མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ཞིང་པ་ཞོར་ལས་པ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་ལ་དམིགས་ནས“ལས་གཏོད་ཀྱི་བྱེད་སྒོ་བཅུ”ལག་བསྟར་བྱས་ཏེ། སྲིད་གཞུང་དང་སྤྱི་ཚོགས་ཀྱིས་སྐུལ་སློང་བྱས་ཏེ། ངལ་རྩོལ་པས་ལས་གཏོད་བྱེད་ཕོད་པའི་ལམ་སྲོལ་གསར་པ་མགྱོགས་མྱུར་ངང་ཆགས་སུ་བཅུག
བྱེད་སྒོ་བཅུ་པོ་དེའི་ནང“ལས་གཏོད་ཁོར་ཡུག་ཇེ་ལེགས་སུ་གཏང་རྒྱུ།”“གཙོ་གནད་ཚོགས་པ་གསོ་སྤེལ།”“རྩོལ་ལས་སྤུས་རྟགས་འཕེལ་རྒྱས།”“ལས་གཏོད་ཞབས་ཞུར་འགེབས་སྲུང་།”“ལས་གཏོད་གསོ་སྦྱོང་ནུས་པ་འདོན་སྤྲོད།”“ལས་གཏོད་སྲིད་ཇུས་ལ་སྐུལ་འདེད།”“ལས་གཏོད་བྱེད་སྒོར་རོགས་སྐྱོར།”“དངུལ་རྩའི་ཐོན་རྫས་ཀྱི་རོགས་སྒྲུབ།”“ལས་གཏོད་གཞི་རྟེན་གསར་བཟོ།”“སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར”བཅས་ཀྱི་འཆར་གཞི་ཚུད་ཡོད།
“ལས་གཏོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི”འཆར་གཞི་ལག་བསྟར་བྱེད་པའི་ཐད་ཞིང་ཆེན་གྱིས་ལས་ཞུགས་ལས་གཏོད་ལ་དམིགས་པ་དང་། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། ཚོང་དོན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།“མཚོ་སྔོན་eལས་ཞུགས”སྤུས་རྟགས་གཏོད་རྒྱུ་དེ་གཞི་འཛིན་ས་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་སྲིད་ཇུས། གཞི་གྲངས། ཞབས་ཞུ་བཅས་ཀྱི་བར་ཕན་ཚུན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཉོར་སྐྱོང་བྱེད་པོ་ཐོ་འགོད་དང་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། ལས་ཆོད་ཆེ་བའི་ཐག་གཅོད་དང་། ཡུལ་དངོས་སུ་ཐག་གཅོད་བྱེད་པ། ཐག་གཅོད་ཐེངས་གཅིག་བྱེད་པ། དུས་བཀག་ནང་ཐག་གཅོད་བྱེད་པ་སོགས་ཀྱི་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས་གཉེར་སྐྱོང་བྱེད་པོར་ཐོ་འགོད་ཀྱི་ལས་ཆོད་ཆེ་རུ་གཏོང་དགོས།
སྤུས་ཚད་མཐོ་བ་དང་ལས་ཞུགས་གང་ལེགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་དང་། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་འཆར་གཞི་ལག་བསྟར་བྱེད་པ། ཕ་ཡུལ་དུ་བསྐྱོད་ནས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ་ལས་གཏོད་སྦྱོང་བརྡར་སྒར་ས་དང་ལས་གཏོད་དངོས་སྦྱོང་སོགས“ཉམས་ལེན་རྣམ་པའི”ལག་ལེན་བྱེད་སྒོ་གཉེར་ནས་ལོ་རེར་མི་ཐེངས་ཁྲི1.19ལ་ལས་གཏོད་ཞབས་ཞུ་མཁོ་འདོན་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ལས་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ། གཙོ་གནད་ཚོགས་པས་མཚན་མོའི་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར་སོགས་ལས་གཏོད་རྣམ་གྲངས་འཕེལ་རྒྱས་གཏོང་བ་བརྒྱུད་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་མ་གཏོང་དགོས།
“རྩོལ་ལས་སྤུས་རྟགས་འཕེལ་རྒྱས”འཆར་གཞི་ལག་བསྟར་བྱས་ཏེ།“འཐེན་ཐུག”ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།“མཚོ་སྔོན་འཚེམ་དྲུབ”སྤུས་རྟགས་ཀྱི་སྤུས་ཚད་དང་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ།“ཧོར་གྲོང་ཁྱིམ་ལས”དང་།“རྟ་ཐང་གཉོར་སྐྱོང་པ”སོགས་ཞབས་ཞུ་རྣམ་པའི་རྩོལ་ལས་སྤུས་རྟགས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། ཡིག་ཚགས་སྤོར་ནས་རིམ་སྤོར་བྱེད་པར་ཁྲིད་སྟོན་བྱེད་དགོས། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་རྩོལ་ལས་སྤུས་རྟགས་ཀྱི་གཞི་ཁྱོན49ཟིན་ནས་ས་ཁུལ་ཁག་གིས“རྫོང་གཅིག་ལ་ཐོན་རྫས་གཅིག”དམིགས་ཚད་གཞི་རྩའི་ཐོག་མངོན་འགྱུར་བྱུང་བ་དང་ལོ་ལྟར་རྩོལ་ལས་སྤུས་རྟགས་བརྒྱུད་ལས་གཏོད་ལས་ཞུགས་ཀྱི་གཞི་ཁྱོན་མི་ཐེངས་ཁྲི40ཡན་ལ་སྐུལ་ཁྲིད་བྱས།
“ལས་གཏོད་ཞབས་ཞུའི་སྲུང་སྐྱེལ”འཆར་གཞི་ལག་བསྟར་བྱས་ནས་ལས་གཏོད་ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་སྟེ་ལས་གཏོད་ཆ་འཕྲིན་ཁྱབ་སྒྲོག་དང་ལས་སྒོའི་བློ་འདྲི། ནུས་པ་གསོ་སྐྱོང་། མཛུབ་ཁྲིད་རོགས་སྐྱོར། གསོ་སྐྱོང་ཞབས་ཞུ། མ་དངུལ་བསྡུ་སྒྲིལ་རྒྱབ་སྐྱོར། བྱེད་སྒོ་སྒྲིག་འཛུགས་བཅས་གཞི་གཅིག་ཏུ་འདུས་པའི་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་། ལས་གཏོད་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ཁེ་ལས་མཁས་ཅན་དང་། ལས་གཏོད་དཔེ་མཚོན། ལག་རྩལ་ཆེད་མཁས་པ་སོགས་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས་དམིགས་སའི་རང་བཞིན་གྱི་ལས་གཏོད་མཛུབ་ཁྲིད་དང་གསོ་སྦྱོང་ཞབས་ཞུ་སྤེལ་ཏེ། ལས་གཏོད་གསར་གཏོད་ཚོགས་སྤྱིར་ཞབས་ཞུའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
“མ་ལན་ཧྭ”ཡི་ལས་གཏོད་གསོ་སྦྱོང་བྱེད་སྒོ་ལག་བསྟར་གཏིང་ཟབ་དང་། “ལས་གཏོད་གསོ་སྦྱོང་ནུས་པ་སྤྲོད་པའི”འཆར་གཞི་ལག་བསྟར་བྱ་དགོས། ལས་གཏོད་དགེ་རྒན་མི་སྣ་འདེམས་སྒྲུག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གསོ་སྦྱོང་གི་དགོས་མཁོ་དང་ལས་གཏོད་ཀྱི་འདོད་བློ་ཡོད་པའི་གཙོ་གནད་ཚོགས་སྤྱིའི་ལས་གཏོད་མི་སྣ་ཁ་གསབ་རང་བཞིན་གྱི་ལས་གཏོད་གསོ་སྦྱོང་ཁྱབ་ཁོངས་ནང་འཇུག་དགོས། ལས་གཏོད་ཚོགས་པ་མི་འདྲ་བའི་དགོས་མཁོར་དམིགས་ནས།གསར་གཏོད་ལས་གཏོད་དཔེ་སྟོན་རྟེན་གཞི་དང་། ལས་གཏོད་གླིང་། དྲ་རྒྱའི་སྟེགས་བུ་སོགས་སྤུས་ལེགས་གསོ་སྦྱོང་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས“རང་གི་ཁེ་ལས་འཛུགས་རྒྱུ”དང“རང་གི་ཁེ་ལས་ཇེ་ལེགས་སུ་གཏང་རྒྱུ”སོགས་གསོ་སྦྱོང་བྱེད་དགོས།
“ལས་གཏོད་སྲིད་ཇུས་སྐུལ་འདེད”ཀྱི་འཆར་གཞི་ལག་བསྟར་བྱས་པ་བརྒྱུད་ལས་གཏོད་ཁ་གསབ་དང་ལས་གཏོད་ཁག་ཐེག་དངུལ་བུན་སོགས་གཟིགས་སྐྱོང་སྲིད་ཇུས་ཇེ་ལེགས་སུ་བཏང་ནས་འཐུས་ཚང་དུ་བཏང་ནས། ལས་གཏོད་ཁ་གསབ་ཚད་གཞི་སྒོར་ཁྲི1དང་ལས་གཏོད་ཁག་ཐེག་དངུལ་བུན་གྱི་གྲངས་ཚད་སྒོར་ཁྲི་30བར་ཇེ་མཐོར་གཏོང་དགོས། “ལས་གཏོད་ཁག་ཐེག་དངུལ་བུན123རྣམ་པ”ཁྱབ་གདལ་བཏང་ནས་གློག་རྡུལ་ཅན་གྱི་ཞིབ་མཆན་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། ལས་གཏོད་སྲིད་ཇུས་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ཐོག་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་ཆ་རྐྱེན་དང་མཐུན་པའི་སློབ་ཆེན་དང་འབྲིང་ཆེད་ལས་སློབ་ཐོན་སློབ་མ་དང་། ཕ་ཡུལ་དུ་ལོག་ནས་ཕ་ཡུལ་དུ་སྡོད་པའི་ཞིང་པ་ལས་མི། བུད་མེད་སོགས་ལས་གཏོད་ཚོགས་སྤྱིར་ལས་གཏོད་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱ་དགོས།
“ལས་གཏོད་བྱེད་སྒོའི་རོགས་སྐྱོར་”དང“དངུལ་རྩའི་ཐོན་རྫས་ཀྱི་རོགས་སྐྱོར”གྱི་འཆར་གཞིའི་ཁྲོད“གསར་གཏོད་གཉིས་པའི”ལོ་འཁོར་གྱི་བྱེད་སྒོའི་འཆར་གཞི་བཟོ་དགོས། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སོགས“གསར་གཏོད་གཉིས་པའི”བྱེད་སྒོ་རབ་དང་རིམ་པ་གཉེར་བ་དང་། གསར་གཏོད་ལས་གཏོད་གྲུབ་འབྲས་འགྲེམས་སྟོན་དང་སྤེལ་རེས་བྱེད་སྒོ་སྤེལ། སྤྱི་ཕན་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་དང་།“སྲིད་གཞུང་+དངུལ་ཁང་+འགན་སྲུང་”གི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་། དངུལ་རྩའི་སྒྲིག་གཞིས་ལས་གཏོད་གསར་གཏོད་ཚོགས་སྤྱིའི་དགོས་མཁོའི་ཁྱད་ཆོས་དང་མཐུན་པའི་ཐོན་རྫས་དང་ཞབས་ཞུ་གསར་སྤེལ་བྱ་རྒྱུར་སྐུལ་མ་གཏོང་བ། ཁེ་ལས་ཆུང་ཆུང་དང་ཕྲན་ཆུང་དང་ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།
“ལས་གཏོད་གཞི་རྟེན་ཚང་འཛུགས་པའི”འཆར་གཞི་ལག་བསྟར་བྱས་ནས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ལས་གཏོད་གསོ་སྐྱོང་དཔེ་སྟོན་རྟེན་གཞི་གསུམ་གྱི་དཔེ་སྟོན་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། གྲོང་ཁྱེར་དང་ཁུལ་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་དང་གཉེར་སྐྱོང་ལ་སྐུལ་འདེད་བཏང་སྟེ། གཙོ་གནད་རྫོང་(ཁུལ)གྱི་གསོ་སྐྱོང་རྟེན་གཞི་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱས་ཏེ། ལས་གཏོད་གསོ་སྐྱོང་རྟེན་གཞི་དང་ཞིང་པ་ལས་མི་ཕ་ཡུལ་དུ་ཕྱིར་ལོག་པའི་གསར་གཏོད་གླིང་སོགས་གཞི་རྟེན་བསྒྱུར་བཀོད་དང་རིམ་སྤར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་གཏོད་གསོ་སྐྱོང་རྟེན་གཞི་དང་དངོས་སྦྱོང་རྟེན་གཞི་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ཚོགས་པ་དང་ལས་གཏོད་ཐོན་ཁུངས་ལ་ཐོན་ཁུངས་བསྡུ་སྒྲིལ་སྟེགས་བསྐྲུན་དགོས། མིག་སྔར། རང་རྒྱལ་གྱི་གྲོང་ཁྱེར་དང་ཀྲོའུ་8ལ་ལས་གཏོད་གསོ་སྐྱོང་རྟེན་གཞི་ཡོངས་སུ་ཁྱབ་པ་དང་།གཙོ་གནད་རྫོང་དང་ཆུས་སུ་ལས་གཏོད་གསོ་སྐྱོང་རྟེན་གཞི་12བསྐྲུན་ཡོད།
“སྟབས་བསྟུན་ལས་ཞུགས་རྒྱབ་སྐྱོར”འཆར་གཞིའི་ནང་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་ཐེམ་ཐོ་དང་སྤྱི་ཚོགས་འགན་སྲུང་སོགས་ལམ་ལུགས་རང་བཞིན་གྱི་འགོག་རྐྱེན་མེད་པ་བཟོས་ནས་ཉིན་གང་ལམ་ལུགས་མིན་པའི་ལས་ཞུགས་དང་།རང་མོས་ལས་རིགས།དྲ་ཐོག་ལས་གཏོད་སོགས་ཀྱི་བྱེད་ཐབས་ཐོག་ནས་ལས་ཞུགས་ཐོ་འགོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ལས་ཕྲའི་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར་དང་འཛུགས་སྐྲུན་མཛུབ་ཁྲིད་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཕྲའི་ཁྲོམ་ར30ཡི་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ་དང་།ས་ཁུལ་ཁག་གིས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལས་ཕྲའི་ཚོང་ར་ངམ་ངལ་རྩོལ་ཚོང་ར་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ། གཙོ་གནད་ཚོགས་སྤྱིའི་སྟབས་བསྟུན་ལས་ཞུགས་ཀྱི་ཁྲལ་དངུལ་ཆག་ཡང་དང་ཆག་ཡང་དང་།སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ཁ་གསབ་དང་། སྲིད་འཛིན་ལས་རིགས་རང་བཞིན་གྱི་གྲོན་བསྡུ་སོགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྟབས་བསྟུན་ལས་ཞུགས་ཚོགས་སྤྱིར་ཁེ་དབང་སྲུང་སྐྱོང་གི་ལྗང་མདོག་བགྲོད་ལམ་དང་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱེད་དགོས།