དགའ་སྡེ་རྫོང་ཁྱི་འབྲི་ཞང་གིས་དམངས་འཚོའི་ཕན་བདེ་བསྐྲུན་ནས་མང་ཚོགས་ཀྱི་སྐྱིད་སྣང་ཇེ་མཐོར་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཁྱི་འབྲི་ཞང་གིས་མི་དམངས་ལྟེ་བར་འཛིན་པ་རྒྱན་འཁྱོངས་དང་། “དམངས་ལ་རེ་འབོད་ཡོད་ན། ང་ལ་ཨ་ལན་ཡོད་པ”ཡི་བྱ་བའི་འདུ་ཤེས་ལ་དམིགས་སུ་བཟུང་སྟེ། ལས་ཡུལ་དང་པོ་ནས་དམངས་ལ་ཞབས་འདེགས་ཞུ་བར་འབད་འབུངས་བྱས། སྲིད་ཇུས་དྲིལ་སྒྲོག་བྱེད་པར་ཤུགས་འདོན་པ་དང་། མཐིལ་རྟོལ་འགན་སྲུང་གི་ཐད་ནས་བྱེད་ཐབས་དངོས་འདོན་པ། དམངས་ལ་སྟབས་བདེ་བསྐྲུན་པའི་ཐད་ནས་ཕན་འབྲས་དངོས་ལོན་པ་བཅས་བྱས་ཏེ། ལྷག་བསམ་དཀར་པོས་ལྷད་མེད་བརྩེ་འདང་ཆགས་སུ་བཅུག་པ་དང་། དངོས་སྒྲུབ་ཀྱིས་དཀའ་གནད་གསལ་བ། ཕན་འབྲས་དངོས་ཀྱིས་དམངས་འཚོར་ཕན་བདེ་བསྐྲུན་པ་བཅས་བྱས་ཏེ། མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་དུས་རབས་གསར་པའི་དམངས་འཚོའི་དྲིས་ལན་ལེགས་པརབཏབ།

ཁྱི་འབྲི་ཞང་ཏང་ཨུའི་གཞི་རིམ་ཏང་རྩ་འཛུགས་སོ་སོས་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་རིགས་མི་གཅིག་པ35སྤེལ་བ་དང་། སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཐེངས20ལྷག་བྱས་ཤིང་། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་ཐེངས80ལྷག་བྱས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མགོ་ཁྲིད་པས་སྣེ་ཁྲིད་པ་དང་ཏང་ཡོན་ནང་དུ་ཞུགས་པའི་རྣམ་པ་ཡིས་ཁྱིམ་ཚང་རེ་རེར་སོང་ནས་དཔེ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར། འདྲི་རྩད་ཁམས་འདྲི་བཅས་བྱས་ཤིང་། ཏང་འཛུགས་བྱ་བ་འབྲོག་པ་མང་ཚོགས་ཀྱི་གམ་དུ་སྲིང་བ་ལ། ཞབས་ཞུ་འབྲོག་ཁུལ་དུ་ཐོན་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ། གཞི་རིམ་ཏང་འཛུགས་ཀྱི་རྩ་འཛུགས་ནུས་པ་འདོན་སྤེལ་བྱས། ད་ལྟ། རྫོང་རིམ་པའི་འབྲེལ་གནས་མགོ་ཁྲིད་དང་ཏང་སྲིད་སྡེ་ཁག་གི་ཁོངས་མི་ཁྱིམ་ཚང280ལྷག་ལ་འདྲི་རྩད་དུ་སོང་བ་དང་། སྡེ་སྡོད་ལས་བྱེད་པ་ཁྱིམ་ཚང1600ལྷག་ལ་འདྲི་རྩད་དུ་སོང་། སྐབས་བརྗེ་ལྟ་སྐུལ་ཐེངས18ལྷག་བྱས་ཤིང་། ཁྱིམ་ཚང་དུ་སོང་ནས་དཔེ་ཁྲིད་ཐེངས8བྱས་པ་དང་།“སྐྱེ་ཁམས་ལྗང་ཁུ”ཡིས“དྲོད་ཁོལ”ཡོད་པའི་དམངས་འཚོའི་དྲིས་ལན་བཏབ། གཅིག་ནི་སྟེང་གི་བཀོད་པར་ཤུགས་བསྣན་པ། “ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་སྡེ་བ་སོ་སོར་རྣམ་པ་གསར་པ་མངོན་པ ”ཡི་དམིགས་འབེན་ལ་དམ་པོར་གཞོལ་ཏེ། “མགོ་ཁྲིད་པས་སྣེ་ཁྲིད་དེ་སྒྲུབ་པ་དང་། ལས་བྱེད་པས་སྔོན་སྒྲུབ་གང་ཐུབ་བྱེད་པ། མང་ཚོགས་ཀྱིས་རྗེས་དེད་དེ་སྒྲུབ་པ། ”ཡི་མཉམ་འགུལ་ཆགས་སྟངས་གྲུབ་ཏུ་བཅུག་ནས། སྒྲིག་བཅོས་ལས་འགན་ཞིབ་མོར་བགོས་ཏེ་ལས་རྐང་སྟེང་བབས་ཡོད་ལ། ལས་འགན་དངོས་མནོན་བྱས་ཏེ་མིའི་སྟེང་དུ་བབས་ཡོད། ལམ་ལུགས་ཀྱི་ངོས་ཐད་ནས་སྒྲིག་བཅོས་བྱ་བ་ཆད་ལུས་མེད་པ་དང་། མི་མཐོང་ས་མེད་པ་ཁག་ཐེག་བྱས།གཉིས་ནི་འགག་སྒྲོལ་གྱི་གཙོ་གནད་ལ་གཅིག་བསྡུས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་གདོང་མཆོང་དང་དཔེ་སྟོན་གྱི་ནུས་པ་འདོན་པ་སྐུལ་ཁྲིད་བྱས་ཏེ། “ལས་བྱེད་པ+དོ་དམ་དང་སྲུང་སྐྱོང་པ+མང་ཚོགས”ཀྱི་རྣམ་པའི་འགག་སྒྲོལ་རུ་ཁག་སྟེ་མི200ལྷག་རྩ་འཛུགས་བྱས། འཚོ་བའི་གད་སྙིགས་སྤུངས་་བ་དང་ཡུར་བར་སྙིགས་རོས་འགག་པ། གྲུ་ཟུར་དུ་གད་སྙིགས་ཡང་བསྐྱར་འབྱུང་བ་བཅས་ཀྱི་གནད་དོན་བཅས་ལ་དམིགས་ཏེ། རེ་རེ་བཞིན་ཞིབ་མོར་བཙལ་ནས་གཙང་སེལ་ལག་བསྟར་བྱས། རིགས་མི་གཅིག་པའི་གད་སྙིགས་བསྡོམས་པས་ཏུན5གཙང་སེལ་བྱས་པ་དང་། གྲུ་ཟུར10ལྷག་ལ་སྒྲིག་བཅོས་བྱས་ཏེ་ཁོར་ཡུག་མངོན་སུམ་གྱིས་ལེགས་བཅོས་བྱས།གསུམ་ནི་ཡུན་ཕན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། “སྒོ་མདུན་གྱི་འགན་གསུམ”ལས་འགན་ལམ་ལུགས་དར་སྤེལ་བཏང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་སྒོ་མདུན་གྱི་དངོས་པོར་བདག་བྱེད་དུ་བཅུག་པ་དང་། ཞིང་ལས་ཡོ་ཆས་འཇོག་སྟངས་ཚད་ལྡན་དུ་གཏོང་བ། ཁོར་ཡུག་གཙང་སྦྲ་དེ་སྡེ་སྲོལ་དམངས་ཆངས་ཀྱི་ནང་དུ་བཞག་ནས་སྡེ་དམངས་ནི“ལྟ་མཁན”ནས“ཞུགས་མཁན” དུ་བསྒྱུར་ཏེ། “ཁྱིམ་ཚང་རེ་རེ་ཁོར་སྲུང་སྲུང་དམག་བྱེད་པར་བརྩོན་ལེན་བྱེད་པ”དེ་རང་འགུལ་གྱི་བྱ་སྤྱོད་དུ་བསྒྱུར། ལས་དོན་དངོས་རྩ་བར་བཟུང་ནས། བདེ་སྐྱིད་ཀྱི་མེ་ཏོག་བཞད་དུ་བཅུག།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།