མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་སྤུས་ལེགས་སྟོབས་ཆེར་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲན་རོགས་བྱ་རྒྱུ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-21 09:48:23
མ་ལི་ཕིན། ཧན་ཧྥུ་ཞང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང2016ལོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མཚོ་སྔོན་གྱི་འཐེན་ཐུག་འཕེལ་རྒྱས་ལ་དོ་ཁུར་དང་འདྲི་རྩད་གནང་སྟེ། “ཐུག་པ་དཀར་ཡོལ་བཀང”གི་ནུས་པ་དེ་ཞིང་པའི་ཡོང་འབབ་དང་དབུལ་ཐར་འགག་སྒྲོལ་ཁྲོད་ཁས་ལེན་གནང་། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས“ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་གསར་དུ་གཏོད་པའི”མཛུབ་སྟོན་གལ་ཆེན་གནང་། “ཐུག་པ་དཀར་ཡོལ་བཀང་”དང་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་གཉིས་ཀྱི་འབྲེལ་བ་གང་ཡིན་ནམ། བསམ་གཞིག་དེ་འཁྱེར་ནས་མཚོ་སྔོན་གྱི་འཐེན་ཐུག་ལ་གྲོས་བསྡུར་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཐུབ་མིན་གྱི་ལས་དོན་སྤེལ་རོགས་བྱས།
གཅིག མཚོ་སྔོན་གྱི་འཐེན་ཐུག་རགས་བཤད།
2023ལོའི་ཟླ6ཚེས30ཉིན། མཚོ་སྔོན་གྱིས་འཐེན་ཐུག་ལས་གཉེར་ཁང་ཁྲི2.91ཡི་ནང་ཕྱི་རྒྱལ་གྱི་ཚོང་ཁང68ཡོད། འཐེན་ཐུག་ནང་ལས་ཞུགས་བྱེད་མཁན་མི་ཁྲི19.6ཟིན་པ་དེ་འབྲི་ཆུའི་ཟུར་གསུམ་གླིང་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་བཅས་གཙོ་གནད་དུ་བྱས་པའི་གྲོང་ཁྱེར337དང་། མ་ལེ་ཞི་ཡ། ཧ་སག་སི་ཐན་སོགས་རྒྱལ་ཁབ(ས་ཁུལ)35ལ་ཁྱབ་ཡོད། དེའི་ནང་རིམས་ནད་མཇུག་འགྲིལ་རྗེས་འཐེན་ཐུག་ལས་གཉེར་ཁང932གསར་དུ་བཙུགས་པ་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱས་ནས་མི2500ཙམ་ལས་ཞུགས་ཐུབ་ཡོད།
ཐོན་ལས་ཀྱི་སྐུལ་ཁྲིད་ཐད་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་མ་ལག་ནང་མཉམ་འདྲེས་གང་ལེགས་བྱུང་ནས་ཧྲན་ཏུང་གི་ཧོ་ནན་གྱི་ནོར་ལུག་གསོ་ཚགས་ལས་སྣོན་དང་། ཉིང་ཞའི་སུར་པན་འདེབས་འཛུགས། ཡུན་ནན་གྱི་ཤང་ཤིན་རྒྱུ་ཆ་ལས་སྣོན། ཧོ་པེའི་གྲོ་ཞིབ་ལས་སྣོན་ཞིབ་ཚགས། ཟོག་འགྲེམས་སྡེབ་སྐྱེལ། སྔོན་བཟོས་བཟའ་བཅའ་ཞིབ་འཇུག་གསར་སྤེལ་སོགས་ལས་རིགས20ལྷག་ཙམ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། མཚོ་སྔོན་གྱི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་རྒྱུན་མཐུད་དང་བརྟན་པོའི་ངང་ཕྱིར་གཏོང་བྱེད་པའི་ཐད་ཕན་འབྲས་རགས་ཙམ་ཐོན་པ། 2023ལོའི་ཟླ1པོ་ནས་ཟླ6པའི་བར་མཚོ་སྔོན་གྱི་འཐེན་ཐུག་ལས་གཉེར་ཁང་ཁྲི1.2ཀྱིས་ཕ་ཡུལ་གྱི་ཞིང་འབྲོག་ཐོན་རྫས་ཀྱི་ལོག་གར་སྣུམ་ཏུན62དང་། ནོར་ལུག་ཤ་ཏུན10 མཚོ་སྔོན་གྱི་འཐེན་ཐུག་མྱུར་ཟས་སྒམ5400 འཕང་འབྲས། སྟར་བུ། ཞོ། མར། མོག་མོག་སོགས་ཁྱད་ལྡན་ཐོན་རྫས་ཏུན1ཙམ་ཉོ་སྒྲུབ་བྱས་ཡོད།
གཉིས། མཚོ་སྔོན་གྱི་འཐེན་ཐུག་ཁྲོད“མཚོ་སྔོན་གྱི་ཐོན་རྫས་མང་པོར”ཚོང་ལས་གོ་སྐབས་བསྐྲུན་ཡོད་པ།
སྒྱུར་བཅོས་སྒོ་འབྱེད་བྱས་ནས་འཚར་ལོངས་བྱུང་བའི་མཚོ་སྔོན་གྱི་འཐེན་ཐུག་ནི་གཉེན་ཉེ་ནས་གཉེན་ཉེ་ལ་རོགས་རམ་དང་ཁྱིམ་མཚེས་ཀྱིས་ཁྱིམ་མཚེས་ལ་རོགས་རམ་བྱེད་པའི་བྱེད་ཐབས་བརྒྱུད་འགྲན་རྩོད་ཁྲོད་འཚོ་གནས་དང་གསར་གཏོད་ཁྲོད་འཕེལ་རྒྱས་དོན་གཉེར་བྱེད་པ་དེ་སྒོ་འབྱེད་འབྲེལ་མཐུད་ཀྱི་ཐོན་ལས་སྦྲེལ་ཐག་ཏུ་གྱུར་ཡོད། སྣང་ཚུལ་གྱི་རིམ་པ་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་གྱི་འཐེན་ཐུག་ལ“ཕྱུག་འགྱུར་ཐུག་པ”དཀར་ཡོལ་བཀང་། “མཐུན་སྒྲིལ་ཐུག་པ”དཀར་ཡོལ་བཀང་། “བདེ་སྐྱིད་ཐུག་པ”དཀར་ཡོལ་བཀང་། “སྐྱེ་ཁམས་ཐུག་པ”བཀང་བཅས་ཞེས་བརྗོད་ཀྱི་ཡོད།
1.མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ལ་ཐབས་ལམ་གྱི་མཐའ་སྣེའི་རིན་ཐང་ལྡན་པ། “ཀྲུང་ཧྭའི་མགྱོགས་ཟས་ཨང་དང་པོའི”འཐེན་ཐུག་ཐོན་ལས་ཤིག་ཡིན་པའི་ངོས་ནས་བརྗོད་ན་ཐབས་ལམ་སྣ་མང་བརྒྱུད་རྒྱལ་ཁ་ཐོབ་པའི་འཕེལ་རྒྱས་ཀྱི་རྨང་གཞི་དངོས་འབྲེལ་ལྡན་ཡོད། ཧྲང་ཧའེ་གྲོང་ཁྱེར་ལ་ཆ་མཚོན་ན། མཚོ་སྔོན་གྱི་འཐེན་ཐུག་ལས་གཉེར་ཁང2800ཙམ་ཡོད་པ་དང་། དེ་དག་ནི2800སྡོད་ཁུལ་དང་། ཡིག་བྲིས་ཐོག་ཁང་། གྲོང་ཁྱེར་དང་གྲོང་རྡལ། ཁྲོམ་གཞུང་སོགས་རིམ་པ་མི་འདྲ་བའི་ཚོང་ལས་ཀྱི་གནས་བབ་ཐོག་སོ་སོར་གནས་ཡོད། ཧྲང་ཧའེ་འཐེན་ཐུག་ལས་གཉེར་ཁང་གི་ཉིན་རེའི་ཆ་སྙོམས་མི80ཡོད་པ་དང་། ལོ་གཅིག་ལ་མི་དུང་ཕྱུར1.8ཙམ་ཟིན་གྱི་ཡོད། གལ་ཏེ་ལོ་རེར“མཚོ་སྔོན་རྟགས་ཅན་གྱི”ཐོན་རྫས་འཐེན་ཐུག་ལས་གཉེར་ཁང་དུ་བཅུག་ཚེ། མི་དུང་ཕྱུར1.8ཀྱིས“མཚོ་སྔོན་གྱི་ཐོན་རྫས་མང་པོར”སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་ཐུབ་ཀྱི་ཡོད།
2མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ལ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་སྐྱོད་པའི་རྩ་འཛུགས་ཀྱི་འགན་ལེན་ལྡན་ཡོད། རྒྱལ་ཡོངས་སུ་འཐེན་ཐུག་ལས་གཉེར་ཁང་ཁྲི3ཙམ་ཡོད་པ་དེར“མཚོ་སྔོན་གྱི་ཐོན་རྫས་མང་པོ”ཆེད་ཚོང་ཚོང་ཁང་ཁྲི་3ཙམ་ཡོད་པ་དང་འཐེན་ཐུག་རྒྱག་མཁན་ཁྲི20ཙམ་ནི“མཚོ་སྔོན་གྱི་ཐོན་རྫས་མང་པོར”མགྲིན་ཚབ་པ་ཁྲི་20ཙམ་རེད། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་ཀྱིས་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཚོང་ཁང་གི་ཁང་གླ་དང་། མི་ཐབས་ལ་བརྟེན་པ། གཉེར་སྐྱོང་བྱེད་སྟངས་སོགས་ཀྱི་ཐད་ཚོད་བགམ་འཕྲད་ཀྱི་ཡོད་པས“འཐེན་ཐུག་དཔུང་ཆེན”ཞེས་པའི་ཚོང་གཉེར་ཚོགས་པ་དེ་བེད་སྤྱོད་ཡག་པོ་གཏོང་དགོས། ས་ཆ་གཞན་དུ་ཡོད་པའི་མཚོ་སྔོན་གྱི་འཐེན་ཐུག་ལས་གཉེར་ཁང་མང་པོ་ཞིག་གིས་གླུ་གར་ཁང་གི་འགྲམ་དུ“མཚོ་སྔོན་གྱི་དངོས་ཟོག་ལེགས་འདེམས་བྱེད་པའི”ཆེད་སྒམ་ཞིག་ཇུས་འགོད་བྱེད་ཀྱི་ཡོད། དེའི་ཐོག་ཚགས་ཤ་སྐམ་པོ་དང་། འོ་མ། མཚོ་སྔོན་གྱི་ཞོ། འཕང་འབྲས་དམར་པོ། སུར་པན་དམར་པོ་སོགས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་བཤམས་ཡོད། འཛད་སྤྱོད་པ་མཚོ་སྔོན་དུ་སླེབས་དུས་འཐེན་ཐུག་ངོ་མ་ཞིག་གི་བྲོ་བ་མྱོང་བ་མ་ཟད། ད་དུང་སྤུས་ཚད་ལེགས་པའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཀྱང་ཉོ་ཐུབ་ཀྱིན་ཡོད། ཚོང་ཁང་གི་གཉེར་སྐྱོང་ཡོང་འབབ་མང་དུ་བཏང་བ་དང་ཆབས་ཅིག་འཛད་སྤྱོད་པར“མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་འོས་སྦྱོར་བྱས་ནས་གཅིག་གོ་མང་ཆོད་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད།
3མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ལ“མཚོ་སྔོན་གྱི་ཐོན་རྫས་མང་པོའི”IPགཟུགས་བརྙན་ལྡན་ཡོད། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱིས་མང་ཚོགས་ཕྱུག་འགྱུར་གྱི་ཡོང་འབབ་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དང་མཚོ་སྔོན་གྱི་འཐེན་ཐུག་ས་གནས་དེ་གའི་གྲོང་ཁྱེར་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་གིན་ཡོད། མཚོ་སྔོན་གྱི་འཐེན་ཐུག་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཞིམ་ཟས་མགྱོགས་ཟས་ཀྱི་མཚོན་བྱེད་ཅིག་ཡིན་པ་དང་། མི་དྲང་པོ་དང་། ཟས་རིགས་སྤུས་ལེགས། ཤ་སྤུས་ལེགས། ཐུག་པ་ཡག་པོ། ཁུ་ཐང་ཞིམ་པོ་བཅས་ཡོད། འདི་ནི་ནང་ལོག་གི་འཛད་སྤྱོད་པས་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་མི་རིགས་རིག་གནས་དང་། རང་བྱུང་མཛེས་ལྗོངས། སྤུས་ལེགས་དངོས་པོ་བཅས་ལ་སྤུས་རྟགས་གཏོད་པའི་ངོས་འཛིན་གྱི་རྨང་གཞི་ཞིག་རེད།
གསུམ། འཐེན་ཐུག་ཐོན་ལས་ཀྱི་གོ་སྐབས་དམ་པོར་བཟུང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ལ་རམ་འདེགས་བྱེད་དགོས།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱིས“ས་ཁུལ་བཞིའི”འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ་འཐེན་ཐུག་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་གི་སྒུལ་ཤུགས་གལ་ཆེན་དུ་འགྱུར་བ་བྱེད་དགོས།
- 1ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱེད་པར་སྐུལ་འདེད་དང་། ཚོང་རྟགས་གྲགས་ཅན་གྱི་འཐབ་ཇུས་ཟབ་ཏུ་གཏོང་དགོས གཅིག་ནི་ད་ཆའི་ཁྲོམ་རའི་ཐོག་གི་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པའི་མཚོ་སྔོན་གྱི་འཐེན་ཐུག་རྒྱུད་འབྲེལ་ཚོང་ཁང་ལ་གཙོ་གནད་ཐོག་རྒྱབ་སྐྱོར་སྒོས། རང་ཡོད་སྤུས་རྟགས་ཀྱི་རྨང་གཞིའི་ཐོག་མཚོ་སྔོན་ཞིང་ཆེན་འཐེན་ཐུག་ཐོན་ལས་ལས་རིགས་མཐུན་ཚོགས་ཀྱིས་དབང་ཆ་སྤྲད་པའི“མཚོ་སྔོན་འཐེན་ཐུག”ས་ཁོངས་ཀྱི་སྤྱི་སྤྱོད་མཚོན་རྟགས་བརྒྱུད། ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་དབང་ཆ་སྤྲད་པ་བརྒྱུད་སྤུས་རྟགས་བཏོད་དེ་ཁེ་ལས་ལ“སྤུས་རྟགས་གཉིས”ཀྱི་འཐབ་ཇུས་ལྟར་གཅིག་གྱུར་དང་། གཅིག་གྱུར་མཚོན་རྟགས་བཀོད་པ། གཅིག་གྱུར་བརྒྱུད་སྒྲོག་སོགས་ཀྱི་མ་ལག་ལ་མཛུབ་ཁྲིད་བྱས་ནས་ཚད་ལྡན་དུ་གཏོང་དགོས། གཉིས་ནས་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་ཐོན་དངོས་ཤིག་ཡིན་པའི་ངོས་ནས་ལོ30སྔོན་གྱི་མཚོ་སྔོན་གྱི་འཐེན་ཐུག་དེ་རི་ལུང་བརྒལ་ནས་གྲོང་ཁྱེར337ལ་ཁྱབ་ཡོད། ད་ཆ་མཚོ་སྔོན་གྱི་འཐེན་ཐུག་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་ཤར་རླུང་ལ་དམ་པོར་དམིགས་ཏེ། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱིས་རྒྱལ་ཁབ་མི་འདྲ་བར་ཚོང་རྟགས་ཐོ་འགོད་བྱེད་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས“མཚོ་སྔོན་གྱི་འཐེན་ཐུག”ལ་ཕྱི་རྒྱལ་གྱི་སྤུས་རྟགས་བཏོད་དེ“འཛམ་གླིང་གི་ཐུག་པའི་དཀར་ཡོལ་དང་པོ་ནི་ངའི་ཕ་ཡུལ་གྱི་ཀྲུང་གོ་ནས་ཡོང་བ་ཡིན”ཞེས་པའི་སྦྱར་ཡིག་བཟོས་ནས་རྒྱལ་ནང་གི་བཟའ་བཏུང་ལས་རིགས་ཀྱི་གནས་ཚུལ་ཚབས་ཆེན་འོག་འཛམ་གླིང་དུ་སྔོན་ལ་བསྐྱོད་ཕོད་པའི་མཚོ་སྔོན་གྱི་འཐེན་ཐུག་ཁེ་ལས་ཁག་གཅིག་གཏོད་དགོས། གསུམ་ནི་མཚོ་སྔོན་གྱི་འཐེན་ཐུག་ལས་ཁུངས་ཁག་གི་ཟ་ཁང་དང་། མཐོ་སློབ་ཏུ་སྐྱོད་པ། མྱུར་བགྲོད་ཞབས་ཞུ་ཁུལ་དུ་སྐྱོད་པ་བཅས་ལ་རྒྱབ་སྐྱོར་བྱས་ནས་མཚོ་སྔོན་གྱི་འཐེན་ཐུག་ལ་རྒྱལ་ནང་གི་ཁྲོམ་ར་མེད་པའི་སྟོང་ཆ་སྐོང་དགོས།
2ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས་ནས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་“ཚོང་ཁང་གསུམ་གཅིག་ཏུ་འདུས་པའི”མ་དཔེའི་ཚོང་ཁང་བསྐྲུན་དགོས། འཐེན་ཐུག་ལས་གཉེར་ཁང་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་། མཛེས་སྡུག་ལྡན་པའི་མཚོ་སྔོན་དྲིལ་སྒྲོག་ཁང་བཅས་རེད། གནས་སའི་གྲོང་ཁྱེར་དང་། མིའི་འགྲོ་ཚད། གནས་སའི་གནས་ཡུལ། ཚོང་ཁང་གི་རྒྱ་ཁྱོན་སོགས་ལ་གཞིགས་ནས་འཐེན་ཐུག་ལས་གཉེར་ཁང་གི་མ་དཔེ་བདམས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འཐེན་ཐུག་ལས་གཉེར་ཁང་དུ་བཙུགས་ནསBཡིསCསྣེ་སྤྱད་དེ་འཛད་སྤྱོད་བྱ་རྒྱུར་སྐུལ་ཁྲིད་བྱས་ནས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་འཐེན་ཐུག་ལས་གཉེར་ཁང་དུ་ཕྱིར་ཚོང་བྱེད་པར་རྨང་གཞི་བཏིང་བ་དང་ཁྲོམ་རར་ཞིབ་དཔྱད་བྱ་དགོས། གཉིས་ནས“ཚོང་ཁང་གསུམ་གཅིག་སྒྲིལ”གྱི་མ་དཔེའི་ཚོང་ཁང་ལ་གཞོགས་འདེགས་བྱས་ནས“འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་འཐེན་ཐུག་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཚབ་བྱེད་དུ་འཇུག་པའི”བྱེད་སྒོ་སྤེལ་ནས་སྲོལ་རྒྱུན་གྱི་ཞིང་ལས་ཐོན་ཟོག་དྲ་བ་དང་འབྲེལ་ནས་མཚོ་སྔོན་གྱི་འཐེན་ཐུག་འཕེལ་རྒྱས་ལ་ཐོན་ལས་དྲ་སྦྲེལ་གྱི་ཕན་འབྲས་ཐོན་པར་བྱེད་དགོས།
3མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱི་ཚད་གཞིའི་མ་ལག་ཞིབ་འཇུག་དང་གཏན་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱི་སྒོ་བྱང་ཚད་གཞི་དང་། ཐང་རྒྱུའི་གྲུབ་རྫས་ཞིབ་འཇུག་གསར་སྤེལ། བཟའ་བཅའི་བདེ་འཇགས། ཞབས་ཞུའི་སྤུས་ཚད། ཟོག་འགྲེམས་སྐྱེལ་འདྲེན་སོགས་ལ་དམིགས་ནས་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱི་ཚད་གཞི་བཟོས་ཏེ། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱི་ཐོན་ལས་ཡོངས་ཀྱི་ཐོན་ལས་འབྲེལ་ཐག་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།
4མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་མགྱོགས་སུ་གཏོང་དགོས། གཅིག་ནས་འཐེན་ཐུག་ཚོང་ལས་སློབ་གླིང་ལ་བརྟེན་ནས་གྲོང་གསེབ་ཀྱི་སློབ་གྲྭ་འཛུགས་དགོས། འཐེན་ཐུག་ཐོན་ལས་གཉེར་སྐྱོང་དོ་དམ་རིགས་དང་། ལས་རིགས(ལས་རིགས)རྩལ་ནུས་རིགས་ཀྱི་གསོ་སྦྱོང་སོགས་བྱས་ནས་འཐེན་ཐུག་གི་དོ་དམ་ཤེས་ལྡན་མི་སྣ་དང་། ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ། གྲོང་གསེབ་ཀྱི་ལག་ཤེས་པ་བཅས་ཁག་གཅིག་གསོ་སྦྱོང་བྱ་དགོས། གཉིས་ནས་རིགས་ཁག་གི་མཐོ་སློབ་ཀྱི་སློབ་ཁྲིད་ཚན་ཞིབ་དང་འཐེན་ཐུག་ཐོན་ལས་ཀྱི་དགོས་མཁོ་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནསའཐེན་ཐུག ཚགས་ཤའི་བྲོ་རྫས། སུར་པན་གྱི་སྣུམ་ཐོན་རྫས་བཅས་མཉམ་ལས་ཞིབ་འཇུག་གསར་སྤེལ་བྱེད་དགོས།
ལོ་ཙཱ་བ།རྟ་མགྲིན་དཔལ།