མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མངགས་བཅོལ་གནང་བ་ཞིག་ཡིན་ལ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་དོན་སྙིང་དང་ངེས་པར་དུ་ལམ་བུ་ཉག་ཅིག་ཀྱང་ཡིན།
ཞིང་ཆེན་ཨུ་ལྷན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ནང་མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུའི་ཐད་བཀོད་སྒྲིག་ཁ་གསལ་བྱས་པ་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཡང་དེའི་ཐད་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད།
ད་ལྟའི་མཚོ་སྔོན་གྱི་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་དེ་རིང་ལྟར་གལ་ཆེན་ཞིག་གཏན་ནས་མེད་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དེ་རིང་ལྟར་གསལ་པོ་ཞིག་གཏན་ནས་བྱུང་མེད། འཕེལ་རྒྱས་ཀྱི་མདུན་ལམ་དེ་རིང་ལྟར་རྒྱ་ཆེན་པོ་ཞིག་གཏན་ནས་བྱུང་མེད། ང་ཚོས་“རྒྱལ་ཁབ་ཀྱི་དགོས་མཁོ”ལ་“མཚོ་སྔོན་གྱི་ནུས་ཤུགས་གང་ཐུབ་”བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་“མཚོ་སྔོན་གྱི་སྒུལ་ཤུགས་”སྣོན་དགོས།
ཁྱད་ཆོས་འགྲེམས་སྟོན་བྱས་ནས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་འབུར་དུ་ཐོན་པ།
དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དཔལ་འབྱོར་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགག་རྩའི་མཚོན་རྟགས་ཤིག་ཡིན་ལ། ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འདེགས་སྐྱོར་ཞིག་ཀྱང་ཡིན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་མིག་ལམ་ཡོད་དགོས་ལ། དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཐོག་བསྐྱོད་དགོས།
མཚོ་སྔོན་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། ཇི་ལྟར་བྱས་ནས་ཁྱད་ཆོས་མངོན་པར་བྱེད་དགོས། ལེགས་ཆ་ཇི་ལྟར་འདོན་སྤེལ་བྱེད་དགོས། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཁ་ཕྱོགས་བསྟན་ཡོད་པ་སྟེ། བྱ་བ་སྒྲུབ་རྒྱུ་དང་མི་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་གྲུབ་ཚུལ་ལེགས་སྒྲིག་དང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་“གདུང་བཞི་དང་ཀ་བ་བརྒྱད་”ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་ཏེ། འཕེལ་རྒྱས་ཀྱི་ལྗང་མདོག་དང་། གསར་པ། གསེར་གྱི་འདུས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གོ་ཚྭ་མཚོ་སྔོན་ཁུན་ལུན་བུལ་ལས་རིགས་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་འཐུས་མི། ཏུང་ཧྲི་ཀྲང་ཀྲའོ་ཧྲེང་ཆང་གིས་བལྟས་ན། མཚོ་སྔོན་གྱིས་ཐོན་ཁུངས་དང་། ནུས་པ། ས་ཁོངས་བར་མཐོངས་བཅས་ཐད་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དགེ་མཚན་གྱི་རིན་ཐང་བརྗེ་སྤོར་དང་མཐོ་རུ་གཏོང་ཐུབ་པ་མ་ཟད། འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། “ཐོན་ཁུངས་ཀྱི་དགེ་མཚན་ལྡན་པའི་ཐོན་ལས་གཙོ་གནད་དུ་བཀོད་སྒྲིག་བྱས་ཏེ། སྨད་རྒྱུད་ཀྱི་ནུས་རྒྱུ་དང་། རྫས་འགྱུར་བཟོ་ལས། ནུས་རྒྱུ་གསར་པ། ནུས་རྒྱུ་གཙང་མ། བཟོ་སྐྲུན་ལས་རིགས་གསར་པ་སོགས་ཁྱབ་ཁོངས་སུ་རྨོ་འདེབས་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་དང་ནུས་རྒྱུ། ཐོན་རྫས། འཛད་སྤྱོད་ཐོན་རྫས་བཅས་ཀྱི་ཐོན་ལས་རྒྱུན་མཐུད་སྤོ་སྒྱུར་ཡོང་བ་བྱ་དགོས། ”
ཀྲའོ་ཧྲེང་ཆང་གིས་མཐར་མཚོ་སྔོན་ནས་ཐོན་པའི་ཐོན་རྫས་ལ་ཡུན་རིང་དང་རྒྱུན་མཐུད་ཀྱི་འགྲན་རྩོད་ནུས་པ་ལྡན་རྒྱུའི་འགན་ལེན་བྱས་ཚེ་ཐོན་ལས་བཀོད་སྒྲིག་དེ་གཞི་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལེགས་ཆ་ལྡན་པར་མ་ཟད། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས(ས་མཐོའི་སྐྱེ་དངོས་སྨན་རྫས་ཐོན་ལས་ཁྱུ་ཚོགས)ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་གཏོད་པ། ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས(ནུས་རྒྱུ་གསར་པའི་ཐོན་ལས་ཁྱུ་ཚོགས)འཛུགས་པ། འོད་ཧྥུ་བཟོ་སྐྲུན་ཐོན་ལས་ཁྱུ་ཚོགས་མུ་མཐུད་དུ་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། ལིས་གློག་ཐོན་ལས་ཁྱུ་ཚོགས་ལོ་གཉིས་བསྟུད་མར་རྒྱལ་ཡོངས་གྱི“སྟོབས་ཆེན་བརྒྱ་པའི”མིང་ཐོའི་གྲས་སུ་ཚུད་པ། ས་མཐོའི་སྐྱེ་དངོས་སྨན་རྫས་ཐོན་ལས་ཁྱུ་ཚོགས་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་100ཡི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་སུ་བདམས་པ་…དེང་རབས་ཅན་གྱི་ཐོན་ལས་བཀོད་སྒྲིག་ཐད་ཞིང་ཆེན་གྱི་ལྟེ་གནས་ཡིན་པའི་ཟི་ལིང་གིས་རང་ངོས་ཀྱི་འཆར་འགོད་ཡག་པོ་བྱས་ཡོད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལིས་གློག་གི་ནུས་གསོག་། བསྲེས་ལྕགས་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་འབྲེལ་ཐག་10ཡི་དཔེ་རིས་ཞིབ་འཇུག་གཏན་འབེབས་བྱས་པ་དང་། ཧ་ཡང་ཐོན་ལས་དང་། ཟངས་ཐོན་ལས། གློག་རྡུལ་ཆ་འཕྲིན་རྒྱུ་ཆ་སོགས་ཁྱབ་ཁོངས་15གི‘ཐོན་ལས་སྣོད་བཅུད་སྡོང་བོ་’འབྲི་ནས་ཐོན་ལས་ཀྱི་ལེགས་ཆ་དང་མི་འདང་བའི་ལྷུ་ཚིགས་ཕྱོགས་ཡོངས་ནས་གཏན་འཁེལ་བྱས་ནས་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཀྱི་འཆར་འགོད་ཁ་གསལ་བཟོས་ཡོད”ཅེས་བཤད་པ་རེད།
མཐིལ་བརྟན་དུ་ཐོན་ལས་གྱི“ས་ཆ་བཞི”མཉམ་འདྲེས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་པ།
ཐོན་ལས་གྱི“ས་གནས་བཞི”ནི་མཚོ་སྔོན་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པའི་གཡུལ་སའི་གཙོ་བོ་དང་སྒུལ་ཤུགས་གཙོ་བོ་ཡིན།
ཐོན་ལས་གྱི“ས་གནས་བཞི”འཛུགས་སྐྲུན་ཐད་ཇི་ལྟར་བྱས་ནས་ཐོད་བརྒལ་འཚོལ་ཞིབ་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་སྔར་ལས་ལེགས་པོ་ཡོང་བ་བྱེད་དགོས། མཚོ་སྔོན་གྱིས་གནད་དོན་ཤེས་རྟོགས་བྱེད་པའི་བསམ་ཕྱོགས་བཏོན་པ་སྟེ། ཐོན་ལས་གྱི“ས་གནས་བཞིའི”ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས།
ཚྭ་མཚེའུ་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་དང་ཐོན་ལས་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏིང་ཟབ་ཏུ་གྱུར་པ། གངས་འཁྱགས་དཔལ་འབྱོར་དང་འཁྲབ་སྟོན་དཔལ་འབྱོར་དེ་ཀའོ་ཡོན་ཡུལ་སྐོར་གྱི་གླེང་ཆ་གསར་པ་ཞིག་ཏུ་གྱུར་པ། ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་འཕར་སྣོན་བྱུང་བ་...ད་ལྟའི་མཚོ་སྔོན་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་དེ་རིགས་སྒྱུར་རིམ་སྤོར་ཁྲོད་གཅིག་སྡུད་སྟོབས་ཆེ་རུ་ཕྱིན་པ་དང་ཐོན་ལས་གྱི“ས་གནས་བཞིའི”འཛུགས་སྐྲུན་དབྱར་མཚོ་རྒྱས་པ་ཞིག་ཏུ་ཕྱིན་པ་རེད།
ཀྲའོ་ཧྲེང་ཆང་གིས་ཐོན་ལས་གྱི“ས་གནས་བཞིའི”ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་ན། སྲིད་གཞུང་གིས་གཏན་འབེབས་བྱས་པའི་གཅིག་གྱུར་སྲིད་ཇུས་ཀྱི་སྒྲོམ་གཞིའི་འོག་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱས་ཏེ། རང་བྱུང་ཐོན་ཁུངས་དང་མི་ཤུགས་ཐོན་ཁུངས་སོགས་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་སྡེབ་སྒྲིག་བྱས་ཏེ། འགག་རྩའི་ལག་རྩལ་གྱི་དཀའ་གནད་ཁྱད་བསད་བྱས་ནས་ཐོན་ལས་གི“ས་གནས་བཞིའི”གསར་གཏོད་ཀྱི་ས་རྒྱུ་གཏིང་ཟབ་ཏུ་འཛུགས་དགོས། དེ་དང་ཆབས་ཅིག་ཐོན་ལས་སྦྲེལ་ཐག་གི་གོང་འོག་གི་འབྲེལ་བའི་ཐོན་ལས་གསོ་སྐྱོང་བྱས་ཏེ“ས་གནས་བཞི”ཐོན་ལས་སྦྲེལ་ཐག་ཐོག་སྐྱེ་ལྡན་གྱི་སྤྱི་ཡོངས་ཆགས་སུ་འཇུག་དགོས།
ཚྭ་མཚེའུ་ཐོན་ལས་ཀྱི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་འོད་ཤུགས་གློག་འདོན་སོགས་ཐོན་ལས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག་བུལ་གཙང་མའི་ཐོན་ལས་ཀྱང་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད། ལས་རིགས་དེ་གཏིང་ཟབ་ཏུ་སྤེལ་སྐབས་ཀྲའོ་ཧྲེང་ཆང་གིས་མཚོ་སྔོན་གྱི་བུལ་གཙང་མའི་ལས་རིགས་འཕེལ་རྒྱས་གཏོང་བར་རང་ཉིད་ཀྱི་བསམ་གཞིག་བྱས་ཡོད། “མཚོ་སྔོན་གྱི་བུལ་གཙང་མའི་འགྲན་རྩོད་ཀྱི་ལེགས་ཆ་རྒྱུན་མཐུད་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་གོ་གནས་ཤིག་འཛིན་དགོས་ན། ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། གྲངས་གཞིའི་ཤེས་རིག་ལག་རྩལ། ལྗང་མདོག་ལག་རྩལ་བསྒྱུར་བཀོད་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གིས་ཚྭ་དང་། རྡོ་སོལ་། རྡོ་ཐལ་རྡོ་། གློག་སོགས་ལེགས་ཆ་ལྡན་པའི་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་སྡེབ་སྒྲིག་དང་ཤུགས་སྣོན་བརྒྱབ་སྟེ་ཞན་ཆ་ཁ་གསབ་བྱེད་དགོས། ”
ཟི་ལིང་གྲོང་ཁྱེར་གྱིས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་གྱི“ས་གནས་བཞིའི”ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པའི་ཐད་ལ་ཡང་རང་ཉིད་ཀྱི་བསམ་གཞིག་ཡོད་པ་རེད།
ནན་ཧའེ་ཡན་གྱིས་ཟི་ལིང་གིས“ཤེལ་སྭེལ་བརྟན་པོ་དང་། ལིས་གློག་བརྒལ་བ། མདོག་ལྡན་ལྕགས་རིགས་སྣུར་སྐྱོད། སྤུས་ཚད་གསར་པ་སྐྱེད་སྲིང་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་དང་། ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་ཐོན་ལས་ཀྱི་བསྡུར་ན་ལེགས་ཆ་གཞིར་བཟུང་སྟེ། སྦྲེལ་ཐག་སྟོབས་ལྡན་དང་། སྦྲེལ་ཐག་སྣུར་སྐྱོད། སྦྲེལ་ཐག་ཁ་གསབ་བཅས་ལ་དམིགས་ནས་འོད་གློག་བཟོ་སྐྲུན་དང་། ལིས་གློག་གི་ནུས་གསོག་། བསྲེས་ལྕགས་རྒྱུ་ཆ་གསར་པ་བཅས་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་3རྐང་འཛིན་དུ་བྱེད་པ་དང་། ཁྱད་ལྡན་རྫས་འགྱུར་བཟོ་ལས་དང་། སྐྱེ་དངོས་སྨན་རྫས། ས་མཐོའི་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཞིབ་ཚགས་ལས་སྣོན་བཅས་ཀྱི་དུང་ཕྱུར་500ཐོན་ལས་ཁྱུ་ཚོགས་2འདེགས་སྐྱོར་བྱས་ཏེ། ཁཱ་ཁྲི་10ལྗང་མདོག་རྩིས་ནུས་ཐོན་ལས་ཁྱུ་ཚོགས་ཚད་བརྒལ་དུ་བྱས་ནས་ཟི་ལིང་གི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་3+2+1དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་རེད།
གོ་སྐབས་དམ་འཛིན་བྱས་ནས་ལྗང་མདོག་གློག་རྩིས་ཀྱི“འདེད་གཉིས”མཉམ་སྤེལ་མགྱོགས་སུ་གཏོང་བ།
གྲངས་འཛིན་ཤེས་རིག་ཅན་གྱི་འཕེལ་རྒྱས་ཀྱི་རླབས་རྒྱུན་འོགམཚོ་སྔོན་གྱིས་ཇི་ལྟར་བྱས་ནས་གོ་སྐབས་དམ་འཛིན་དང་། གནས་བབ་དང་བསྟུན་ནས། ལེགས་ཆ་འདོན་སྤེལ་བྱས་ཏེ། སྤུས་ཚད་གསར་པ་ལྡན་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་ཆགས་པ་བྱེད་དགོས། ས་མཐོའི་ནུས་ཁུངས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་སྔོན་གྱིས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པ་ལྡན་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་ཡིན།
ད་ལྟའི་མཚོ་སྔོན་དུ་ལྗང་མདོག་རྩིས་ནུས་སྟོབས་ཤུགས་གཅིག་སྡུད་བྱས་ནས་ལྗང་མདོག་གློག་ཕུན་སུམ་ཚོགས་པ་དང་གནམ་གཤིས་གྲང་ཞིང་སྐམ་ཞིང་གཙང་མ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། ལྗང་མདོག་རྩིས་ནུས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་འགྲན་ལམ་གསར་པ་གསར་གཏོད་བཏོད་དེ་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་མཐུན་སྦྱོར་ཚོད་ལྟའི་ཞིང་ཆེན་དང་པོ་ཞིག་ཏུ་གྱུར་ཡོད།
སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་ཡོད་པ་སྟེ། ལྗང་མདོག་རྩིས་རྒྱག་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཀྲང་ཁུལ་ཕིང་གིས་ལྗང་མདོག་རྩིས་རྒྱག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བར་ལྗང་མདོག་དཔང་ཡིག་སྡེབ་སྡུར་གཏོང་སྤྲོད་བྱས་ནས་ལྗང་མདོག་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་པའི་ལམ་ལུགས་འཚོལ་ཞིབ་དང་འཛུགས་དགོས་པ་དང་གྲངས་ཚད་སྡེབ་སྡུར་དང་རིན་མེད་གཏོང་སྤྲོད་བྱེད་པའི་རྣམ་པའི་ཐོག་ནས་ཞིང་ཆེན་ནང་ཁུལ་གྱི་གཞི་གྲངས་ལྟེ་གནས་སམ་ཡང་ན་ལྗང་མདོག་རྩིས་རྒྱག་ཁེ་ལས་ལ་ལྗང་མདོག་གློག་ཤུགས་100%མཁོ་སྤྲོད་འགན་ལེན་བྱེད་ཆོག་པའི་ངོས་འཛིན་བྱས་པ་རེད། དམིགས་བསལ་གྱི་སྲིད་ཇུས་བརྩོན་ལེན་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་གློག་འདྲེན་དང་གློག་སྡེབ་རིན་གོང་དང་ཤོང་ཚད་གློག་རིན་དམའ་རུ་གཏོང་བ། སྣོད་བཅུད་ཁ་གསབ་དང་ཐཱན་བསྡུ་དངུལ་སྒྱུར་ལམ་སྲོལ་ལ་ཞིབ་འཇུག་བྱས་ཏེ། རྒྱལ་སྤྱིའི་སྣོད་བཅུད་དཔལ་ཡོན་མཐོ་ས་འཛུགས་སྐྲུན་གྱི་ལྗང་མདོག་གློག་དང་ལྗང་མདོག་རྩིས་རྒྱག་གི་དམིགས་བསལ་སྲིད་ཇུས་རེ་ཞུ་བྱས་ཏེ། ལྗང་མདོག་གློག་གོང་ཁེ་པོར་ཕྱི་ལ་སྐྱེལ་བའི་སྐྱོན་ཆ་ཁྱད་བསད་བྱས་ཏེ། ལྗང་མདོག་གློག་དེ་ལྗང་མདོག་རྩིས་རྒྱག་ཏུ་འགྱུར་བར་ཞིང་ཆེན་དེ་གའི་ཐོན་ལས་འཕེལ་རྒྱས་ལ་བདེ་སྐྱིད་ཡོང་བའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་སྣ་མང་ཉེར་སྤྱོད་རྣམ་པ་སྐྱེད་སྲིང་བྱས་ཏེ་ལྗང་མདོག་རྩིས་ནུས་ཀྱིས་རང་ཞིང་ཆེན་གྱིས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་བྱེད་པའི“ས་གནས་བཞི”ལ་སྐུལ་འདེད་བཏང་ནས་རང་ཞིང་ཆེན་དུ་བསྐྱོད་པའི་བཟོ་ལས་ཁེ་ལས་ཀྱིས་སྲོལ་རྒྱུན་གྱི་གཙོ་གནད་ཐོན་ལས་འབྲེལ་ཐག་ལ་གྲངས་འཛིན་ཅན་གྱི་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱས་པ་རེད། སྲིད་དོན་གྲངས་གཞིའི་མཁོ་སྤྲོད་སྦྲེལ་མཐུད་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་རྩིས་ཤུགས་ལག་རྩལ་དང་གྲངས་འཛིན་ཅན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྤྱད་དེ་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་སྲིད་དོན་ཞབས་ཞུའི་ལས་ཆོད་དང་སྤུས་ཚད་མཐོ་རུ་གཏོང་དགོས།
“གྲངས་གཞིའི་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོད”ནི་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱིས་ཇི་ལྟར་བྱས་ནས་གནས་བབ་དང་བསྟུན་ནས་ལག་ལེན་བསྟར་དགོས། དེའི་ཐད་ཀྲང་ཁུལ་ཕིང་གིས་ཀྱང་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད། “ང་ཚོས་རང་འགུལ་ངང་འབྲི་ཆུའི་འབྲི་ཆུའི་ཟུར་གསུམ་དང་། པེ་ཅིང་དང་ཐེན་ཅིན་ཧོ་པེ་སོགས་རྒྱལ་ཁབ་ཀྱི་ལྟེ་གནས་དང་དེ་བཞིན་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩིས་ཤུགས་དགོས་མཁོ་སྦྲེལ་མཐུད་བྱས་ཏེ་རྩིས་ཤུགས་འབྲེལ་མཐུད་འབྲེལ་མཐུད་སྟེགས་བུ་མགྱོགས་མྱུར་འཛུགས་པ་དང་རྩིས་ཤུགས་ཐོན་ཁུངས་བཀོད་གཏོང་དང་ཉོ་ཚོང་ལམ་སྲོལ་འཛུགས་དགོས། ས་མཐོའི་ཁྱད་ཆོས་ལྡན་པའི་གཞི་གྲངས་ལྟེ་གནས་ཆེན་པོའི་མཐུན་སྦྱོར་མ་ལག་བཏོད་ནས་སྤྲིན་རྩིས་རྒྱག་དང་ཁུལ་ཕྲེང་སོགས་འབྲིང་དམའ་བའི་དུས་འགྱངས་ལས་སྒོ་འཕེལ་རྒྱས་གཏོང་དགོས། རང་ཞིང་ཆེན་གྱི་རྩིས་ནུས་ཞབས་ཞུ་མཐུད་འཇུག་དང་བེད་སྤྱོད་ཀྱི་ཚད་གཞི་དམའ་རུ་བཏང་ནས་གཞི་གྲངས་འཁོར་རྒྱུག་དང་རྩིས་ནུས་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁ་གཏད་རོགས་སྐྱོར་ལམ་སྲོལ་སྤྱད་དེ་ལྗང་མདོག་རྩིས་ནུས་ཀྱི་‘ཚན་རྩལ་གསར་གཏོད་འཕུར་ས་’བཙུགས་ནས་རིམ་པ་མང་བ་དང་རྣམ་པ་མང་བའི་ལག་རྩལ་གསར་གཏོད་སྟེགས་བུ་ཐུན་མོང་ཐོག་གཏོད་དགོས། ”
ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་ཐུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་གཏོད་རྒྱུར་ཐབས་ལམ་གསལ་སྟོན་བྱས་ཡོད། མཚོ་སྔོན་གྱིས་བྱ་བ་སྒྲུབ་རྒྱུ་དང་བྱ་བ་མི་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་ཐོན་ལས་ཀྱི་“ས་གནས་བཞི་”འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པ་ལྡན་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་སྟོབས་ལྡན་བསྣན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་དེ་བས་མང་བ་གཏོད་རྒྱུ་རེད།