“ཟླ་བ་འདི་ནས་བཟུང་སྦྱིན་བདག་གིས་ང་ཚོར་རེའུ་མིག་ལྟར་གླ་ཕོགས་འཕར་རྒྱུ་རེད། ”ལོ་གསར་གྱི་འགོ་བརྩམས་རྗེས། ཧྥེང་ཆི་ཚའེ་ལ་ཁོ་དགའ་བའི་གཏམ་བཟང་ཞིག་འབྱོར།
ཞོགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཟུར་གསུམ་གྲོང་རྡལ་ཤིས་ཁྲ་གྲོང་ཚོའི་མཁའ་རླུང་གསར་བའི་ཁྲོད་དུ་ས་འདམ་ཅུང་ཙམ་འདྲེས་པའི་དྲི་ཞིམ་གྱིས་གདོང་དུ་འཕྱུར། ཧྥེང་ཆི་ཚའེ་ཡིས་སྔ་བའི་ཟ་མ་ཟོས་རྗེས། ཁོའི་ཞིང་སྤྱོད་རང་འབུད་རླངས་འཁོར་སྐུལ་སློང་བྱས་ཏེ། ཁ་སང་བསྡུ་རུབ་བྱས་པའི་ལུག་གི་ལུད་འཐེན་ནས་གྲོང་ཚོའི་ནོར་དང་ལུག་གི་ལུད་བརྒྱུད་འདྲེན་ལྟེ་གནས་ཀྱི་ཕྱོགས་སུ་བསྐྱོད། ས་གནས་སུ་སླེབས་རྗེས། ཁོས་བསྡུ་རུབ་བྱས་པའི་ལུག་ལུད་ཐག་གཅོད་བྱས་རྗེས། མདའ་བཞི་རྫོང་དམངས་ཧྲེང་ཞིང་འབྲོག་ཐོན་སྐྱེད་རྒྱུ་ཆ་ཚད་ཡོད་ཀུང་སིར་བཙོང་བྱས།
ཧྥེང་ཆི་ཚའེ་ནི་ཤིས་ཁྲ་གྲོང་ཚོའི་གྲོང་མི་ཡིན་ལ་མདའ་བཞི་མིང་ཧྲེང་ཞིང་འབྲོག་ཐོན་སྐྱེད་རྒྱུ་ཆ་ཚད་ཡོད་ཀུང་སིའི་ལས་མི་ཞིག་ཀྱང་ཡིན། གཙོ་བོ་སྐྱེ་ལྡན་ལུད་ཁུག་མ་བླུགས་པའི་ལས་ཀའི་འགན་འཁུར་བཞིན་ཡོད།
ཟླ་1ཚེས་6ཉིན། གསར་འགོད་པ་ཤིས་ཁྲ་གྲོང་ཚོའི་ནོར་ལུག་གི་སྐྱུག་བྲོ་བརྒྱུད་འདྲེན་ལྟེ་གནས་སུ་ཕེབས་སྐབས། ལུག་གི་སྐྱུག་བྲོ་ཕུང་པོ་རི་བོ་ཆུང་ཆུང་ཞིག་ཏུ་སྤུངས་ཡོད་པ་དང་། ས་འབུད་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་། སྲུབ་འཕྲུལ་འཁོར་གྱི་སྒྲ་འཕྱུར་ནས་སྐྱུར་བསྙལ་བྱས་པའི་ལུག་གི་སྐྱུག་བྲོ་དེ་གྲང་ངར་ཆེ་བའི་དགུན་ཁར་ཚ་རླངས་འཕྱུར་བཞིན་ཡོད། སྐྱུར་བསྙལ་བྱས་པའི་སྐྱེ་ལྡན་ལུད་ཁུག་མ་རེ་རེ་སྐྱེལ་འདྲེན་ཐག་བརྒྱུད་ནས་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་གི་སྟེང་དུ་བླུགས་པས། ལྟེ་གནས་ཧྲིལ་པོ་བྲེལ་འཚུབ་ཆེ་བའི་ཐོན་སྐྱེད་ཀྱི་རྣམ་པ་ཞིག་ཏུ་གྱུར།
“ནོར་དང་ལུག་གི་ལུད་སྐྱེལ་ལྟེ་གནས་ལ་མ་དངུལ་འཇོག་པ་སྒོར་ཁྲི་878.64དང་རྒྱ་ཁྱོན་སྤྱི་ཆིང་6.7བཟུང་ཡོད། མིག་སྔར་སྐྱེ་ལྡན་ལུད་ཐོན་སྐྱེད་ལས་སྣོན་ཁེ་ལས་8ཡོད་པ་དང་། མི་20ལྷག་ཙམ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཡོད། ལོ་རེར་ལུད་སྐྱེལ་ཏུན་ཁྲི་4.6བརྒྱུད་འདྲེན་བྱེད་ཐུབ་པས། ཞིང་ཆེན་ཕྱི་ནང་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་སྐྱེ་ལྡན་ལུད་ལས་སྣོན་རྒྱུ་ཆ་མཁོ་འདོན་བྱས་ནས་ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་ཉུང་དུ་གཏོང་ཐུབ”ཅེས་ཟུར་གསུམ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཀྲང་གཞོན་པ་པའེ་ཞུའེ་ཡན་གྱིས་བཤད།
2007ལོར་གནས་སྤོ་བྱས་པ་ནས་བཟུང་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཤིས་ཁྲ་གྲོང་ཚོར་གསོ་སྤེལ་ལས་རིགས་གཙོ་བོར་འཛིན་པའི་དཔལ་འབྱོར་གྲུབ་ཆ་རིམ་བཞིན་ཆགས་པ་དང་གྲོང་ཚོ་ཡོངས་ཀྱི་ཞིང་དུད་ཕྱེད་ཀ་ཡན་གྱིས་གསོ་སྤེལ་ཐོན་ལས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གསོ་སྤེལ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ནོར་དང་ལུག་གསོ་སྤེལ་བྱས་ནས་ས་གནས་དེ་གའི་གྲོང་མིར་ཡོང་འབབ་མང་པོ་ཐོབ་པ་དང་ཆབས་ཅིག་ནོར་དང་ལུག་གི་ལུད་ཐག་གཅོད་བྱ་རྒྱུ་དེ་སྐབས་ཤིག་རིང་གྲོང་མིར་“མགོ་ན་པའི་དོན་དག་”ཞིག་ཏུ་གྱུར་ཡོད།
དཀའ་གནད་དེ་ཐག་གཅོད་བྱེད་ཆེད། ཤིས་ཁྲ་གྲོང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲོང་མིའི་ཚོགས་ཆེན་འཚོགས་ནས་དམངས་འདོད་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་ལ་རྣམ་གྲངས་གསོག་འཇོག་འཆར་གཞི་ཧུར་ཐག་གིས་ཡར་ཞུ་བྱས་ཏེ། རྫོང་ཨུ་ལྷན་དང་རྫོང་སྲིད་གཞུང་། ཞིང་འབྲོག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ནོར་ལུག་གི་ལུད་སྐྱེལ་ལྟེ་གནས་ཀྱི་རྣམ་གྲངས་བསྐྲུན་ཡོད། མཐའ་འཁོར་ས་ཁུལ་ལ་སྤུས་ལེགས་སྐྱེ་ལྡན་ལུད་ཀྱི་རྒྱུ་ཆ་མཁོ་འདོན་བྱས་པ་བརྒྱུད་ལུད་བཙོག་སྤུངས་པའི་དཀའ་གནད་ཐག་གཅོད་བྱས་པ་མ་ཟད། ཤིས་ཁྲ་གྲོང་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡང་འཕྲད་ཡོད།
“ང་མདའ་བཞི་མིན་ཧྲེང་ཞིང་འབྲོག་ཐོན་སྐྱེད་རྒྱུ་ཆ་ཚད་ཡོད་ཀུང་སིར་ལས་ཀ་བྱས་ནས་ལོ་ཕྱེད་ལྷག་ཙམ་ཕྱིན་ཡོད། གཏན་འཇགས་གླ་ཕོགས་སྒོར་2800ཕུད། ད་དུང་རེའུ་མིག་ལྟར་གླ་ཕོགས་ལེན་ཐུབ། སྔོན་ཆད་སྐྱེ་ལྡན་ལུད་ཏུན་10བླུགས་ན་སྒོར་25ལེན་ཐུབ་མོད། ད་ལོར་སྦྱིན་བདག་གིས་ང་ཚོར་སྒོར་30བར་འཕར་ཡོད། ལས་ཀ་མང་ཙམ་བྱས་ན་མང་ཙམ་ལེན་ཐུབ། ངའི་ཆུང་མ་ཡང་ཀུང་སིར་ཡོད། ཆེད་མངགས་ང་ཚོའི་བཟོ་པ་6ལ་ཟ་མ་བཟོ་བཞིན་ཡོད། ཟླ་རེར་ཡོང་འབབ་སྒོར་2400ཡོད། ང་ཚོ་སྒོ་འགྲམ་དུ་ལས་ཞུགས་ཐུབ་པས་ཡོང་འབབ་ཀྱི་ཡོང་ཁུངས་བརྟན་པོ་ཡོད། ཧྥེང་ཆི་ཚའེ་ཡིས་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་ཀྱིས“གྲོང་ཚོའི་ཐུན་མོང་དང་ཁེ་ལས། ཞིང་དུད་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་ཡོད། དོ་དམ་ཐད་གྲོང་ཚོའི་ཐུན་མོང་གིས་གཅིག་གྱུར་གྱིས་འགན་འཁུར་རྒྱུ་དང་། གཉེར་སྐྱོང་ཐད་ཁེ་ལས་ཁག་གིས་གན་རྒྱ་གཞིར་བཟུང་ལས་བགོས་མཉམ་ལས་བྱས་ནས་འཕེལ་རྒྱས་སྟེགས་བུ་འཛུགས་རྒྱུ་ཡིན་པ་དང་། རྣམ་པ་དེ་རིགས་ཀྱིས་ཧྥེང་ཆི་ཚའེ་ལྟ་བུའི་དབུལ་སྒྲོལ་དུད་ཚང་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱས་པ་མ་ཟད། མཐའ་འཁོར་ས་ཁུལ་གྱི་སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ལ་གཏན་འཇགས་ཀྱི་མ་བཅོས་རྒྱུ་ཆའི་འབྱུང་ཁུངས་མཁོ་འདོན་བྱས་ཡོད།
“ད་ལྟ་ཚང་མའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་ཆེར་འགྲོ་བ་དང་གྲོང་ཚོའི་ཁོར་ཡུག་ཀྱང་ཇེ་བཟང་དུ་འགྲོ་བཞིན་ཡོད”ཅེས་ལོ་ན་གཞོན་པའི་གྲོང་ཚོའི་ཏང་ཧྲི་ཧྲུའུ་ཅི་ཁྲིན་ཡུས་ཀྱིས་སྔོན་ཆད་དྲི་ངན་དེ་དག་ད་ལྟ་ང་ཚོ་ཕྱུག་པོར་འགྱུར་བའི་“གསེར་གྱི་འབུར་རྡོག་”ཏུ་གྱུར་ཡོད། 2024ལོར་གྲོང་ཚོའི་ཐུན་མོང་གི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་འཕར་བ་དེ་གྲོང་ཚོའི་ངོས་ནས་བརྗོད་ན་རྒྱུ་ནོར་ཆུང་ཆུང་ཞིག་རེད།
གྲོང་ཚོར་སྟེགས་བུ་ཡག་པོ་དེ་འདྲ་ཞིག་ཡོད་པས་མི་དེ་བས་མང་བ་ནོར་ལུག་གི་རིལ་ལུད་ཐག་གཅོད་བྱེད་པའི་ལས་དོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་དང་ཤིས་ཁྲ་གྲོང་ཚོའི་ཐང་ཡུས་ཆང་ནི་དེའི་ནང་གི་ཕན་པ་ཐོབ་མཁན་ཡིན་པ་རེད། ཐང་ཡུས་ཆང་གིས་ལུག་༥༠༠གསོས་ཡོད་པས་ལོ་ལྟར་རིལ་ལུད་འབོར་ཆེན་ཐོན་གྱི་ཡོད། རིལ་ལུད་དེ་དག་ཇི་ལྟར་ཐག་གཅོད་བྱས་ན་ཐང་ཡུས་ཆང་གི་ན་བཞིན་ཡོད། ཐང་ཡུས་ཆང་གིས“ད་ལྟ་ཡག་པོ་འདུགལུག་གསོ་ན་སྒོར་མོ་བཙལ་ཐུབ། ལུག་ལུད་འདིར་ཁྲིད་ནས་བཙོངས་ན་སྒོར་མོ་བཙལ་ཐུབ། ན་ནིང་ལུག་ལུད་བཙོངས་པའི་རྣམ་གྲངས་ཁོ་ན་ལས་ངའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་འཕར་ཡོད། ད་ལོར་གསོ་སྤེལ་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད”ཅེས་དགོད་བཞིན་བཤད།
ཤིས་ཁྲ་གྲོང་ཚོའི་ནོར་དང་ལུག་གི་ལུད་སྐྱེལ་ལྟེ་གནས་ལས་བྱུང་བའི་ཕན་པ་དེ་ཚོ་ཙམ་ལས་མེད། མདའ་བཞི་མིན་ཧྲེང་ཞིང་འབྲོག་ཐོན་སྐྱེད་རྒྱུ་ཆ་ཚད་ཡོད་ཀུང་སི་ནི་ནོར་ལུག་གི་ལུད་རྒྱུ་ཆར་བྱེད་པའི་སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ཤིག་ཡིན་པ་དང་ན་ནིང་ཐོན་ཚད་ཏུན་7000ལྷག་ཙམ་དང་ཚོང་གཉེར་ཡོང་འབབ་སྒོར་ཁྲི་540ལྷག་ཙམ་ཡོད་པ་རེད། “ཁྱོད་ཀྱིས་སྒོ་རའི་ནང་གི་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ལ་ཁེངས་ཟིན་པ་དང་། ལྗིད་ཚད་འཇལ་བཞིན་ཡོད། རླངས་འཁོར་གཞན་ཞིག་གིས་ཛ་དྲག་ངང་དབོར་བཞིན་ཡོད། རླངས་འཁོར་གཉིས་སུ་བསྡོམས་པས་སྐྱེ་ལྡན་ལུད་ཏུན་72ཡོད་པ་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཕུའུ་ཅང་རྫོང་དུ་དབོར་དགོས། ཚོང་ཐོ་འདི་མཇུག་སྒྲིལ་རྗེས། ད་དུང་ཏུན་3000ཡི་མངགས་ཐོ་ཞིག་ཡོད་པ་དེ་ནི་སྔ་རྟགས་ཡག་པོ་ཞིག་རེད”ཅེས་ཀུང་སིའི་ཁྲིམས་མི་ཀྲང་ཀྲན་ཧུང་གིས་དགོད་བཞིན་དུ་བཤད།
ནོར་དང་ལུག་གི་རིལ་ལུད་གང་འདོད་དུ་སྤུངས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱས་ནས་བེད་མེད་ནོར་བར་འགྱུར་བ་དང་། ཁོར་ཡུག་སྦགས་བཙོག་ནས་ལྗང་མདོག་འཕེལ་རྒྱས་གཏོང་བར་ཡོང་འབབ་མང་དུ་གཏོང་བར་ཤིས་ཁྲ་གྲོང་ཚོ་རང་ཉིད་ཀྱི་དོན་དངོས་དང་མཐུན་པའི་ལྗང་མདོག་ཐོན་ལས་ཀྱི་ལམ་ཞིག་ཏུ་བསྐྱོད་ཡོད་པ་རེད། “རྣམ་གྲངས་འདི་ལག་བསྟར་བྱས་པ་བརྒྱུད་གྲོང་མིའི་ཡོང་འབབ་མཐོ་རུ་ཕྱིན་པ་མ་ཟད། གྲོང་ཚོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་དཔལ་འབྱོར་དང་སྣོད་བཅུད་འཆམ་མཐུན་འཕེལ་རྒྱས་ཡོང་བ་བྱུང་ཡོད”ཅེས་པའེ་ཞུའེ་ཡན་གྱིས་བཤད།
ད་ཆ་ནོར་དང་ལུག་གི་ལུད་བཙོག་ཐག་གཅོད་བྱེད་པའི་དཀའ་གནད་དེ་ཞི་ཁྲ་གྲོང་ཚོའི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩ་ཆེའི་ཐོན་ཁུངས་སུ་གྱུར་ནས་ཞི་ཁྲ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། རེ་བས་ཁེངས་པའི་ས་ཆ་དེའི་ཐོག་ཤིས་ཁྲ་གྲོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཆུ་ལྗང་རི་ལྗང་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་འཕེལ་རྒྱས་འདུ་ཤེས་འགྲེལ་བཤད་བྱས་ཏེ། སྔོན་ཆད་ཀྱི་བེད་མེད་དངོས་པོ་དེ་རིང་ཕྱུག་པོར་འགྱུར་བའི“གསེར་གྱི་ལྡེ་མིག་”དུ་གྱུར་ཏེ། གྲོང་ཚོ་དེ་བས་དར་རྒྱས་དང་དེ་བས་མཛེས་སྡུག་ལྡན་པའི་སང་ཉིན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པའི་སྣེ་ཁྲིད་བྱེད་བཞིན་ཡོད།
ཉི་མ་ནུབ་རྗེས། ཧྥེང་ཆི་ཚའེ་ཡིས་ཉིན་གཅིག་གི་ལས་ཀ་མཇུག་སྒྲིལ་རྗེས། ལུས་སྟེང་གི་ས་རྡུལ་ལ་རྡེབ་ནས་དགའ་སྤྲོའི་ངང་ཁྱིམ་དུ་ལོས།