ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ཟུར་ཁྲིད་ཀྱི་དཔེ་དེབ་པར་སྐྲུན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་རོགས་རམ་བྱ་ཆེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞིའི〉ཟུར་ཁྲིད་ཀློག་དེབ》དང《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་གཞི》སློབ་སྦྱོང་དང་ཟུར་ཁྲིད་སྐོར་གྱི་དྲི་བ100》སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཡོད་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་བྱེད་པའི་དབང་གྲགས་ལྡན་པའི་ཟུར་ཁྲིད་དཔེ་དེབ་ཞིག་ཡིན། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི〉སྐོར་གྱི་གསལ་བཤད》བསྡུ་ལེན་བྱས་ཡོད། 

ཉེ་ཆར《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི〉ཟུར་ཁྲིད་ཀློག་དེབ》དེ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་།《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི〈གྲོས་གཞི〉སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ100》དེ་ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།