ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་སྟེ། 2024ལོར་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོ་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐུན་མོང་ཕྱུག་པོར་སྐུལ་འདེད་ཏན་ཏིག་བཏང་སྟེ། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་ཏུ་འཇུག་དགོས། ཉེ་སྔོན། གསར་འགོད་པས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དྲ་རྒྱའི་རྩོམ་རིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཧན་ལེན། ཞིང་ཆེན་འཐུས་མིའི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྱི་དམངས་དང་ཧུའེ་རིགས་ཐུའུ་རིགས་རང་སྐྱོང་རྫོང་ལུང་ཧའོ་ཆུ་དོན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཆི་ལུན། ཞིང་ཆེན་འཐུས་མིའི་འཐུས་མི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་སྔོ་རྒྱ་གྲོང་ཚོའི་ཏང་ཀྲི་ཧྲུའུ་ཅི་ཡེ་ཁྲེང་ཧུའུ། “ནུས་ཤུགས་ཡོད་རྒུས་ས་མཐོའི་དམངས་འཚོ་ལེགས་སུ་གཏོང་བའི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་པའི”བརྗོད་དོན་གཙོ་བོར་དམིགས་ནས་གྲོས་འགོ་བཏོན་ནས་འབྱུང་འགྱུར་ལ་རེ་སྒུག་བྱས་ཏེ་དམངས་འཚོ་ལ་ཕན་པའི་བྱ་བ་དངོས་སྒྲུབ་དང་། དམངས་སེམས་དྲོ་སྐྱིད་གཏོང་བའི་བྱ་བ་ཞིབ་སྒྲུབ། དམངས་འདོད་དང་མཐུན་པའི་བྱ་བ་ལེགས་པར་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ལ་འཛུམ་མདངས་དེ་བས་མང་བ་དང་སེམས་ཁམས་དེ་བས་དྲོ་སྐྱིད་ཡོང་བ་བྱེད་དགོས།
གསར་འགོད་པ། འདས་ཟིན་པའི་ལོ་གཅིག་ནང་རིགས་ཁག་ཆེན་པོ་བཅུའི་དམངས་འཚོ་དོན་དངོས་ཁག་44ཚང་མ་ལེགས་གྲུབ་བྱུང་བ་དང་། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་“འཐབ་འཛིང་ཡག་པོ་”དང་“བློ་རིག་སྨན་བཅོས་འགན་བཅོལ་”དེ་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཚང་མར་ཁྱབ་ཡོད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པས། བྱེད་ཐབས་གང་འདྲ་ཞིག་གིས་དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་གཏོང་ཐུབ་མིན་སྐོར་གླེང་རོགས་ཞེས་གསུངས་པ་རེད།
དབྱང་ཧན་ལེན། ངའི་བསམ་པར་དང་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཆུ་དང་། གློག་རྒྱུ། ལམ་ལམ། དྲ་བ་སོགས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱིས་ཀྱང་འདྲ་མཉམ་ཅན་གྱི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱེད་ཐུབ། གཉིས་ནས་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་ཀྱི་ཧེ་བག་ཆུང་དུ་གཏོང་བ། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་སུ་མུ་མཐུད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་བགོ་བཤའ་ལེགས་སུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚང་མར་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་གཞག་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱ་དགོས། གསུམ་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་པར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོར་འདེགས་གཏོང་བ། ཞབས་ཞུའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་འཚོ་སྲིད་ཇུས་ཀྱི་“སྤྱི་ལེ་མཐའ་མ་གཅིག”དངོས་སུ་བདེ་བླག་ཡོང་བ་དང་། མཇུག་ཏུ་དམིགས་བསལ་ཚོགས་སྤྱིའི་དགོས་མཁོར་དོ་ཁུར་བྱེད་པ་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་དང་། རྒན་རྒྱུན། དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིར་ལྷག་པར་དོ་ཁུར་བྱས་ཏེ་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་སྲིད་ཇུས་མཁོ་འདོན་བྱས་ནས་ཁོང་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།
ཝང་ཆི་ལུང་གིས། ཆུ་མཁོ་འདོན་འགན་ལེན་སྔར་བས་ཤུགས་སྣོན་རྒྱག་དགོས། རིག་ནུས་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་ཆུ་འཇལ་ཆས་ཡོངས་སུ་ཁྱབ་པ་མགྱོགས་སུ་གཏོང་བ་དང་། ཆུ་མཁོ་འདོན་དོ་དམ་གྱི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཚད་འཇལ་ཡང་དག་དང་དུས་ཐོག་ལྟ་སྐུལ་ཚོད་འཛིན་མངོན་འགྱུར་བྱས་ཏེ། “ཆུ་ལ་བརྟེན་ནས་ཆུ་གསོ་པའི”དམིགས་འབེན་ལ་སླེབས་པ། ཆུ་མཁོ་འདོན་གྱི་རྒྱུན་མཐུད་རང་བཞིན་འགན་ལེན་བྱེད་པ། ཆུ་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆུ་མཁོ་འདོན་རྨང་གཞིའི་སྒྲིག་བཀོད་ལ་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཆུ་མཁོ་འདོན་སྦུག་དྲ་བ་རྙིང་པ་རིམ་སྤོར་བསྒྱུར་བཀོད་བྱས་ཏེ། ཆུ་མཁོ་འདོན་གྱི་བརྟན་བརླིང་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་རུ་གཏོང་དགོས། ཐོན་ལས་མཉམ་འདྲེས་གོང་དུ་སྤེལ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས། སྣ་མང་ཐོན་ལས་རྒྱ་སྐྱེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱེད་ལས་གཙོ་བོར་བྱས་ཏེ། རྣམ་གྲངས་ཇུས་འགོད་དང་། ལས་གྲྭའི་ལས་སྐྲུལ། རྣམ་གྲངས་དོ་དམ། ལས་གྲྭའི་ལྟ་སྐུལ་དོ་དམ་སོགས་ཐོན་ལས་གཉིས་པ་དང་། དེ་བཞིན་སྐྱེད་ཚལ་སྔོ་འགྱུར་དང་། བཙོག་ཆུ་གཙང་སྐྲུལ། བརྡ་ཁྱབ་སྨྱན་སྦྱོར། ཚོང་ལས་ཉོ་ཚོང་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བརྒྱུད་ལས་ཞུགས་གོ་སྐབས་དེ་བས་མང་བ་བསྐྲུན་ནས་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་མང་དུ་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
冶成虎:去年以来,青海在民生改善之路收获满满硕果.站在新的起点,为续写民生福祉新篇章,需要一系列有力举措.就业方面,针对不同群体精准开展技能培训,契合当下市场需求,助力求职者提升竞争力,并且大力扶持新就业形态,切实保障灵活就业人员的权益.教育方面,持续向偏远地区倾斜资源,改善办学条件,力求教育公平,从提升教师待遇、组织培训等方面入手,强化师资队伍建设.医疗方面,持续发力基层医疗设施建设,借助医联体等模式,推动优质医疗资源下沉至基层,完善医保政策,扩大覆盖范围、提高报销比例,让民众就医负担更轻,全力推动青海民生保障事业迈向新高度.
记者:在解决群众关心的教育、医疗、就业、文化等民生问题上,结合各自工作领域,请问有哪些创新性的措施?
杨汉亮:教育方面,推进“智慧教育”平台建设,实现教学资源数字化,弥合城乡教育资源差距,实施教师能力提升计划,通过远程培训和现场指导,增强乡村教师专业水平.医疗方面,深化“智慧医保”服务,全面实现在线问诊、医保结算、健康档案管理一体化,推进分级诊疗制度,鼓励优质医疗资源下沉,推广家庭医生签约服务.就业方面,构建“数字就业”平台,为求职者和企业搭建高效对接桥梁,提供个性化职业指导,支持创业创新,提供资金扶持、技术培训和政策优惠,特别是针对返乡农民工的创业支持.文化方面,加强乡村文化建设,支持非遗传承和特色文化活动,丰富群众精神生活,推进数字文化馆、图书馆建设,让群众更方便获取文化资源.
ཡེ་ཁྲེང་ཧུའུ། ན་ནིང་ནས་བཟུང་མཚོ་སྔོན་ལ་དམངས་འཚོ་ལེགས་སུ་གཏོང་བའི་ལམ་བུའི་ཐོག་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འགོ་ཚུགས་ས་གསར་པར་ལངས་ནས་དམངས་འཚོ་བདེ་སྐྱིད་ཀྱི་ལེའུ་གསར་པ་མུ་མཐུད་འབྲི་ཆེད་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་དགོས་ཀྱི་ཡོད། ལས་ཞུགས་ཐད་ཚོགས་པ་མི་འདྲ་བར་དམིགས་ནས་རྩལ་ནུས་གསོ་སྦྱོང་གནད་ལ་འཁེལ་བའི་སྒོ་ནས་སྤེལ་ནས་མིག་སྔའི་ཁྲོམ་རའི་དགོས་མཁོ་དང་མཐུན་པ་དང་ལས་ཀ་འཚོལ་མཁན་གྱིས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་པ་མ་ཟད། ལས་ཞུགས་རྣམ་པ་གསར་པར་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་སྟབས་བསྟུན་ལས་ཞུགས་མི་སྣའི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས། སློབ་གསོའི་ཕྱོགས་ནས། ཐག་རིང་ས་ཁུལ་ལ་མུ་མཐུད་དུ་ཐོན་ཁུངས་གསེག་ནས་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། སློབ་གསོ་དྲང་གཞག་ཡོང་བར་བརྩོན་ལེན་བྱེད་པ་དང་། དགེ་རྒན་གྱི་ཐོབ་ཐང་མཐོ་རུ་གཏོང་རྒྱུ་དང་གསོ་སྦྱོང་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་ཐད་གཞི་རིམ་གྱི་སྨན་བཅོས་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་འབད་བརྩོན་བྱེད་པ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་སོགས་ཀྱི་རྣམ་པ་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་མར་འབབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་རྩིས་ཞུའི་བསྡུར་ཚད་མཐོ་རུ་བཏང་ནས་དམངས་ཚོགས་ཀྱི་སྨན་བཅོས་ཁུར་པོ་དེ་བས་ཡང་དུ་གཏོང་བ་དང་། མཚོ་སྔོན་གྱི་དམངས་འཚོ་འགན་སྲུང་བྱ་གཞག་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
གསར་འགོད་པ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སློབ་གསོ་དང་། སྨན་བཅོས། ལས་ཞུགས། རིག་གནས་སོགས་དམངས་འཚོ་གནད་དོན་ཐག་གཅོད་བྱེད་པའི་ཐད་རང་སོ་སོའི་ལས་ཀའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་བྱེད་ཐབས་གང་དག་ཡོད་དམ།
དབྱང་ཧན་ལེང་གིས། སློབ་གསོའི་ཐད“བློ་རིག་སློབ་གསོའི”སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སློབ་ཁྲིད་ཐོན་ཁུངས་གྲངས་འཛིན་ཅན་མངོན་འགྱུར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་ཧེ་བག་སེལ་བ། དགེ་རྒན་གྱི་ནུས་པ་ཆེ་རུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ་རྒྱང་རིང་གསོ་སྦྱོང་དང་ས་གནས་ས་ཐོག་མཛུབ་ཁྲིད་བྱས་པ་བརྒྱུད་གྲོང་གསེབ་དགེ་རྒན་གྱི་ཆེད་ལས་ཆུ་ཚད་ཆེ་རུ་གཏོང་དགོས། སྨན་བཅོས་ཐད“བློ་གྲོས་སྨན་བཅོལ”ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་། དྲ་ཐོག་འདྲི་བཤེར་དང་། སྨན་བཅོས་འགན་བཅོལ་རྩིས་ཐབས། བདེ་ཐང་ཡིག་ཚགས་དོ་དམ་བཅས་གཞི་གཅིག་ཅན་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་དང་། རིམ་པ་དབྱེ་བའི་སྨན་བཅོས་ལམ་ལུགས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་གཏོང་བ། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཞབས་ཞུ་ཁྱབ་གདལ་གཏོང་བ་བཅས་བྱ་དགོས། ལས་ཞུགས་ཐད“གྲངས་གཞིའི་ལས་ཞུགས”ཀྱི་སྟེགས་བུ་བསྐྲུན་ནས་ལས་ཀ་འཚོལ་མཁན་དང་ཁེ་ལས་ལ་ཕན་ནུས་ཆེ་བའི་སྦྲེལ་མཐུད་ཟམ་པ་བསྐྲུན་ནས་རང་གཤིས་ཅན་གྱི་ལས་རིགས་མཛུབ་ཁྲིད་མཁོ་འདོན་དང་། ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། མ་དངུལ་རོགས་སྐྱོར་དང་ལག་རྩལ་གསོ་སྦྱོང་། སྲིད་ཇུས་གཟིགས་སྐྱོང་བཅས་མཁོ་འདོན་བྱེད་པ་དང་། ལྷག་པར་དུ་ཕ་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ལས་མིའི་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རིག་གནས་ཐད་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མངོན་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཁྱད་ཆོས་ལྡན་པའི་རིག་གནས་བྱེད་སྒོར་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲངས་འཛིན་རིག་གནས་ཁང་དང་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་རིག་གནས་ཐོན་ཁུངས་དེ་བས་སྟབས་བདེ་ཡོང་བ་བྱེད་དགོས།
王启龙:项目带动就业.充分发挥国企担当,积极推进城乡供水一体化项目、污水处理项目及相关水利设施建设,建立就业“需、荐”双向选择渠道,在项目实施过程中,大量吸纳当地劳动力解决就业问题.发展相关产业项目.围绕水务主业,拓展上下游产业项目,大力支持水利水电建设开发公司、旅游公司等企业,延伸产业链条,创造更多的就业岗位.
冶成虎:在推动县域发展进程中,尖扎县始终将民众关切放在首位,尤其在教育、医疗、就业等关键民生领域,不断推陈出新,切实提升民众生活质量.教育方面,开工建设黄南州新时代高级中学,并借助华能援建对口支援,打造特色图书馆、引入光伏设施,还通过“华能航天夏令营”“华能课堂”拓宽学生视野,借助“专递课堂”、支持教师异地跟岗等提升师资力量.医疗方面,全面完成县人民医院、县妇计中心搬迁,稳步推进藏医院制剂楼和黄河路社区托育服务设施建设,新添重症医学科、血透室、弥散式供养中心等特色科室,并将马克唐镇卫生院成为“互联网藏医院”定点医院.就业方面,打造“灵秀尖扎乡村游”等劳务品牌,争取资金支持,开展多类型技能培训,切实提升群众就业竞争力.文化方面,深入挖掘本土文化,举办五彩神箭、冬季农牧民射箭赛等特色文化活动,丰富居民精神生活,让民众在各个方面都能享受到发展红利.
记者:随着时代的发展,人民对生活品质有了新的要求、新的期待,新的一年,怎么做能够创造高品质生活,打造高原民生保障青海样板?
ཝང་ཆི་ལུང་གིས། རྣམ་གྲངས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་གྱི་རྣམ་གྲངས་དང་། བཙོག་ཆུ་གཙང་སེལ་རྣམ་གྲངས། དེ་བཞིན་འབྲེལ་ཡོད་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ལས་ཞུགས་ཀྱི་“དགོས་མཁོ་དང་འོས་སྦྱོར་”ཕྱོགས་གཉིས་ཀྱི་གདམ་ག་ཐབས་ལམ་བཙུགས་ཏེ། རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་འབོར་ཆེན་བསྡུ་ལེན་བྱས་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱེད་དགོས། འབྲེལ་ཡོད་ཐོན་ལས་རྣམ་གྲངས་འཕེལ་རྒྱས་གཏོང་དགོས། ཆུའི་ལས་དོན་གྱི་ལས་སྒོ་གཙོ་བོར་དམིགས་ནས་སྟོད་སྨད་ཐོན་ལས་རྣམ་གྲངས་རྒྱ་སྐྱེད་གཏོང་བ་དང་ཆུ་བེད་ཆུ་གློག་འཛུགས་སྐྲུན་གསར་སྤེལ་ཀུང་སི་དང་ཡུལ་སྐོར་ཀུང་སི་སོགས་ཁེ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ནས་ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་དགོས།
ཡེ་ཁྲེང་ཧུའུ། རྫོང་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། གཅན་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཚོགས་ཀྱི་དོ་ཁུར་ཨང་དང་པོར་བཞག་ཡོད། ལྷག་པར་དུ་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་འགག་རྩའི་དམངས་འཚོ་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་རྙིང་པ་གསར་གཏོད་བྱས་ནས་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་ཏན་ཏིག་བཏང་ཡོད། སློབ་གསོའི་ཐད་རྨ་ལྷོ་ཁུལ་དུས་རབས་གསར་པའི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱེད་འགོ་བཙུགས་པར་མ་ཟད། ཧྭ་ནེང་གི་རོགས་སྐྱོར་འཛུགས་སྐྲུན་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་བྱས་ཏེ་ཁྱད་ཆོས་ལྡན་པའི་དཔེ་མཛོད་ཁང་བསྐྲུན་པ་དང་འོད་ཤུགས་སྒྲིག་བཀོད་ནང་འདྲེན་བྱས་པ་མ་ཟད། ད་དུང་“ཧྭ་ནེང་འཇིག་རྟེན་འཕུར་སྐྱོད་དབྱར་སྒར་”དང་“ཧྭ་ནེང་སློབ་ཚན་”བརྒྱུད་སློབ་མའི་མཐོང་རྒྱ་ཆེ་རུ་བཏང་བ་དང་། “ཆེད་སྐྱེལ་སློབ་ཚན་”ལ་བརྟེན་ནས་དགེ་རྒན་ས་ཆ་གཞན་དུ་ལས་གནས་སུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ལ་བརྟེན་ནས་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད། སྨན་བཅོས་ཐད་རྫོང་མི་དམངས་སྨན་ཁང་དང་རྫོང་བུད་མེད་འཆར་འགོད་ལྟེ་གནས་གནས་སྤོ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་བོད་སྨན་ཁང་གི་སྨན་རྫས་ཐོག་ཁང་དང་ཧོང་ཧོ་ལམ་སྡེ་ཁུལ་གྱི་གསོ་སྐྱོང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་དང་ཁྲག་བརྟོལ་ཁང་། ཁྱབ་ཐོར་རྣམ་པའི་གསོ་སྐྱོང་ལྟེ་གནས་སོགས་ཁྱད་ཆོས་ལྡན་པའི་ཚན་ཁག་གསར་དུ་བསྣན་པར་མ་ཟད། མ་ཁེ་ཐང་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་དེ“དྲ་སྦྲེལ་བོད་སྨན་ཁང་གིའི”དམིགས་འཛུགས་སྨན་ཁང་དུ་གྱུར་ཡོད། ལས་ཞུགས་ཐད“གཅན་ཚ་གྲོང་གསེབ་ཡུལ་སྐོར་”སོགས་ངལ་ལས་སྤུས་རྟགས་བསྐྲུན་ནས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་རྩལ་ནུས་གསོ་སྦྱོང་རིགས་མང་སྤེལ་ནས་མང་ཚོགས་ཀྱི་ལས་ཞུགས་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་དགོས། རིག་གནས་ཐད་ས་གནས་དེ་གའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་ཚོན་མདའ་ལྔ་དང་དགུན་དུས་ཞིང་འབྲོག་པའི་མདའ་འཕེན་འགྲན་བསྡུར་སོགས་ཁྱད་ཆོས་ལྡན་པའི་རིག་གནས་བྱེད་སྒོ་གཉེར་ནས་གྲོང་མིའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་དམངས་ཚོགས་ལ་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།
གསར་འགོད་པ། དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མི་དམངས་ལ་འཚོ་བའི་སྤུས་ཚད་ཐད་བླང་བྱ་གསར་པ་དང་རེ་སྒུག་གསར་པ་བྱུང་ཡོད། ལོ་གསར་པར་ཇི་ལྟར་བྱས་ནས་སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་དང་ས་མཐོའི་དམངས་འཚོ་འགན་སྲུང་བྱེད་པའི་མཚོ་སྔོན་གྱི་དཔེ་མཚོན་གཏོད་ཐུབ་བམ།
杨汉亮:促进产业转型升级,支持生态旅游、高原特色农业、清洁能源等产业发展,为群众创造更多优质就业机会.推动全民健康提升,加大全民健身基础设施建设,推广健康生活方式,提升群众的身体素质和幸福感.优化公共服务供给,持续提升教育、医疗、养老等公共服务质量,让群众享受更便捷、更优质的服务.增强群众获得感和幸福感,注重民生工程建设,让群众在生活的每个细节中感受到关怀,如改造老旧小区、提升社区服务水平等.通过这些措施,青海可以在新的一年为各族人民创造更加幸福、和谐、美好的生活环境,展现高原民生保障的新样板.
王启龙:提升供水品质.强化水质保障,加大对水源地的保护力度,增加水质检测的频率和项目,引入先进的水质净化技术和设备,确保供水安全、优质,同时,优化供水稳定性,加强供水管网的建设和维护,减少管道破裂、漏水等故障的发生,建立智能供水调度系统,根据用水需求实时调整供水流量和压力,确保供水稳定.推动绿色发展.加强水资源保护,积极参与水资源保护项目,开展水源地生态修复和保护工作,加强与环保、水利等部门的合作,共同打击非法取水、污染水源等违法行为.
冶成虎:在时代飞速发展的当下,青海人民对生活品质的追求不断攀升,创造高品质生活、打造高原民生保障青海样板,成为青海发展的重要使命.为满足民众期待,青海在新一年可以从以下方向着力.要深入落实《青海省“十四五”公共服务规划》,开展基本公共服务达标行动,提升服务质量.大力引入社会力量参与“一老一小”等领域服务供给,让普惠性生活服务更加多元.同时,加快构建一刻钟便民生活圈,为民众提供便捷服务,并且畅通群众评价渠道,以民意为导向优化服务.在基础设施建设上,加大对交通、能源、水利等基础设施的投入与升级.完善交通网络,提升能源供应稳定性,保障水利设施高效运行,为高品质生活筑牢根基,全方位提升青海民众的生活品质,让高原民生保障青海样板的成色更足.
དབྱང་ཧན་ལེན། ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཡུལ་སྐོར་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས། ནུས་རྒྱུ་གཙང་མ་སོགས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་མང་ཚོགས་ལ་སྤུས་ལེགས་ཀྱི་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་དགོས། དམངས་ཡོངས་ཀྱི་བདེ་ཐང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་ལུས་པོའི་བྱང་ཚད་དང་བདེ་སྐྱིད་ཀྱི་ཚོར་སྣང་མཐོ་རུ་གཏོང་བཅས་བྱ་དགོས། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་མང་ཚོགས་ལ་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་དགོས། མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང་ཆེ་རུ་གཏོང་བ་དང་དམངས་འཚོ་ལས་གྲྭ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་མང་ཚོགས་ལ་འཚོ་བའི་ཞིབ་ཕྲ་ཚང་མའི་ཁྲོད་ཐུགས་ཁུར་ཚོར་ཐུབ་པ་དཔེར་ན། སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་རེད། བྱེད་ཐབས་དེ་དག་བརྒྱུད་མཚོ་སྔོན་གྱིས་ལོ་གསར་པའི་ནང་མི་རིགས་ཁག་གི་མི་དམངས་ལ་དེ་བས་བདེ་སྐྱིད་དང་། འཆམ་མཐུན། མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་བསྐྲུན་ནས་ས་མཐོའི་དམངས་འཚོ་འགན་སྲུང་གི་དཔེ་མཚོན་གསར་པ་མངོན་ཐུབ།
ཝང་ཆི་ལུང་གིས། ཆུ་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཆུ་སྤུས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་སྤུས་ཞིབ་དཔྱད་ཚད་ལེན་གྱི་ཟློས་ཕྱོད་དང་རྣམ་གྲངས་མང་དུ་གཏོང་བ། སྔོན་ཐོན་གྱི་ཆུ་སྤུས་གཙང་འགྱུར་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱས་ནས་ཆུ་མཁོ་འདོན་བདེ་འཇགས་དང་སྤུས་ལེགས་འགན་ལེན་བྱེད་པ་དང་དུས་མཚུངས་ཆུ་མཁོ་འདོན་བརྟན་བརླིང་རང་བཞིན་ལེགས་སུ་གཏོང་བ་དང་། ཆུ་མཁོ་འདོན་སྦུག་དྲ་བ་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྦུག་ལམ་གས་ཆག་དང་ཆུ་འཛག་པ་སོགས་ཀྱི་སྐྱོན་ཉུང་དུ་གཏོང་བ། རིག་ནུས་ཆུ་མཁོ་འདོན་བཀོད་གཏོང་མ་ལག་འཛུགས་པ། ཆུ་སྤྱོད་དགོས་མཁོར་གཞིགས་ནས་ཆུ་མཁོ་འདོན་རྒྱུག་ཚད་དང་གནོན་ཤུགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་ཆུ་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་རྣམ་གྲངས་ནང་ཧུར་ཐག་ཞུགས་པ། ཆུ་ཁུངས་ཀྱི་སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་ལས་དོན་སྤེལ་བ། ཁོར་ཡུག་སྲུང་སྐྱོང་དང་ཆུ་བེད་སོགས་སྡེ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་འགལ་གྱིས་ཆུ་ལེན་པ་དང་ཆུ་ཁུངས་སྦགས་བཙོག་གཏོང་བ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་དགོས།
ཡེ་ཁྲེང་ཧུའུ། དུས་རབས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་མིག་སྔར། མཚོ་སྔོན་མི་དམངས་ཀྱིས་འཚོ་བའི་སྤུས་ཚད་དོན་གཉེར་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་པས། སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་དང་ས་མཐོའི་དམངས་འཚོ་འགན་སྲུང་བྱེད་པའི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་རྒྱུ་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད། དམངས་ཚོགས་ཀྱི་རེ་སྒུག་སྐོང་ཆེད། མཚོ་སྔོན་གྱིས་ལོ་གསར་དུ་གཤམ་གསལ་གྱི་ཁ་ཕྱོགས་ནས་འབད་བརྩོན་བྱེད་ཐུབ། 《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྤྱི་པའི་ཞབས་ཞུའི་འཆར་འགོད》དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞིར་སླེབས་པའི་བྱ་སྤྱོད་སྤེལ་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་“རྒན་པ་གཅིག་དང་ཆུང་ཆུང་གཅིག”སོགས་ཁྱབ་ཁོངས་ཀྱི་ཞབས་ཞུའི་མཁོ་སྤྲོད་ནང་ཞུགས་རྒྱུར་ཤུགས་ཆེན་དྲངས་ནས་སྤྱི་ཕན་རང་བཞིན་གྱི་འཚོ་བའི་ཞབས་ཞུ་སྔར་བས་སྣ་མང་ཅན་དུ་གཏོང་དགོས། དེ་དང་ཆབས་ཅིག་ཆུ་ཚོད་བཞི་ཆ་གཅིག་གི་དམངས་སྤྱོད་སྟབས་བདེའི་འཚོ་བའི་མུ་ཁྱུད་མགྱོགས་སུ་བཏང་ནས་དམངས་ཚོགས་ལ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་པ་མ་ཟད། མང་ཚོགས་ཀྱི་གདེང་འཇོག་ཐབས་ལམ་ཤར་གཏོང་བྱས་ནས་དམངས་འདོད་ཕྱོགས་སྟོན་དུ་བྱས་ནས་ཞབས་ཞུ་ལེགས་སུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་བ་དང་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་མཁོ་སྤྲོད་བརྟན་བརླིང་རང་བཞིན་མཐོར་འདེགས་གཏོང་བ། ཆུ་བེད་སྒྲིག་བཀོད་ནུས་ཆེའི་འཁོར་སྐྱོད་འགན་ལེན་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཚོ་བར་རྨང་གཞི་བརྟན་པོ་འཛུགས་རྒྱུ་དང་། མཚོ་སྔོན་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ས་མཐོའི་དམངས་འཚོ་འགན་སྲུང་མཚོ་སྔོན་གྱི་མ་དཔེ་སྔར་ལས་ལེགས་པོ་ཡོང་བ་བྱ་དགོས།