ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་དོན་གསལ་བསྒྲགས། ས་གནས་རིམ་པ།
མཚོ་བྱང་གིས་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཨ་གཡང་སྐྱིད།  
སྤེལ་དུས། 2023-09-15 17:08:01

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ9པའི་ཚེས11ཉིན་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ཅུའུ་དེས་ཡུལ་ཚོ་ཚོང་དོན་ལྟེ་གནས་སྒྱུར་བཀོད་རིམ་སྤོར་དང་།    རིམ་གསུམ་ཟོག་འགྲེམས་མ་ལག་འཛུགས་སྐྲུན།    འཛད་སྤྱོད་ཐབས་ལམ་ཇེ་ལེགས་སུ་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ནས་རོང་འབྲོག་ཁུལ་གྱི་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། ཟོག་འགྲེམས་སྡེབ་སྐྱེལ་མ་ལག་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་སྟེ་ཁུལ་ཡོངས་ཀྱི་ཚོང་ལས་ཀྱི་ཐེག་ནུས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད།     

རྣམ་གྲངས་ཀྱི་སྣེ་ཁྲིད་འོག་ས་གནས་དེ་གའི་ཚོང་དོན་འཁོར་རྒྱུག་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་།    རྫོང་གྲོང་ལྟེ་བར་བྱེད་པ་དང་།    ཡུལ་ཚོ་གཙོ་གནད་དུ་བྱེད་པ།    གྲོང་ཚོ་རྨང་གཞིར་བྱེད་པ་བཅས་ཀྱི་ཚོང་ལས་མ་བྱས་ནས་མཐར་རྫོང་ཁོངས་ཀྱི་ཚོང་ལས་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་སྒྱུར་བཀོད་རིམ་སྤོར་དང་།    རིམ་གསུམ་ཟོག་འགྲེམས་མ་ལག་འཛུགས་སྐྲུན།    འཛད་སྤྱོད་ཐབས་ལམ་ལེགས་གཏོང་།   རོང་འབྲོག་ཁུལ་གྱི་འཛད་སྤྱོད་སྤུས་ཚད་མཐོར་གཏོང་སོགས་ཐད་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་7འཆར་འགོད་བྱས་པ་དང་སྤྱིའི་མ་འཇོག་བསྡོམས་འབོར་སྒོར་ཁྲི་2294.8ཟིན་ཡོད།     མིག་སྔར་རྣམ་གྲངས5བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་རྣམ་གྲངས2ཡོད།  

མཚོ་བྱང་གིས་ཚོང་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་དང་།    མཁོ་སྤྲོད་འབྲེལ་ཐག་ལ་སྐུལ་འདེད་གཏོང་བ།    ཟོག་འགྲེམས་སྡེབ་སྐྱེལ།    ཚོང་ཟོག་ཞབས་ཞུ་གཞི་རིམ་དུ་ཁྱབ་པ་བཅས་ལ་དམིགས་ཏེ་དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་སྔར་བས་འཛུགས་རྒྱུ་རེད།     སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུ་འགན་ལེན་བྱས་པ་བརྒྱུད།    མོན་ཡོན་རྫོང་མཛའ་གྲོགས་ཚོང་དོན་ཀུང་སི་དང་།    ཆུ་ལེན་རྫོང་ཅིའུ་ཆི་ཚོང་དོན་ཚད་ཡོད་ཀུང་སི།    ཆུ་ལེན་ཀྲུང་ཧྭ་ཤར་རྒྱུད་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཚོང་དོན་འཁོར་རྒྱུག་ཁེ་ལས6ལ་འཛད་སྤྱོད་ཀྱི་ཐབས་ལམ་ལེགས་སུ་གཏོང་རྒྱུར་སྐུལ་ལྕག་བྱས་ནས་རྫོང་དང་ཡུལ་ཚོའི་འཛད་སྤྱོད་ཁྲོམ་རའི་མཁོ་སྤྲོད་དང་། འཛད་སྤྱོད་ཀྱི་སྟབས་བདེ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།     རྒྱ་མདོ་ཤུས་ཧུང་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད་ཉོ་སྒྲུབ་དང་།    རོལ་རྩེད།    སྤྲོ་གསེང་སོགས་ཀྱི་ལས་སྒོ་སྔར་བས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།     མདོ་ལའི་མཁའ་དབྱིངས་ཀྱི་བག་ཆགས་ཚོང་ལས་ཀྱི་རྐང་ཐང་ཁྲོམ་གཞུང་དེ་ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་རྐང་ཐང་ཁྲོམ་གཞུང་དུ་གཏན་འཁེལ་བྱས་ཡོད།     མཚོ་བྱང་ཁུལ་དར་རྒྱས་ཚོང་དོན་ཚད་ཡོད་ཀུང་སིས་གཞི་རིམ་དུ་མཁོ་སྤྲོད་ཀྱི་སྦྲེལ་ཐག་དང་ཚོང་ཟོག་གི་ཞབས་ཞུ་བརྒྱུད་ཞིང་འབྲོག་པར་ཐོན་རྫས་དང་ཐོན་རྫས་གསར་པ་ཐད་ཀར་ཉོ་སྒྲུབ་བྱེད་དུ་འཇུག་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།    

དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།    ཁུལ་ཡོངས་ཀྱི་རྫོང་དང་།    ཡུལ་ཚོ།    སྡེ་བ་བཅས་རིམ་གསུམ་ཟོག་འགྲེམས་ཞབས་ཞུའི་མ་ལག་ཆགས་ཤིང་།    རྫོང་རིམ་པའི“གཅིག་གྱུར་མཛོད་དང་གཅིག་གྱུར་སྡེབ་སྒྲིག”མཛོད་ཉར་ཟོག་འགྲེམས་ཁག་བགོས་ལྟེ་གནས་4དང་།    ཡུལ་ཚོ་དང་གྲོང་རྡལ་གྱི་ཟོག་འགྲེམས་བར་བརྒྱུད་ཞབས་ཞུའི་ས་ཚིགས32། སྡེ་བ་རིམ་པའི་ཞབས་ཞུའི་ས་ཚིགས152བཅས་བསྐྲུན་པ་དང་།    ཁུལ་ཁོངས་ནང་གི་སྐུར་སྐྱེལ་ཁེ་ལས་མང་པོ་ཞིག་ལ་སྡེབ་སྒྲིག་བྱས་ནས་རྫོང་ཁོངས་ཀྱི“གཅིག་གྱུར་མཛོད་སྡེབ”ལྟེ་གནས་སུ་བཅའ་སྡོད་བྱས་དུ་བཅུག

གཡང་སྐྱིད་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་བྱང་གིས་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།