཉིན་ཐོ་འཁྱེར་ནས་ཡུལ་སྐོར་བ་རྟེན་གཞིའི་ཐག་མི་རིང་བའི་ས་རྒོད་གསར་སྦོལ་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་ཆོག་གི་ཡོད།དེ་གར་ལས་དོན་མི་སྣས་ཤིང་བྱང་མེད་པར་ཆེད་གཏོགས་ཀྱི་རྟགས་ཐམ་བརྒྱབ་ཡོད།

“རྟགས་ཐམ་དེ་ཐོག་ནས་སྣོད་བཅུད་སྲུང་སྐྱོང་བྱེད་པ་ནས་གསར་འབྱེད་རྒྱུན་འཛིན་བྱ་རྒྱུ་བློ་ལ་བརྟན་པོར་ངེས་པའི་བར་མཚོན་གྱི་ཡོད།མི་རབས་གོང་མས་ལག་གཉིས་ལ་བརྟེན་ནས་ཐང་རྒོད་དེ་སྔོ་ལྗང་ཁུལ་གྱི་ས་རྒོད་གསར་སྦོལ་གྱི་ལོ་རྒྱུས་སྙན་ངག་ཏུ་བསྒྱུར་བ་དེ་ནི་ད་ཆའི་སྣོད་བཅུད་སྲུང་སྐྱོང་ལས་དོན་མཐའ་དག་ལ་གཞི་ཚུགས་པའི་རྨང་གཞི་ཞིག་རེད”ཏུང་ལིན་གྱིས་འགྲེལ་བཤད་བྱས།

གློག་བརྙན་བརྙན་འཕྲིན་ཟློས་གར་ནས་ས་རྒོད་གསར་སྦོལ་གྱི་ལོ་རྒྱུས་བར།“ལེགས་སྐྱེས་འབུལ་བ”དང“འཛུགས་སྐྲུན”སྐོར་གྱི་མཉམ་སྡེབ་དྲན་ཤེས་གཉིས་དེ་གར་འདྲེས་ནས་ས་གནས་དེ་གའི་རིག་གནས་ཐོན་ཁུངས་ཟབ་མོ་ཞིག་ཀྱང་འཕེལ་ཡོད་པ་རེད།

ས་མཐོའི་ཐོག་གི“སྣོད་བཅུད་སྲུང་སྐྱོང”གི་བསྟོད་གླུ་ཞིག

ཟླ་2ཚེས་2ཉིན་གྱི་སྔ་དྲོ་བུད་མེད་གཙོ་འགན་འཁུར་མཁན་གྱི་སྒོ་རའི་ནང་སི་ཁྲོན་དབྱི་པིན་ནས་ཆེད་མངགས་གཱ་རྒྱག་པར་ཡོང་བའི་ཡུལ་སྐོར་བ་མཁྱེན་ལྡན་མ་ཁྲེན་ལགས་ཀྱིས་སྒོ་རའི་ནང་གི“ཚེ་སྲོག་གི་སྡོང་བོ”ལ་ལྟ་བཞིན་མཆིས།

“བརྙན་འཕྲིན་ཟློས་གར་ལ་བལྟས་རྗེས་ངས་གཞི་ནས་ཁུ་ཁུ་ཤིས་རི་དང་རྒྱལ་བཟང་བསོད་ནམས་དར་རྒྱས་ཀྱི་གཏམ་རྒྱུད་ཤེས་རྟོགས་གཏིང་ཟབ་བྱས་པས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཅེས་བཤད།གཏེར་ལེན་ཁར་མ་སླེབས་གོང་མཁྱེན་ལྡན་མ་ཁྲེན་ལགས་ཆེད་མངགས་ཟི་ལིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་དུ་བསྐྱོད་དེ་རོགས་སྐྱོབ་བྱ་ཡུལ་གསའ་ལ་གཟིགས་པ་རེད།ཁོང་གིས་ཚང་མས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཛུགས་རྒྱུའི་རེ་བ་ཡོད་ཅེས་བཤད།

མཁྱེན་ལྡན་མ་ཁྲེན་ལགས་ཀྱི་རེ་བས་ཀྱང《ཚེ་སྲོག་གི་སྡོང་བོ》ཞེས་པའི་ཟློས་གར་ཚོགས་ཆུང་དང་མཚོ་ནུབ་རིག་གནས་ཡུལ་སྐོར་གྱི་ལག་ལེན་གྱི་དམིགས་ཡུལ་ཟབ་མོ་ར་སྤྲོད་བྱས་པ་སྟེ།“ཚེ་སྲོག་གི་སྡོང་བོ”ནི་དངོས་ལུགས་ཀྱི་དོན་སྙིང་ལྡན་པའི་ཤིང་སྡོང་ཞིག་གཏན་ནས་མིན་ལ།མི་སེམས་ཁྲོད་རང་ཤུགས་སུ་སྐྱེས་པའི་སྣོད་བཅུད་དད་མོས་ཤིག་ཀྱང་ཡིན།ཟློས་གར་ཕྱོགས་བསྒྲིགས་ཀྱིས་བརྒྱུད་སྤྲོད་བྱས་པ་ལྟར།སེམས་སུ་སྡོང་བོ་ཡོད་ན།ཉེ་འགྲམ་དུ་ད་གཟོད་སྔོ་ཞིང་དྭངས་པའི་རི་ཆུ་ཡིན།

ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པར་གཞི་ཚུགས་ཏེ་མིག་སྔར་གཏེར་ལེན་ཁ་ཡིས་ཁོ་ལུའུ་ཁོ་ས་རྒོད་གསར་སྦོལ་རིག་གནས་ཡུལ་སྲོལ་གོམས་གཤིས་གྲོང་རྡལ་ཆུང་ངུ་དང་ཁོ་ལུའུ་ཁེ་མཚེའུ་སོགས་ལྟེ་བའི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་བསྡུ་སྒྲིལ་གཏིང་ཟབ་བྱས་ནས་ས་མཐོའི་སྣོད་བཅུད་དང་གསར་བརྗེའི་ས་རྒོད་གསར་སྦོལ་སོགས་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཀྱི་རྒྱུ་རྐྱེན་གཙོ་བོ་སྦྲེལ་མཐུད་བྱས་ཏེ“གློག་བརྙན—ས་རྒོད་གསར་སྦོལ་རིག་གནས་ཞིབ་སྦྱོང”དང“སྐྱེ་ཁམས་ལྗོངས་གཟིགས—གློག་བརྙན་ཉམས་ལེན”གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ལམ་ཐིག་བསྐྲུན་ཏེ། གློག་བརྙན་དང་རིག་གནས་ཡུལ་སྐོར་གྱི་ལས་རིགས་གཞི་རྒྱ་ཅན་དང་ཁྱད་ཆོས་ཅན་དུ་རིམ་སྤོར་ཐུབ་པར་སྐུལ་འདེད་བྱ་དགོས།

“དུས་མཇུག་ཏུ་ང་ཚོས་ཁོ་ལུ་ཁོ་གྲོང་རྡལ་ལྟེ་བའི་ཁྱབ་འགྱེད་ས་ཚིགས་སུ་བྱས་ནས་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་དང་འཐུ་བསྡུའི་ཉམས་ལེན་སོགས་ཀྱི་ལས་རྣམ་རིམ་བཞིན་རྒྱ་ཆེར་བཏང་ནས་ས་ཁོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་མཛེས་ལྗོངས་འབྲེལ་མཐུད་བྱ་རྒྱུ་ཡིན།གཏེར་ལེན་ཁ་ཁྲེང་གིས་རྒྱལ་ཡོངས་ཀྱི་ལྟད་མོ་བ་དང་རིག་གནས་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་གདན་ཞུ་བྱས་ཏེ་གཱ་ལེན་པར་ཡོང་ནས‘འོད་གཟུགས+སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས’ཟུང་དུ་འབྲེལ་བའི་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་འགོ་འཛུགས་རྒྱུ་ཡིན”ཅེས་ཏུང་ལིན་གྱིས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།