རྨ་ཆེན་རྫོང་གིས་དབང་བོ་སྐྱོན་ཅན་ལ་རོགས་རམ་དང་རྒྱབ་སྐྱོར་གྱིས་མི་རིགས་མཐུན་སྒྲིལ་གྱི་སེམས་ཤུགས་གཅིག་ཏུ་སྒྲིལ།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-15 10:53:57

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པ་དང་། དབང་བོ་སྐྱོན་ཅན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་ཆེད། ཟླ9པའི་ཚེས12ཉིན། རྨ་ཆེན་རྫོང་དབང་བོ་སྐྱོན་ཅན་མཉན་འབྲེལ་ལྷན་ཚོགས་ཀྱིས་རྫོང་ཏང་ཨུའི་སྒྲོག་འགྲེལ་རུ་ཁག་དང་མཉམ་འབྲེལ་སྒོས་རྫ་རིང་ཁྱིམ་ཚང་རྩྭ་ཐང་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི“གཅིག་ཅན་ལྔ”རིག་གནས་ལོ་འཁོར་བྱ་འགུལ་སྤེལ།
བྱ་འགུལ་སྐབས་སུ། རྫོང་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། རྫོང་ཏང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་ཞོར། རྫོང་ཁྲལ་དོན་ཅུས་དང་། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་དབང་བོ་སྐྱོན་ཅན་ལ་དམིགས་པའི་གཟིགས་སྐྱོང་སྲིད་ཇུས་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་བཅས་སྒྲོག་འགྲེལ་བྱས། ཐེངས་འདིའི་བྱ་འགུལ་གྱིས་རིག་གནས་འཁྲབ་སྟོན་དང་སྤྲོ་འཕེལ་འགྲན་བསྡུར་གཉིས་ཀྱང་བཀོད་སྒྲིག་བྱས་ཏེ། རྐྱང་གཞས་ལེན་པ་དང་། ཞབས་བྲོ་འཁྲབ་པ་བཅས་ཀྱི་རིག་རྩལ་འཁྲབ་སྟོན་ལེགས་ཤོས་གྲ་སྒྲིག་བྱས་ལ། བྱ་འགུལ་ནང་ཞུགས་པའི་དབང་བོ་སྐྱོན་ཅན་དང་དེ་མིན་དེའི་ཁྱིམ་མིས་དགའ་སྤྲོའི་ཁེངས་པའི་རོལ་དབྱངས་དང་འགྲོགས་ནས་སྐོར་བྲོ་འཁྲབ། སྤྲོ་འཕེལ་འགྲན་བསྡུར་ལ་དབུགས་ལྒང་ཕུ་འདེབས། པྲ་ཚིལ་སྒྲོན་མེ་གཟིམ་པ། ཕེན་ཕང་སྤོ་ལོ་འཁྱེར་བ། ཤེལ་སྒང་ཐུར་མས་ལེན་པ་བཅས་ཡོད། འགྲན་བསྡུར་སོ་སོས་སྔོན་གྲལ་ཨང་རིམ་གསུམ་པོར་བྱ་དགའ་བྱིན།

ཐེངས་འདིར་བྱ་འགུལ་སྤེལ་བ་འདིས་དབང་བོ་སྐྱོན་ཅན་དང་བདེ་ཐང་ཅན་བར་འཆམ་མཐུན་དང་། རིག་རྩལ་མཉམ་རོལ་གྱི་སྟེགས་བུ་ཞིག་བསྐྲུན་པར་མ་ཟད། དབང་བོ་སྐྱོན་ཅན་སྔར་ལས་མང་པོ་ཞིག་ལ་མི་གཞན་དང་འདྲ་བའི་གོ་སྐབས་སྦྱིན་པ་དང་། ཁོ་ཚོ་སྤྱི་ཚོགས་དང་རིག་གནས་འཚོ་བའི་ནང་ཞུགས་པའི་སྤྲོ་སེམས་དང་ནུས་པ་སྐུལ་སློང་བྱས་ཏེ། དབང་བོ་སྐྱོན་ཅན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་དར་སྲོལ་གསར་པ་ཆགས་སུ་བཅུག
རིག་གནས་ལོ་འཁོར་བྱ་འགུལ་སྐབས་སུ། དཔེ་དེབ་ཅིག་ཀློག་པ། གློག་བརྙན་ཞིག་ལ་ལྟ་བ། འགྲེམ་སྟོན་ཞིག་གི་ནང་ཞུགས་པ་བཅས་ཀྱི་བྱ་འགུལ་ཡང་འཕྲོ་རིམ་འཕྲོར་སྤེལ་རྒྱུ་རེད། །