རང་ཞིང་གིས་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་གསེབ་ཀྱི་དངོས་ཟོང་དང་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-21 09:48:23
རང་རེའི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན།མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་ཡིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུའུ་དང་མཉམ་འབྲེལ་སྒོས།《ཞིང་ཆེན་ཡོངས་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་མཉམ་འདྲེས་འདེགས་སྐྱོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འཁོར་རྒྱུག་སྤུས་ཚད་མཐོན་པོས་སྒོ་ནས་འཕེལ་རྒྱས་གཏོང་བའི་བྱ་བའི་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་སྤྱི་འདོམས་སྐུལ་འདེད་དང་རྨང་བརྟན་གཞི་ཇེ་བརྟན། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཕྱོགས3ཐད་ཀྱི་ནང་དོན11གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།
《བྱེད་ཐབས》ཁྲོད།གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་བཏང་ནས2025ལོར་སླེབས་སྐབས་གཞི་རྩའི་ཆ་ནས་མྱུར་སྐྱེལ་ཞབས་ཞུ་ཡུལ་ཚོ་དང་གྲོང་རྡལ་ཁྱོན་ཡོངས་ལ་ཁྱབ་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་ཁྱབ་ཚད90%ཡན་སླེབས་ནས། ཞིང་ཆེན་ཡོངས་ཀྱི་ཟོག་འདྲེན་མཉམ་ལས་ལམ་ཐིག20ཡན་སླེབས་ཏེ། ཞིང་ཆེན་རིམ་པའི་ཟོག་འདྲེན་མཉམ་འདྲེས་ཚོད་ལྟའི་ས་ཁུལ་སྐྱེད་སྲིང་དང་འཛུགས་སྐྲུན། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་མ་གནས་བཅག་ནས་ཕན་འབྲས་མངོན་གསལ་ཐོབ་པ་དང་།གྲོང་གསེབ་ཀྱི་ཟོག་སྐྱེལ་འཁོར་རྒྱུག་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་རྨང་གཞིའི་རང་བཞིན་གྱི་གཞོགས་འདེགས་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ་བསྟན་ཡོད།
《བྱེད་ཐབས》ཁྲོད།གཅིག་ནས་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་གྲོང་གསེབ་དར་རྒྱས། སྦྲག་སྲིད་དོ་དམ་སོགས་སྡེ་ཚན་མཉམ་དུ་ཞུགས་པའི་མཉམ་འདྲེས་འཕེལ་རྒྱས་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་ནས།“མྱུར་སྐྱེལ་གྲོང་གསེབ་དུ་ཐོན་པའི”དམིགས་ཚད་བླང་བྱ་དང་ཟུང་འབྲེལ་བྱས་ཏེ།གནད་ཁེལ་ཤུགས་འདོན་གྱིས་གྲོང་གསེབ་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་མཉམ་འདྲེས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས་རྨང་གཞི་བརྟན་དུ་བཏང་ནས་འགྲུལ་ཟོག་དང་སྦྲག་ཐོག་མཉམ་འདྲེས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་དགོས། རྫོང་རིམ་པའི་ངོས་ནས་རྫོང་ཁོངས་ཀྱི་འགྲུལ་ཟོག་སྐྱེལ་འདྲེན་ར་བ་དང་སྦྲག་སྲིད་མྱུར་སྐྱེལ་དབྱེ་འབྱེད་ལྟེ་གནས། ཟོག་འགྲེམས་གླིང་ཁུལ། དྲ་ཐོག་ཚོང་དོན་གླིང་ཁུལ། མཁོ་འཚོང་སོགས་ས་ཆའི་ཐོན་ཁུངས་སྒྲིག་བཀོད་གང་ལེགས་སྤྱད་དེ་རྫོང་རིམ་པའི་མཉམ་སྤྱོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་གྱི་ངོས་ནས་ད་ཡོད་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དང་སྦྲག་སྲིད་མྱུར་སྐྱེལ་དྲ་ཚིགས། དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས། མཁོ་འཚོང་གཞི་རིམ་ཁང་སོགས་ཀྱི་ཐོན་ཁུངས་གཅིག་འདོམས་བེད་སྤྱོད་བྱས་ཏེ།གོང་མཐུད་རྫོང་རིམ་པ་དང་གཤམ་འབྲེལ་གྲོང་ཚོའི་བསྡུ་འགྲེམས་དང་བར་བརྒྱུད་ནུས་པ་ཆེ་རུ་གཏོང་རྒྱུ། གྲོང་ཚོ་རིམ་པའི་ངོས་ནས་བརྗོད་ན། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་ཚོ་རིམ་པའི་འགྲུལ་ཟོག་དང་རླངས་འཁོར་འདུག་སའི་སྒོ་རྩིས་ཚོང་ཁང་དང་། སྟབས་བདེའི་ཚོང་ཁང་། གྲོང་སྡེའི་སྦྲག་སྲིད་ས་ཚིགས། གྲོང་ཚོའི་ནང་གི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས།“གཅིག་འཐུས་རྣམ་པའི”གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བསྐྲུན་རྒྱུ་རེད། གསུམ་ནས་སྦྲག་སྲིད་དང་མྱུར་སྐྱེལ། འགྲིམ་འགྲུལ། མཁོ་སྤྲོད། ཚོང་དོན་འགྲོ་རྒྱུག་སོགས་ཀྱི་ཁེ་ལས་ཀྱིས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྫོང་ནས་ཡུལ་ཚོའི་བར་དང་། ལམ་རྒྱུད་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོའི་ཕྱོགས་གཉིས་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་བསྐུར་སྐྱེལ་སྐྱེལ་འདྲེན་བྱེད་པའི་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་པ་བསྟན་ཡོད།
《བྱེད་ཐབས》ཁྲོད།ས་གནས་སོ་སོས་གྲོང་གསེབ་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས།ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཇུས་གཞི་བཟོ་བ། འགྲུལ་ཟོག་དང་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ།ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་འགྲུལ་ཟོག་དང་དངོས་ཟོག་མཉམ་འདྲེས་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཀླུ་མོས་བསྒྱུར།