ལོ་ངོ39རིང་ལ་མཐོ་སྒང་གི“ལྷ་གཡག”སྲུང་སྐྱོབ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

——མཚོ་སྔོན་ཡུལ་ཤུལ་གྱི་འབྲོག་པ་སུང་རེན་ཏེར་བཅར་འདྲི་བྱས་པ།

ལོ་གསར་ཐོན་ལ་ཉེ་བའི་དུས་འདིར། མཚོ་སྔོན་ཡུལ་ཤུལ་རྩྭ་ཐང་དུ་འཁྱག་རླུང་གིས་ཁུར་པའི་ཁངས་རྡོག་རེ་རེ་འབྲོག་པའི་སྦྲ་གུར་ཐོག་ལྷུང་སྟེ། སྐྱིན་ཐང་གི་ངར་ཁ་རྒོད་པོ་དེ་མཚོ་འཕགས་སྨི4200ཡི་མཐོ་སྒང་དུ་བར་མེད་དུ་ལྡང་བཞིན་མཆིས།

གསར་འགོད་པས་སུང་རེན་ཏེ་ཡི་བློ་བརྟན་འགྱུར་མེད་ཀྱི་གོམ་སྟབས་དང་བསྟུན་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཞིབ་དབུས་གྲོང་རྡལ་སེབ་པ་སྨད་མ་སྡེ་བར་བསྐྱོད། རྒྱུས་མངའ་ཆེ་བའི་གོམ་སྒྲ་ཐོས་རྗེས་འབྲོག་པ་ཚེ་ཝུན་གྱིས་འཕྲལ་དུ་གུར་གྱི་སྒོ་ཡོལ་ཆེན་པོ་ཕྱེ་ནས་གྲང་རླུང་གི་མདུན་དུ་བསྐྱོད་དེ་སུང་རེན་ཏེའི་ལག་པར་དམ་པོར་འཇུས་ནས“ཀྲན་ཀྲང་སུང་ལགས།ཁྱེད་རང་ཕེབས་བྱུང་།གུར་ནང་དུ་འོ་ཇ་འཐུང་ནས་ལུས་པོ་དྲོ་རུ་འགྲོ་གི་འདུག”ཅེས་བཤད།

“སྔོན་ལ་ནོར་ལ་ལྟོས་དང་།ཉིན་འདི་དག་གི་རིང་ལ་དྲོད་ཚད་ཇེ་དམའ་རུ་འགྲོ་བས་ནོར་གནག་གི་ཤ་ཤེད་ཆེས་གནད་འགག་ཡིན”སུང་རེན་ཏེས་འཛུམ་དམུལ་དམུལ་ངང་ནོར་ཁྱུའི་ཕྱོགས་སུ་བསྐྱོད་དེ་མིད་པའི་ནང་གི་གཟན་རྩྭ་ལྷག་མ་འཐེན་བཞིན་ལག་པས་ཚོད་ལྟའི་ཁང་པའི་ས་ངོས་ཀྱི་བརླན་ཚད་ཚོད་ལྟ་ཡང་ཡང་བྱས་པ་དང་།“དཔྱིད་གསར་གྱི་སྔ་རྗེས་སུ་དྲོད་ཚད་ད་དུང་ཆེ་རུ་འགྲོ་གི་ཡོད་པས་གསོག་འཇོག་བྱས་པའི་གཟན་རྩྭ་ངེས་པར་དུ་བརླན་འགོག་བྱེད་དགོས་པ་ལས་ནོར་ནག་གི་གྲོད་པ་ལྟོགས་སུ་འཇུག་པ་དང་ནད་གཞི་མི་ཕོག་པ་བྱེད་དགོས་”ཞེས་བཤད།

“ཁྱེད་རང་ཐུགས་བློ་བདེ་པོ་གནང་དང་།ཁྱེད་རང་གིས་བསླབས་པའི་ཐབས་ལྟར་ན།དགུན་ཁ་ནོར་གནག་གི་ཤ་ཤེད་རྩ་བ་ནས་མ་ཉམས་པར་སྟོན་ཀ་ལས་ཀྱང་ལུས་སྟོབས་རྒྱས་འདུག”ཚེ་དབང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་ཕྱིར་བཤད།

གསར་འགོད་པའི་མིག་ལམ་དུ་འཆར་བའི་སུང་རེན་ཏེ་ནི་སྐྱ་ཐིང་ངེར་གནས་པ་དང་བབ་ཆགས་པ་ཞིག་ཡིན་པས་འབྲོག་པས“རྟེན་གཞི”ཞིག་ཏུ་བརྩི་གི་ཡོད།ཁོང་ནི་ཡུལ་ཤུལ་ཁུལ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཁྱབ་གདལ་ཞིབ་འཇུག་པ། རྒྱལ་ཁབ་བཤས་ཕྱུགས་དང་ནོར་ནག་ཐོན་ལས་ལག་རྩལ་མ་ལག་ཡུལ་ཤུལ་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་རེད། ལོ་39དང་14000ལྷག་ཙམ་རིང་འབྲོག་དུད་དང་།མཉམ་ལས་ཁང་།འབྲོག་ར་བཅས་དབར་བསྐྱོད་དེ་གཞོན་ནུ་སློབ་མ་ནས་འབྲོག་པས་བློས་འགེལ་ཆོག་པའི་འབུམ་རམས་པ་ཞིག་ཏུ་གྱུར་པའི་བར་ཁོང་གིས་ལང་ཚོ་དང་ཚེ་གང་གི་སེམས་ཤུགས་ཚང་མ་དེ་གའི་འབྲོག་པ་དང་ནོར་ནག་ལ་ཕུལ་བ་རེད།ཁོང་དང་མཉམ་དུ་འབྲོག་དུད་ལ་བཅར་འདྲི་དང་འབྲོག་རར་ལྟ་ཞིབ་ཐེངས་མང་བྱས་པ་དང་འབྲོག་པའི་ཁ་ནང་གི་ཁོང་སྐོར་གྱི་གཏམ་རྒྱུད་རེ་རེ་ཉན་སྐབས་གསར་འགོད་པས་མྱོང་ཚོར་ཟབ་མོ་བྱུང་ནས་ཁོང་ས་མཐོར་གཞི་ཚུགས་པའི་དུས་ཡུན་རིང་པོར་ཕྱིར་དྲན་བྱས།

ཐོག་མའི་བསམ་འདུན་མི་བརྗེས་པར་ས་མཐོར་གཞི་ཚུགས་པ།

ལོ་39ཡི་གོང་གི་དབྱར་ཁ་དེར་སུང་རེན་ཏེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཡུལ་ཤུལ་དུ་བསྐྱོད་རྒྱུ་སེམས་ཐག་བཅད།

ལོ་དེར་མཐོ་རྒྱུགས་ནང་འཛིན་གྲྭ་གཉིས་ཀྱི་སློབ་ཆེན་སློབ་མ་6ཐོན་པ་དང་། སུང་རེན་ཏེས་ཕུལ་བྱུང་གྲུབ་འབྲས་ཐོག་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མུན་ཡོན་ཧུད་རིགས་རང་སྐྱོང་རྫོང་ནས་མཚོ་སྔོན་འབྲོག་ལས་ཕྱུགས་རིགས་སྨན་པའི་སློབ་གླིང(ད་ཆ་མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང)དུ་བདེ་བླག་ངང་རྒྱུགས་འཕྲོད་ཡོད།1986ལོར་དབྱར་དུས་སློབ་གྲྭ་ཐོན་སྐབས་སློབ་གྲྭར་ཡོད་རིང་རྣམ་འགྱུར་མངོན་གསལ་དོད་པོ་ཡོད་པས་སྡེ་ཁག་གིས་ཁོང་ཟུར་ཁྲིད་པའི་འགན་འཁུར་རྒྱུའི་ཐག་བཅད།

སྐབས་དེར་ལོ་20ལ་སོན་པའི་སུང་རེན་ཏེ་ཡིས་གཏན་འཇགས་ཀྱི་སློབ་གྲྭར་སྡོད་པའི་གདན་ཞུ་དེ་དང་ལེན་མ་བྱས།“ང་འབྲོག་ཁུལ་དུ་ནུས་པ་འདོན་སྤེལ་བྱེད་པར་འགྲོ་དགོས”ཞེས་པའི་ལྷག་བསམ་ཟོལ་མེད་ཀྱི་ཐོག་མའི་བསམ་འདུན་བཅངས་ནས་ཁོང་གིས་རང་འགུལ་ངང་ས་བབ་མཐོ་བ་དང་ཆ་རྐྱེན་ཞན་པའི་ཡུལ་ཤུལ་དུ་བསྐྱོད་རྒྱུའི་རེ་བ་ཞུས།

“1986ལོའི་ཟླ་7ཚེས་17ཉིན་ང་རང་ཡུལ་ཤུལ་དུ་བསྐྱོད་པའི་དུས་གཏན་རླངས་འཁོར་ནང་བསྡད་པ་ཡིན།ལམ་ཐག་སྤྱི་ལེ་829ཙམ་ལ་ཉིན་4བསྐྱོད་རྗེས་རླངས་འཁོར་གྱི་གླ་ཆ་སྒོར་23ཡིན་པ་བརྗེད་མེད”ཅེས་ཡུལ་ཤུལ་དུ་ཐོག་མར་བསྐྱོད་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་སུང་རེན་ཏེས་ཞིབ་ཕྲའི་གནས་ཚུལ་ཚང་མ་གསལ་པོར་ངེས་ནས“པ་ཡན་ཁ་ལར་བརྒལ་སྐབས་ལས་རིགས་གཅིག་པའི་སློབ་གྲོགས་འགའ་ཞིག་ལ་ས་མཐོར་མི་འཕྲོད་པའི་གནས་ཚུལ་ཚབས་ཆེན་ཐོན་པ་དང་འགའ་ཞིག་ངུ་བཞིན་ཕྱིར་ལོག་བྱེད་འདོད་ཡོད”།

“མི་ཚང་མས་ཡུལ་ཤུལ་ལ་དཀའ་ངལ་ཡོད་ཅེས་ཤོད་ཀྱི་ཡོད།འོན་ཀྱང་ང་གཏན་ནས་སྐྲག་མྱོང་མེད།འདི་གའི་ནོར་ལུག་ཡག་པོ་འཚོ་ཐུབ་ན་ངས་མི་བྱེད་དོན་ཅི་ཡིན”རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་དུ་ལམ་རྒྱུད་ཀྱི་རྩྭ་ཐང་སྔོ་ཐིང་ནས་རིམ་བཞིན་ཡངས་ཤིང་རྒྱ་ཆེ་བར་གྱུར་ཡོད།ཁོང་གི་སེམས་ནང་གི་དད་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།“ང་སློབ་ཆེན་གྱིས་འབྲོག་ལས་ལ་ཆེད་མངགས་རོགས་སྐྱོར་བྱེད་ཀྱི་ཡོད།དེ་གའི་ནོར་ལུག་དང་འབྲོག་པར་ཆེད་ལས་ཀྱི་སྟོབས་ཤུགས་དགོས་ཀྱི་ཡོད།དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དངོས་ཤིག་མ་རེད་དམ”།

ཡུལ་ཤུལ་དུ་འབྱོར་མ་ཐག་སུང་རེན་ཏེས་དང་ལེན་བྱས་པའི་ཆེད་ལས་ལས་དོན་ནི་སྔོན་རབས་པ་དང་མཉམ་དུ་འབྲོག་ཁུལ་གྱི་ཐོན་ཁུངས་བརྟག་དཔྱད་དང་ས་ཁོངས་འཕེལ་རྒྱས་ཀྱི་སྙན་ཞུ་རྩོམ་སྒྲིག་བྱས་ཏེ་སྔ་རྗེས་སུ་རྫ་སྟོད་དང་ཆུ་དམར་ལེབ་རྫོང་གཉིས་ཀྱི་དཔྱད་ཡིག་བསྡོམས་རྩིས་དང་ཐོན་ཁུངས་བརྟག་དཔྱད་ལས་དོན་ནང་ཞུགས་པ་དེ་རེད།

“ཉིན་མོར་ཕྱུགས་རིགས་རི་ནང་དུ་འཛུལ་ནས་ཐོན་སྐྱེད་ནུས་པའི་ཚད་འཇལ་གཏན་འཁེལ་བྱེད་སྐབས་ཐོ་རེངས་དང་ས་སྲོས་སུ་བྱེད་ཀྱི་ཡོད།ང་ཚོས་ཞོགས་པ་སྔ་པོ་ནས་ལངས་ཏེ་གྲོང་ཚོ་དང་མཉམ་ལས་ཁང་དུ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་སྒོ་རྩར་བསྐྱོད་དེ་ཟིན་ཐོ་འགོད་ཀྱི་ཡོད”སུང་རེན་ཏེས་གསར་འགོད་པར“རྟ་དང་།ནོར།ལུག་བཅས་ཀྱི་སྐྱེ་འཚར་ནུས་པ་དང་།ལུས་པོའི་ལྗིད་ཚད།ཤ་རྒྱུ།བཤས་གཏོང་ཚད་སོགས་དམིགས་ཚད་ཚང་མ་མི་ཐབས་ལ་བརྟེན་ནས་ཚོད་རྩིས་འབོར་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད་པ་དང་སྐབས་རེ་གྲངས་གཞི་ཁག་གཅིག་གནད་སྨིན་ཞིབ་བསྡུར་བྱ་ཆེད་ཐ་ན་རྩིས་ཆས་སྤྱད་ནས་ཉིན་གཉིས་གསུམ་རྩིས་རྒྱག་དགོས་ཀྱི་ཡོད”ཅེས་བཤད།

གུར་གཅིག་དང་།མི་བདུན་གྱི་རོགས་པ།ལྗིད་ཐེག་རླངས་འཁོར་གཅིག་བཅས་ཀྱིས་ལྕི་བ་བསྲེགས་ནས་དྲོད་ལེན་པ་དང་གངས་རི་འཐུང་བ་སོགས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་སུང་རེན་ཏེས་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཐབ་ས་དང་པོར་གཞི་ཚུགས་ཏེ་གོམ་སྟབས་སྤོས་ནས་རྩྭ་ཐང་ཚད་འཇལ་བ་དང་གྲངས་གཞིའི་ཐོག་ནས་ནོར་ལུག་ཟིན་ཐོར་བཀོད་པ་རེད།སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ་དེས་ཁོང་གི་བློ་སྟོབས་དང་གཤིས་རྒྱུད་ལ་ངར་ལྡུད་ཐུབ་པ་མ་ཟད།ཁུལ་དེ་ཡོངས་ཀྱི་ཕྱུགས་ཟོག་གི“རྩིས་ཐོ”དེ་བས་གསལ་རྟོགས་ཐུབ་ནས་རྗེས་ཀྱི་ཚན་ཞིབ་ལས་དོན་དང་ས་གནས་དེ་གའི་ནོར་ནག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

འགག་སྒྲོལ་གྱི་རྣམ་པ་གཏོར་ནས་གསོ་སྤེལ་ནུས་པ་འདོན་སྤེལ་བྱེད།

ལས་ཀ་བྱེད་རིང་སུང་རེན་ཏེས་ས་གནས་དེ་གའི་ནོར་ནག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་མགྱོགས་མྱུར་རྙེད་པ་སྟེ།གཟུགས་པོ་རྒྱས་པ་དང་།སྐྱེ་འཚར་མགྱོགས་པ།སྣ་ཁའི་ཁྱད་ཆོས་མངོན་གསལ་དོད་པ།ལྡོག་འགོག་རང་བཞིན་ཆེ་བ་བཅས་རེད།དེས་ཁོང་གིས་ནོར་ནག་ལ་ཞིབ་འཇུག་བྱེད་པའི་སྤྲོ་སེམས་འཕེལ་བ་དང་ཁོང་གིས་ལེགས་ཆ་དེ་འབྲོག་པའི་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་སུ་འགྱུར་རྒྱུའི་སེམས་ཐག་བཅད་པ་རེད།

དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་འབྲོག་པ་ཚང་མས“ལག་ཡོད་བཤས་གཏོང་ཚད་ཇི་ཙམ་མང་ན་དེ་ཙམ་གྱིས་ཕྱུག་པོར་འགྱུར་བའི”འདུ་ཤེས་རྙིང་པ་བཅངས་ནས་ནོར་ནག་གཅིག་གིས་རྟག་ཏུ་ལོ་བརྒྱད་དགུ་ཙམ་གསོས་རྗེས་གཞི་ནས་བཤས་གཏོང་གི་ཡོད།ཡུན་རིང་སོང་རྗེས་རྩྭ་ཕྱུགས་ཀྱི་འགལ་བ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་སྟེ།རྩྭ་ར་རིམ་བཞིན་ཉམས་ཞན་དུ་སོང་བ་དང་།ནོར་ལུག་གི་ལྟོ་བ་མི་རྒྱགས་པ་དང་།ལུས་སྟོབས་མི་རྒྱས་པ།ཕྱུགས་རིགས་ཉམས་ཞན་དུ་འགྲོ་བ་བཅས་ཀྱི་རྐྱེན་གྱིས་རིན་གོང་མཐོ་པོ་མེད་པ་དང་།ཤི་ཚད་ད་དུང་མཐོ་རུ་ཕྱིན་ནས“ཇི་ཙམ་གསོས་ན་དེ་ཙམ་གྱིས་དབུལ་པོ་ཆགས་པ་དང་།ཇི་ཙམ་དབུལ་ན་དེ་ཙམ་གྱིས་གསོ་བའི”འཁོར་རྒྱུག་ངན་པའི་གནས་སུ་གྱར་ཡོད།

དཀའ་ངལ་ཇི་ལྟར་སེལ་དགོས།རྩྭ་ཕྱུགས་ཀྱི་རྩོད་གཞི་ཐག་གཅོད་བྱེད་དགོས་ལ་འབབ་འཕར་དང་ལྗང་མདོག་སྲུང་སྐྱོང་ལའང་ལྟ་རྟོག་བྱེད་དགོས་སམ།སུང་རེན་ཏེས་ཉིན་མཚན་མེད་པར་བསམ་བློ་བཏང་རྗེས་གཞི་ནས་བསམ་ཕྱོགས་གསལ་པོ་ཞིག་ཤེས་པ་སྟེ།ནོར་ནག་དང་བོད་ལུག་འདེབས་གསོ་དང་།རིམས་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན།འཚོ་བཅུད་སྙོམས་སྒྲིག་བཅས་ཀྱི་དོན་ཆེན་གསུམ་པོ་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པ་ལས་གཅིག་ཀྱང་ཆད་མི་རུང་།ནོར་གནག་གི“དབྱར་སྐྱེས་སྟོན་ལུད་དང་དགུན་དུས་སྐམ་ཞིང་དཔྱིད་ཀ་ཤི་བའི”མཐུ་སྔགས་སེལ་ཆེད།སུང་རེན་ཏེས་སྔོན་ལ་ནོར་ནག་འདེབས་འཛུགས་ཀྱི་སྐུལ་ཁྲིད་བྱེད་སྟངས་བཏོན་ནས“ཕྱུགས་འཚོ་བ་དང་གཟན་ཆས་གསབ་སྣོན”གྱི་ནུས་ཆེའི་གསོ་ཚགས་ལག་རྩལ་གསར་གཏོད་དང་ཁྱབ་གདལ་བཏང་བ་རེད།

ཁྱབ་གདལ་བཏང་མ་ཐག་དཀའ་ངལ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་སྟེ།མི་རབས་ནས་མི་རབས་བར་བརྒྱུད་པའི་གསོ་ཚགས་ཀྱི་གོམས་གཤིས་རྩ་བ་བརྟན་པོ་ཡོད་པས་འབྲོག་པ་ཚོས་ལས་སླ་པོར་འགྱུར་ལྡོག་གཏོང་འདོད་མེད།སུང་རེན་ཏེས་སྔོན་ལ་ཚོད་ལྟ་བྱས་ཏེ་ཚེ་རིང་སོགས་འབྲོག་དུད་དེ་བཤས་གཏོང་དཔེ་སྟོན་དུད་ཚང་དུ་བརྩིས་ནས་གཏན་འཁེལ་བྱས་པའི་ལས་འགན་དེ་རྫ་སྟོད་རྫོང་ཨ་སྟོད་ཤང་ཝ་ཧོ་གྲོང་ཚོའི་བྱུ་རུའི་འབྲོག་ལས་མཉམ་ལས་ཁང་དེ་སྔོན་གྱི་འོ་མ་གཅོད་སའི་འགག་གནད་དུ་བརྩི་རྒྱུའི་གཏན་འབེབས་བྱས་པ་རེད།

སྲོལ་རྒྱུན་གྱི་གསོ་སྤེལ་ཁྲོད།མོ་ཕྱུགས་ཀྱིས་བེའུ་བཙས་རྗེས་ཟླ་16ལ་ནུ་མ་བསྣུན་རྗེས་ད་གཟོད་འོ་མ་གཅོད་དགོས་པ་དང་།ཁོས་བཏོན་པའི་ཕན་ནུས་ཆེ་བའི་གསོ་སྤེལ་བྱེད་ཐབས་ཀྱིས་ཟླ་4ལ་འོ་མ་གཅོད་དགོས་པའི་རེ་བ་བཏོན་པ་དང་།མཉམ་ལས་ཁང་གི་རྒན་རྒོན་ཚོས་ཚོད་ལྟ་བྱེད་འདོད་མེད།གནས་ཚུལ་དེ་མཐོང་རྗེས།སུང་རེན་ཏེ་ཡིས་མི་ཚང་མའི་མདུན་ནས་དམག་བཀའ་ཡི་གེ་བླངས་ཏེ།“ཐབས་འདི་ལ་བརྟེན་ནས་ཤོགངོ་མ་ནོར་གནག་གཅིག་ཤི་སོང་ན།ངས་སྐྱིན་ཚབ་ཅིག་འཇལ་དགོས”ཞེས་བཤད།སྐད་གསང་མཐོན་པོས་ཁས་ལེན་བྱས་པ་དེས་ཡུལ་མི་ཚོས་སེམས་ཁྲལ་བྱས་ནས་ཚོད་ལྟ་ཞིག་བྱེད་འདོད་ཡོད།

ཁོང་གིས་ཚོགས་མི་ཚོ་ཁྲིད་དེ་ཕྱུགས་ཟོག་བཤས་གཏོང་བའི་བསྡུར་ཚད་བཟོས་ནས་རིན་མེད་ངང་གཟན་རྩྭ་སྐྱེལ་བ་དང་འབུ་འདེད་སྨན་སྤྲད་པ་དང་།ལག་པས་བེའུ་ལ་འོ་མ་གཅོད་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆས་གསབ་རྒྱུ་ཁྲིད།དགུན་ཁ་ཞིག་འདས་པའི་བྱས་རྗེས་ངོ་མཚར་ཅན་ཞིག་བྱུང་བ་སྟེ།མཉམ་ལས་ཁང་ནང་གི་ཁག་དང་པོའི་འོ་མ་ཆད་པའི་ཚོད་ལྟའི་ནོར་ནག་གི་ལུས་པོའི་ལྗིད་ཚད་མངོན་གསལ་དོད་པོས་འཕར་བ་དང་།མོ་ཕྱུགས་ལ་ལོ་རེར་ཕྲུ་གུ་གཅིག་སྐྱེ་ཚད་ཆེས་ཆེར་འཕར་བ།ནོར་ཁྱུ་སྤྱིའི་ཤི་ཚད་ཆག་པ།བཤས་གཏོང་ཚད་ཆེས་ཆེར་འཕར་བ་བཅས་ཀྱི་ཐོག་ནས་ཚོགས་མི་ཚོའི་ཡོང་འབབ་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ཡོད།གནས་ཚུལ་དེ་ཐོས་རྗེས་མཉམ་ལས་ཁང་གི་སྐད་འཕྲིན་ཚོགས་པའི་ནང་འཁྲུག་ཆ་དོད་དུ་ཕྱིན་ནས་ཚང་མས་བསྔགས་བརྗོད་ཆེན་པོ་བྱས་པ་དང་ཉེ་འཁོར་གྱི་འབྲོག་པས་ཀྱང་འདུ་ཤེས་རྙིང་པར་འགྱུར་ལྡོག་ཕྱིན་ནས་རང་འགུལ་ངང་ལག་རྩལ་གསར་པ་སྦྱོང་འདོད་བྱེད་ཀྱི་ཡོད།

“ནུས་ཆེའི་གསོ་ཚགས་ཀྱི་ལྟེ་བ་ནི་སྔ་དུས་ཀྱི་འོ་མ་གཅོད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆས་ཁ་གསབ་བྱ་རྒྱུ་དེ་རེད།མོ་ཕྱུགས་ཀྱི་ལུས་པོའི་ནུས་པ་ཡག་ཤོས་ཀྱི་དུས་སུ་འོ་མ་བཅད་ཚེ་ལུས་སྟོབས་མགྱོགས་མྱུར་སླར་གསོ་ཐུབ་ལ་བེའུ་ཡིས་ཀྱང་སྔ་ས་ནས་རྩྭ་ཟ་རྒྱུ་སྦྱོང་ཐུབ་ཀྱི་ཡོད།མཐར་གཏུགས་ནས་བརྗོད་ན།ནོར་གནག་གི‘ནད་དང་།བཀྲེས་ལྟོགས།དྲོད་བཅས’ཀྱི་དཀའ་གནད་ཆེན་པོ་གསུམ་ཐག་གཅོད་ཐུབ་རྒྱུ་དེ་རེད”སུང་རེན་ཏེས་དགོད་བཞིན་གྲངས་གཞི་དེར་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པ་སྟེ།སྲོལ་རྒྱུན་གསོ་ཚགས་བྱས་པའི་བེའུ་ཐོག་མར་སྐྱེས་པའི་ལྗིད་ཚད་སྤྱི་རྒྱ་10.5ལས་མེད་པ་དང་ནུས་ཆེའི་གསོ་ཚགས་བྱས་རྗེས་སྤྱི་རྒྱ་13ཡན་ཟིན་པ་དང་།སྲོལ་རྒྱུན་གྱི་འོ་མ་ཆད་མེད་པའི་ལོ་གཅིག་ཅན་གྱི་བེའུ་ཡི་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་67ཡོད་ལ།ཚན་རིག་དང་མཐུན་པའི་འོ་མ་ཆད་ནས་གསོ་བའི་ལོ་གཅིག་ཅན་གྱི་བེའུ་ཡི་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་168ཡོད།

དགུན་དུས་གཟན་ཆས་ཁ་གསབ་བྱས་ནས་ནོར་གནག་གི་ལུས་པོའི་ལྗིད་ཚད་སྲུང་ཐུབ་པ་དང་།དབྱར་དུས་སུ་ནོར་གནག་མྱུར་དུ་རྒྱགས་གསོ་བྱེད་ཐུབ་པ།བཤས་གཏོང་བའི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་པ།རྩྭ་རའི་གནོན་ཤུགས་ཀྱང་ཆེས་ཆེར་ཆུང་དུ་ཕྱིན་ཡོད།དེ་ལྟར་ཡུལ་ཤུལ་གྱི་ནོར་ནག་རིམ་བཞིན་གནམ་ལ་བརྟེན་ནས་ཕྱུགས་རིགས་གསོ་བ་ནས་རང་འགུལ་ངང་གཟན་རྩྭ་ཉོས་ཏེ་ནུས་ཆེའི་གསོ་ཚགས་བྱེད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་འབྲོག་པའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད།

དམངས་ཀྱི་ངོས་ནས་ལས་དར་འབབ་འཕར་ཡོང་བ་བྱེད་པ།

“ཡུལ་ཤུལ་དུ་ལས་ཀ་བྱེད་པར་དཀའ་ངལ་ཡོད་དམ་ཟེར་ན།དཀའ་སྡུག་ཆེན་པོ་ཡོད་ཀྱང་རིན་ཐང་ཆེན་པོ་ཡོད།མངར་མོ་ཡོད་དམ་མེད་ཟེར་ན།འབྲོག་པའི་འཛུམ་མདངས་ལས་སྐྱིད་ལ་འབབ་འཕར་གྱི་རྩིས་ཐོའི་ཐོག་སྐྱིད་ཀྱི་འདུག”འབྲོག་དུད་ཚེ་ཝུན་ཁྱིམ་ནི་ཚན་རིག་དང་མཐུན་པའི་གསོ་ཚགས་ལག་རྩལ་སྤྱད་པ་ནས་བཟུང་ནོར་ནག་ཤི་ཚད་ཆེས་ཆེར་ཆག་པ་དང་བཤས་གཏོང་ཚད་11%ནས་23%ཡན་བར་མཐོ་རུ་ཕྱིན་པ།ལོའི་ཡོང་འབབ་སྒོར་ཁྲི་60ལས་བརྒལ་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད།

ནོར་ནག་དང་ཚེ་གང་འབྲེལ་བ་བྱས་པའི་སུང་རེན་ཏེ་ནི་ས་མཐོའི་ནོར་ནག་ལྟར་གཞུང་དྲང་ཟོལ་མེད་ཅིག་ཡིན་པ་དང་།ཁོང་གི་བསམ་འདུན་ཆེ་ཤོས་ནི་འབྲོག་ཁུལ་མང་ཚོགས་ཀྱིས་ནོར་ནག་ལ་བརྟེན་ནས་ཐོན་ལས་ལ་བརྟེན་ནས་འབབ་འཕར་བརྟན་པོ་དང་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རེད།

ཡུལ་ཤུལ་གྱི་ནོར་ནག་གི་ནུས་པ་ལེགས་པ་དང་ཁྲོམ་རའི་ཐོག་ངོས་འཛིན་བྱེད་ཚད་མཐོ་བས་ལོ་གཅིག་ལ་སླེབས་པའི་ནོར་ནག་བཏབ་ན་སྒོར་ཁྲི་1.8རག་གི་ཡོད།ཤིན་ཅང་དང་སི་ཁྲོན་སོགས་ཀྱི་ཚོང་པས་རྟག་ཏུ་ཆེད་མངགས་ཉོ་སྒྲུབ་བྱེད་པར་ཡོང་གི་ཡོད།ཁྲོམ་རའི་བརྡ་རྟགས་དེས་ཁོང་ལ་ནོར་ནག་འདེམས་གསོའི་ལས་དོན་དེ་ངེས་པར་དུ་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་དགོས་པ་དེ་བས་བརྟན་དུ་ཕྱིན་ཡོད།

ལོ་མང་རིང་སུང་རེན་ཏེས་ཚོགས་པའི་སྣེ་ཁྲིད་དེ་ནོར་ནག་འདེམས་གསོ་བྱས་པ་དང་ནོར་ནག་རིམ་པ་གསུམ་པའི་རྒྱུད་སྤེལ་མ་ལག་འཛུགས་རྒྱུའི་སྣེ་ཁྲིད་དེ་ཡུལ་ཤུལ་གྱི་ནོར་ནག་རྒྱུད་བཟང་གསོ་སྤེལ་ལ་རྨང་གཞི་བརྟན་པོ་བཏིང་ཡོད།“ཡུལ་ཤུལ་གྱི་ནོར་ནག”དང“བཀྲ་ཤིས་ལུག”གི་སྤུས་ལེགས་ས་གནས་ཀྱི་སྣ་ཁ་2རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ནང་བདེ་བླག་ངང་ཚུད་པ་མ་ཟད།མིང་གཞུང་ནང་ཚུད་པ་དང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སུ་རིམ་སྤོར་བྱས་ཡོད།ཡུལ་ཤུལ་གྱིས“ཀྲུང་གོའི་ནོར་ནག་གྲོང་ཁྱེར”ལ་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ་དང་འབྲེལ་སྒོ་བྱང་བཀལ་བ་རེད།2024ལོར་ཡུལ་ཤུལ་གྱི་ནོར་ནག་རྒྱལ་ཡོངས་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་མིང་གཞུང་ནང་བཅུག་པ་རེད།

ལག་རྩལ་དོན་འཁྱོལ་བྱས་པ་ལས་ཕན་འབྲས་དངོས་ཐོན་པ་སྟེ།ནོར་ནག་བཤས་གཏོང་བའི་དུས་འཁོར་ལོ་3ཡན་ཐུང་དུ་ཕྱིན་པ་དང་འབྲི་མོ་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར1228བྱུང་ཡོད།འབྲེལ་ཡོད་ལག་རྩལ་དེ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངགས་ཚོགས་པའི་ལག་རྩལ་རོགས་སྐྱོར་བརྒྱུད་མཚོ་སྔོན་ལྷོ་རྒྱུད་ཀྱི་རྫོང་8དུ་ཁྱབ་གདལ་བཏང་བ་དང་འབྲོག་དུད་ཁྲི་ལྷག་ཙམ་ལ་དཔེ་སྟོན་སྣེ་ཁྲིད་བྱས་པ་དང་རིམ་རྩིས་བྱས་ན་ནོར་ནག་མགོ་གྲངས་ཁྲི་74.2ཁྱབ་གདལ་བེད་སྤྱོད་བཏང་བར་ཁེ་སྤོགས་སྒོར་དུང་ཕྱུར་9.11འཕར་ནས་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་།འབྲོག་པར་འབབ་འཕར།འབྲོག་ཁུལ་འཕེལ་རྒྱས་བཅས་དངོས་འབྲེལ་བྱུང་ཡོད།

ས་བབ་མཐོ་ཚད་སྨི་4200ཡན་ཟིན་པའི་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དུ་སུང་རེན་ཏེས་ཚོགས་པའི་སྣེ་ཁྲིད་དེ་ནོར་ནག་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམ་པོར་དམིགས་ཏེ་ལག་རྩལ་འགག་སྒྲོལ་རྒྱུན་མཐུད་བྱས་པ་སྟེ།ཡུལ་ཤུལ་གྱི་ནོར་ནག་རིམ་གསུམ་གསོ་སྤེལ་མ་ལག་བསྐྲུན་ནས“འཛམ་གླིང་གི་ནོར་ནག་འདེབས་ལས་རྟེན་གཞི”གཏོད་ཆེད་རྨང་གཞི་བརྟན་དུ་བཏང་བ་དང་།ཕྱུགས་འཚོ་བའི་ནོར་ནག་ནུས་ཆེའི་གསོ་ཚགས་བྱེད་སྟངས་གསར་གཏོད་བྱས་པས་འབྲོག་ཁུལ་གྱི་ནོར་ནག་སྐྱེ་འཕེལ་བྱེད་ཚད་དམའ་བ་དང་།བཤས་གཏོང་ཚད་དམའ་བ།འབྲོག་པའི་ཡོང་འབབ་དམའ་བ་བཅས་ཀྱི་ཐོན་ལས་ཀྱི་དཀའ་གནད་བསལ་བ་རེད།མཐོ་གྲང་འབྲོག་ཁུལ་གྱི་མང་ཚོགས་ལ“གནམ་ལ་བརྟེན་ནས་ཕྱུགས་གསོ་བ”ནས“མ་འཇོག་རྣམ་པའི་གསོ་ཚགས”བར་གྱི་ལོ་རྒྱུས་རང་བཞིན་གྱི་ལྟ་བར་འགྱུར་ལྡོག་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་འབྲོག་པའི་ཚན་རིག་དང་མཐུན་པའི་གསོ་ཚགས་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང“གཙང་གསུམ་ཆུ་འགོའི་”སྣོད་བཅུད་སླར་གསོ་དང་སྲུང་སྐྱོང་ལ་སྐུལ་མ་ཐེབས་ཡོད།

ལོ་ངོ39ཡི་རིང་ཁོང་གིས་གཙང་གསུམ་ཆུ་མགོའི་རྩྭ་ཐང་རེ་རེ་གོམ་སྟབས་ཀྱི་འཇལ་ཏེ་ས་མཐོའི་ནོར་ཁྱུ་དེ་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་གྱི“ལྷ་གཡག”ལྟ་བུར་གྱུར་ཡོད།

(མ་ཡིག2026ལོའི་ཟླ2ཚེས2ཉིན་གྱི《ཞིང་པའི་ཉིན་རེའི་ཚགས་པར》གྱི་པར་གཞི་དང་པོར་བཀོད་ཡོད།)

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།