ཞང་ཀང་སྨྱན་སྦྱོར་གྱི་འཐུས་མི་ཚོགས་པས་མཚོ་སྔོན་གྱི་རྟོག་ཞིབ་བཅར་འདྲི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ས་ཚིགས་མཐའ་མ་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྟོག་ཞིབ་མཇུག་འགྲིལ་བ་དང་བསྟུན་ནས། “མཚོ་སྔོན་དང་ཤང་ཀང་མཉམ་ལས·མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ》ཞེས་པའི་བརྗོད་བྱ་གཙོ་བོར་བྱས་པའི་ཤང་ཀང་སྨྱན་སྦྱོར་འཐུས་མི་ཚོགས་པའི་མཚོ་སྔོན་རྟོག་ཞིབ་བཅར་འདྲི་བྱེད་སྒོ་དངོས་སུ་མཇུག་འགྲིལ་ཡོད། ཐེངས་འདིའི་དུས་ཡུན་ཉིན་དྲུག་གི་འགྲུལ་བཞུད་དེ་གཞོན་ནུའི་གྲོས་མོལ་ཚོགས་འདུའི་བྱེད་སྒོ་རབ་དང་རིམ་པ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས2025ལོའི་མཚོ་སྔོན་དང་ཤང་ཀང་བར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་གྲུབ་འབྲས་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ནས་མཚོ་སྔོན་དང་ཤང་ཀང་ས་ཁུལ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ལེའུ་གསར་པ་ཞིག་ཕྱེ་ཡོད།

ཞང་ཀང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེད་ལས་མི་སྣའི་མཐུན་ཚོགས་དང་།བརྙན་འཕྲིན་རླུང་འཕྲིན་ཚད་ཡོད་ཀུང་སི(TVB)ཞང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་སྦྱོར་ཚོགས་པ།མུ་འབྲེལ་སྨྱན་སྦྱོར་(ཞང་ཀང་མིས་ས་གླེང་)སོགས་ལས་གྲུབ་པའི་སྣ་མང་སྨྱན་སྦྱོར་དཔུང་ཤུགས་ཀྱིས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་།ཧའེ་བྱང་བོད་རིགས་རང་སྐྱོང་ཀྲོའུ་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ལས་བརྒལ་ནས་མཚོ་སྔོན་ལ་སྐྱེ་ཁམས་ཤེས་རིག་གི་མཐོ་ས་དང་ཐོན་ལས་“གནས་བཞི”འཛུགས་སྐྲུན་གྱི་གསར་གཏོད་ལག་ལེན་ལ་དམིགས་ཏེ་མཚོ་སྔོན་འཕེལ་རྒྱས་ཀྱི་འཕར་རྩ་གོམ་སྟབས་ཐོག་ནས་ཚད་འཇལ་བྱས་ཡོད། ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་རྟེན་གཞི་དང་། ནུས་རྒྱུ་གཙང་མའི་ཐོན་ལས་གླིང་།ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་དཔེ་སྟོན་ས་ཁུངས།སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སུ་འཐུས་མི་ཚོགས་པས་བརྙན་ཤེལ་དང་སྨྱུ་གུ་ལ་བརྟེན་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་གསོན་པོ་བཟུང་ཡོད།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཤང་ཀང་གི་སྨྱན་སྦྱོར་འཐུས་མི་ཚོགས་པ་གདན་འདྲེན་ཞུས་ནས་མཚོ་སྔོན་ལ་རྟོག་ཞིབ་བྱ་རྒྱུ་ནི་མཚོ་སྔོན་དང་ཤང་ཀང་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གསར་གཏོད་བྱེད་ཐབས་དང་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ཞེས་བཤད། བྱེད་སྒོ་དེ“མཚོ་སྔོན་དང་ཤང་ཀང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ》དེ་གཙོ་གནད་དུ་བྱས་ཏེ། ཤང་ཀང་སྨྱན་སྦྱོར་གྱིས་ཡུལ་དངོས་སུ་བཅར་འདྲི་དང་རྟོག་ཞིབ་བྱས་པ་བརྒྱུད་ཡི་གེ་དང་། བརྙན་འཕྲིན། བརྙན་ལམ་སོགས་རྣམ་པ་མང་པོའི་ཐོག་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་ཚོང་དོན་སྤེལ་རེས་སོགས་ཐད་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་སྔོག་འདོན་བྱས་ཏེ་ལྗོངས་ཡོངས་ཀྱི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་མཛེས་སྡུག་དང་། ལྗང་མདོག་ཐོན་སྐྱེད་མཛེས་སྡུག མང་ཚོགས་འཚོ་བའི་མཛེས་སྡུག་བཅས་མངོན་པ་དང་། ཤང་ཀང་སྨྱན་སྦྱོར་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ལེགས་ཆ་ལ་བརྟེན་ནས་མཚོ་སྔོན་གྱི་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་ཚད་དང་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ། ཞང་ཀང་རྒྱལ་སྤྱི་ཅན་དུ་འགྱུར་བའི་སྟེགས་བུའི་གོ་སྐབས་དང་བསྟུན་ནས་མཚོ་སྔོན་གྱི་སྤུས་རྟགས་དང་། མཚོ་སྔོན་གྱི་ཐོན་རྫས། མཚོ་སྔོན་གྱི་བྲོ་བ་བཅས་སྔར་ལས་མང་བ་ཞང་ཀང་དུ་བསྐྱོད་པ་དང་འཛམ་གླིང་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

ཐེངས་འདིའི་བྱེད་སྒོ་ནི་གསར་འགྱུར་ཁྱབ་སྤེལ་གྱི་ཡུལ་སྐོར་ཞིག་ཡིན་པ་མ་ཟད། ཆིང་ཀང་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་གྱིས་ད་ཐེངས་འདིའི་རྟོག་ཞིབ་འགོ་ཚུགས་སར་བཟུང་སྟེ།ཤང་ཀང་སྨྱན་སྦྱོར་དང་ཡུན་རིང་ཕན་ནུས་ལྡན་པའི་མཉམ་ལས་ལམ་སྲོལ་བཙུགས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱལ་སྤྱི་ཅན་གྱི་སྒུལ་ཤུགས་གསར་པ་བསྣན་ནས་མཚོ་སྔོན་གྱི་གཏམ་རྒྱུད་འཛམ་གླིང་གི་གར་སྟེགས་ཐོག་སྔར་ལས་འོད་འཚེར་བའི་འོད་ཟེར་འཕྲོ་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།