མང་རྫོང་མཁོ་བསྟུན་དོ་དམ་ཅུའུ་ཡིས་བློ་མཐུན་བདུད་མགོན་སྐྱབས་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་གཏིང་ཟབ་བྱས།
ཡོང་ཁུངས། མང་རྫོང་སྨྱན་སྦྱོར་འཕྲིན་སྟེགས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-15 10:28:52

རང་རེའི་དྲ་བའི་འཕྲིན། བློ་མཐུན་བདུད་མགོན་སྐྱབས་ཀྱི་སྔོན་ཐོན་བྱས་རྗེས་དང་ལས་གཅེས་ལས་བརྩོན་གྱི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད།ཉེ་ཆར།མང་རྫོང་མཁོ་བསྟུན་དོ་དམ་ཅུའི་ཏང་ཀྲི་པུའུ་ཡིས“སྤྱོད་ཚུལ་ལེགས་གཏོང་དང་།འཇོན་ཐང་ཆེར་གཏོང་།དངོས་སྒྲུབ་ལ་མཐོང་ཆེན།འགན་འཁྲི་འཁུར་ཕོད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་བགྲོ་གླེང་ཚོགས་འདུ་དང“མཁོ་བསྟུན་དཔེ་བཟང་ལ་སློབ་སྦྱོང་དང་།མི་གཤིས་ཀྱི་སྟོབས་ཤུགས་སྦྱོང་བ་བཅས་ཀྱི་བརྗོད་དོན་གཙོ་བོའི་ཚོགས་འདུ་འཚོགས་པ་རེད། བློ་མཐུན་བདུད་མགོན་སྐྱབས་ཀྱི་སྔོན་ཐོན་བྱས་རྗེས་ལ་ལྟ་སྦྱོང་བྱས་རྗེས།ལས་བྱེད་ལས་བཟོ་བ་ཡོངས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།ཐེངས་འདིའི་སློབ་སྦྱོང་བརྒྱུད་བློ་མཐུན་བདུད་མགོན་སྐྱབས་ཀྱི་སྔོན་ཐོན་བྱས་རྗེས་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མྱོང་ཚོར་ཟབ་མོ་བྱུང་བ་དང་།བློ་མཐུན་བདུད་མགོན་སྐྱབས་ནི་ཏང་གི་བྱ་གཞག་ལ་དགའ་ཞེན་དང་།མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་བཅས་བྱེད་པའི་ཏང་ཡོན་ལས་བྱེད་ཕུལ་བྱུང་ཅན་ཞིག་ཡིན་པ་བརྗོད། ཚང་མས་ངོས་འཛིན་བྱས་དོན།མཁོ་བསྟུན་དོ་དམ་ལས་གནས་ཀྱི་ལས་བྱེད་ཞིག་ཡིན་པའི་ངོས་ནས་ང་ཚོས་ཁོང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་དད་སེམས་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་པ་དང་།ཁོང་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་གཤིས་རྒྱུད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད།ད་དུང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་པ་དང་དུས་ཚོད་ཀྱིས་མི་སྒུག་པའི་དགོས་གཏུགས་ཀྱི་འདུ་ཤེས་དར་སྤེལ་བཏང་སྟེ་འགག་རྩའི་དུས་སུ་དཀའ་ཁག་ལ་གདོང་གཏོད་ཐུབ་པ་དང་དང་ཉེན་ཁའི་འགག་རྩའི་དུས་སུ་རང་སྲོག་བློས་གཏོང་ཐུབ་པའི་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།འཐབ་རྩོད་བྱེད་ཕོད་པ་དང་འབད་འཐབ་བྱེད་ཕོད་པའི་རྣམ་འགྱུར་ཐོག་ནས་དུས་རབས་གསར་པའི་སྤྱོད་ཚུལ་མཚོན་པ་དང་། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་སྒོ་ནས་རང་འགན་གཙང་སྒྲུབ་བྱེད་པ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ།ཏང་དང་མི་དམངས་ཀྱི་སྲུང་དམག་ཅིག་བྱེད་དགོས། ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་བདུད་མགོན་སྐྱབས་ཀྱི་ལས་ཀ་བྱས་ཚུན་ཐོག་མཐའ་བར་གསུམ་དུ་ཏང་གི་བྱ་གཞག་ཨང་དང་པོར་བཞག་ནས་ཏང་དང་།རྒྱལ་ཁབ།མི་དམངས་བཅས་ལ་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་མཁོ་བསྟུན་དོ་དམ་ལས་དོན་གྱི་གཞི་རིམ་འཐབ་ཕྱོགས་དང་པོར་བརྟན་སྲུང་དང་།སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད།
མང་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་སྐར་མ་རྡོ་རྗེ།