ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་དོན་གསལ་བསྒྲགས། ཞིང་ཆེན་རིམ་པ།
མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་རྩལ་ནུས་འགྲན་སྡུར་སྐབས་གཉིས་པའི་སྟེང་དངུལ་གྱི་རྟགས་མ་གཅིག་བླངས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-21 09:48:23

ཟླ9པའི་ཚེས19ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་ལག་རྩལ་འགྲན་སྡུར་ཆེན་མོ་སྐབས་གཉིས་པ་ཐིན་ཅིན་གྲོང་ཁྱེར་ནས་མཇུག་རྫོགས། ཐེངས་འདིའི་འགྲན་བསྡུར་ལ་ཞུགས་མཁན་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྒུལ་བདེའི་འཕྲུལ་མིའི་རྣམ་གྲངས་ཀྱི་འགྲན་ཞུགས་པ་རའོ་ཆིང་ཉིང་དང་མའོ་ཧྲའོ་སེན་གཉིས་ཀྱིས་ཚ་ཚ་འུར་འུར་གྱི་འགྲན་སྡུར་བརྒྱུད།  དངུལ་གྱི་རྟགས་པ་གཅིག་བླངས་ལ། དེ་ནི་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྐབས་རིམ་བྱུང་ག་འགྲན་སྡུར་ཁྲོད་ཀྱི་ཆེས་མཆོག་ཏུ་གྱུར་བའི་གྲུབ་འབྲས་རེད།

ཤེས་གསལ་ལྟར་ན།  སྒུལ་བདེའི་འཕྲུལ་མིའི་རྣམ་གྲངས་ནི་འབྲེལ་ཡོད་ཀྱི་གཞུང་ལུགས་ཤེས་བྱ་དང་ལག་ལེན་ཉམས་མྱོང་བཀོལ་སྤྱོད་བྱས་ཏེ།  འཕྲུལ་མིའི་འཕྲུལ་ཆས་དང་ཚོད་འཛིན་མ་ལག་དམིགས་སུ་བཟུང་ནས་འགྲན་སྡུར་བྱེད་པའི་རྣམ་གྲངས་ཤིག་རེད།   རྣམ་གྲངས་དེས་འགྲན་ཞུགས་མཁན་གྱི་ལག་རྩལ་ནུས་པ་དང་། སེམས་ཁམས།  དེ་གཉིས་བར་གྱི་རམ་འདེགས་བྱེད་སྟངས་སོགས་ཀྱི་ཕྱོགས་བསྡུས་ནུས་པར་ཚོད་བགམ་བྱེད་པ་ཞིག་ཡིན།   འགྲན་སྡུར་དེ་ཁྲོད་དུ་འགྲན་ཞུགས་པར་ཇུས་འགོད་དང་། ཐོན་སྐྱེད།  སྒྲིག་སྦྱོར།  སྒྲིག་འཛུགས།  སྒྲིག་རིམ།   དོ་དམ་དང་འཕྲུལ་མིའི་ནང་ཁོག་གི་འཕྲུལ་ཆས་དང་།  གློག་སྐུད།   ཚོད་འཛིན་མ་ལག་བཅས་ཞིག་གསོ་ཐུབ་པའི་ནུས་པ་ལྡན་པ། འཕྲུལ་མིའི་ཚོད་འཛིན་མ་ལག་སྒྲིག་སྦྱོར་དང་ལག་ལེན།   འཕྲུལ་མིའི་ལྷུ་ལག་རེ་རེ་དང་བྱེད་ནུས་ཧྲིལ་བོར་ཚད་ལེན། ལས་རིགས་ཀྱི་ཚད་གཞི་དང་མཐུན་པའི་ཆ་རྐྱེན་བཅས་ལྡན་དགོས།

རའོ་ཆིང་ཉིང་གིས་འདི་སྐད། འགྲན་སྡུར་སྔོན་གྱི་ཐུན་མོང་གི་གྲ་སྒྲིག་སྦྱོང་བརྡར་ཁྲོད་དགེ་རྒན་གྱིས་སློབ་སྟོན་ཟབ་མོ་གནང་བ་དང་།  ངེད་ཅག་གིས་འབད་བརྩོན་ལྷོད་མེད་བྱས་པའི་རྒྱུ་མཚན་གྱིས་ཐེངས་འདིའི་དངུལ་གྱི་རྟགས་མར་མཚོན་ན་ང་ཚོའི་ལོ་གཅིག་རིང་ལ་གྲ་སྒྲིག་ནན་ཏན་བྱས་པའི་གྲུབ་འབྲས་ཤིག་ཡིན་ཟེར།ཐེངས་འདིའི་འགྲན་སྡུར་ཁྲོད་དུ། རང་ཞིང་གི་འགྲན་ཞུགས་པ་ཧྥན་ཅ་ཆུན་དང་། ལིའུ་ཧྥུ་ཁྲེང་གཉིས་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་དང་།  ཧུའུ་ཙུང་ཧྲན་ལ་དཔུང་སྡེ་ཡི་རྩེ་གྲའི་བྱ་དགའ་ཐོབ། ཀྲའོ་ཡུས་ཅའོ་ལ་ནུབ་རྒྱུད་རྩལ་ནུས་ཀྱི་སྐར་ཆེན་ཞེས་པའི་བྱ་དགའ་ཐོབ།  མཚོ་སྔོན་འཐུས་ཚབ་ཚོགས་པར་ཕུལ་བྱུང་ཚན་ཆུང་གི་བྱ་དགའ་ཐོབ་པའོ། །

ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་རྩལ་ནུས་འགྲན་སྡུར་སྐབས་གཉིས་པའི་སྟེང་དངུལ་གྱི་རྟགས་མ་གཅིག་བླངས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།