ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོར་སློབ་སྦྱོང་བྱེད་པའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི·འཕྲིན། ཟླ7པའི་ཚེས1ཉིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་གནང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཨུ་ལྷན་གྱི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་ཐག་པ་ནས་དོན་འཁྱོལ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་། ལས་ཀ་དངོས་ཀྱིས་སྔོན་ལ་བརྩོན་ལེན་བྱས་ཏེ། སྤྱོད་ཚུལ་བཟང་པོ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤྲོད་བྱེད་དགོས་ཞེས་ནན་བཤད།  

ལའོ་ཏུང་ཁྲོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཅིའི་ཕྱིར་དམ་འཛིན་དང་། ཅི་ཞིག་དམ་འཛིན་བྱེད་པ། ཇི་ལྟར་དམ་འཛིན་བྱེད་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་འདེབས་གཏིང་ཟབ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་གོ་སྐབས་གསར་པ་བཏོད་ཡོད། ཀུན་སྤྱོད་འཛུགས་སྐྱོང་དེ་ཏང་གི་ཤི་གསོན་དང་འབྲེལ་བ་ཡོད་པ་དང་། ངོ་བོ་ནི་ཏང་གི་རང་བཞིན་གྱི་གནད་དོན་ཡིན་པ་དང་།སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ། གནད་འགག་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱ་དགོས། ཐབས་ཤེས་གལ་ཆེན་ནི་ཏང་གི་རང་བཞིན། ཏང་སྲོལ་དང་ཏང་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། གཙོ་གཞི་གསལ་པོ་ནི་ཕྱོགས་ཡོངས་ནན་པོ།གཅིག་མཐར་ནན་པོ།ལག་ལེན་གྱི་བླང་བྱ་ནི་འགན་འཁུར་བ་བཅས་ཡིན་པས། ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བསམ་བློའི་རང་རྟོག་དང་།ཆབ་སྲིད་ཀྱི་རང་རྟོག་དང་བྱེད་སྒོའི་རང་རྟོག་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ལའོ་ཏུང་ཁྲོན་གྱིས་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བ་མ་ཟད།མཚོ་སྔོན་ལ་དེ་བས་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཡིན་ལ།མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱེད་དགོས་པར་མ་ཟད།དེ་བས་འགན་འཁུར་ཕོད་པོས་བྱ་དགོས། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་དང་དམིགས་ཡུལ་གྱི་འདུ་ཤེས་ཡང་དག་པ་འཛུགས་པ་དང་།“དམིགས་བསལ་སྨྲ་བ་”དང“ཁ་གསབ་ཀྱི་སེམས་ཁྲིམས”བློ་བརྟན་འགྱུར་མེད་མེད་པར་བཟོས་ནས་སྒྲིག་སྲོལ་འགལ་ཟ་འཐུང་སོགས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་དང་འགན་འཁུར་རྒྱུ་དེ་གཅིག་གྱུར་བྱས་ཏེ།ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དང་།དཔལ་འབྱོར་སླར་གསོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ།བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ།བདེ་འཇགས་ཀྱི་རྣམ་པ་གསར་པ་འཛུགས་པ།དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་།བྱེད་སྒོ་ཕྱོགས།དོན་སྒྲུབ་པ་བཅས་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ།སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཕན་འབྲས་དངོས་སུ་རྒྱུན་ཆད་མེད་པར་བསྒྱུར་ཏེ།ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་གྲུབ་དང་“ལོ་ལྔའི་འཆར་གཞི་བཅུ་བཞི་པ》ལེགས་གྲུབ་ཡོང་བར་ཁག་ཐེག་བྱས་ཏེ།སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཀྲང་ཅིན་ཀང་གིས་གཙོ་སྐྱོང་བྱས། ཆེད་དོན་ཏང་གི་སློབ་ཚན་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། གྲོང་ཁྱེར(ཁུལ)ཁག་གིས་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁག་དང་།ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་ཁག ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་ཁོངས།ཐད་གཏོགས་ཆེད་བཙུགས་སྒྲིག་གཞི། ཐད་གཏོགས་སྒྲིག་གཞི། མངགས་གཏོང་སྒྲིག་གཞི། ལས་ཁུངས་ཀྱི་དོ་དམ་སྒྲིག་གཞི།ཞིང་ཆེན་ཁོངས་གཏོགས་མཐོ་སློབ་དང་གཞུང་ཁོངས་ལས་ཁུངས།ཆིང་ཧྭ་རུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།