​སྔོ་ལྗང་རི་ཆུར་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་ལ་ཧ་ཅང་ཉམས་ཞན་ཡང་ཡིན་པས།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ནུས་པ་ཆེ་ཤོས་མངོན་འགྱུར་བྱ་རྒྱུ་ནི་ས་ཁོངས་དེའི་ལས་འགན་གཙོ་བོ་ཡིན།     

ཐོག་མཐའ་བར་གསུམ་དུ་“རྒྱལ་ཁབ་ཆེ་ཤོས་”བློ་ལ་བརྟན་པོར་འཛིན་ཞིང་།    ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་བྱས་ཏེ།    “ཆེ་ཤོས་གསུམ་”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་དང“དེ་བས་གལ་ཆེ་བ་གསུམ་”གྱི་འཐབ་ཇུས་གནས་བབ་གཞིར་བཟུང་སྟེ་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་ཞབས་ཞུ་ཧུར་ཐག་བྱས་ཏེ།    སྐྱེ་ཁམས་སྔོན་ལ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ།    སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་ཤུགས་ཆེ་རུ་བཏང་བ།     “གཙང་པོ་གསུམ་གྱི་འབྱུང་ཁུངས་”དང་“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ཡག་པོ་བྱ་དགོས།     

དུས་ཚོད་གལ་ཆེན་ཞིག་གི་སྐབས་སུ་ང་ཚོས་མཛེས་སྡུག་ལྡན་པའི་གཙང་པོ་གསུམ་གྱི་ས་གཞི་ལ་བརྩེ་དུང་ཟབ་མོ་ཞིག་གིས་ཕྱིར་དྲན་བྱས་པ་དང་།    སྣོད་བཅུད་ཤེས་རིག་གི་“མཐོ་ས་”བརྟན་བརླིང་ཁྲོད་བརྟན་བརླིང་བཟང་པོ་བསྐྲུན་པ།    རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་སྔར་བས་མཛེས་སྡུག་ལྡན་པ།    གཙང་པོ་གསུམ་གྱི་དྭངས་གཙང་ཤར་ཕྱོགས་སུ་རྒྱུག་པ།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་ཐོག་ནས་“ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་ཕུན་སུམ་ཚོགས་པ།    སྔོ་ལྗང་དང་རི་སྔོ་ལྗང་བཅས་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་ཆེ་ཤོས་སུ་གྱུར་ཡོད།     

མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་ཡག་པོ་ཡོད་པ། 

སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་ཡོངས་ཁྱབ་ཀྱི་དམངས་འཚོ་བདེ་སྐྱིད་དང་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཤིག་ཡིན།     ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།     2024ལོའི་ཟླ་1པ་ནས་11པའི་བར་ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་95%ཡན་ཟིན་ཞིང་།    ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་92%ཡན་ཟིན་ཡོད།     

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་སློབ་ཆེན་སྣོད་བཅུད་ཁོར་ཡུག་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞེ་ཀྲན་ལིང་གིས་2018ལོར་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དུ་གྱུར་པ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་མཁའ་རླུང་སྦགས་བཙོག་བཅོས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད།    ལོ་འགའི་རིང་ལ་ཟི་ལིང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བའི་འགྱུར་ལྡོག་དངོས་སུ་ཚོར་བྱུང་།    འདི་ལོ་ཁྱེར་ཡོང་བ་ནི་ཟི་ལིང་གྲོང་ཁྱེར་གྱིས་ནམ་མཁའ་སྲུང་སྐྱོབ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཞིག་རེད།     

མཁའ་དབུགས་དྭངས་གཙང་དང་མཁའ་དབྱིངས་སྔོ་བས“མཚོ་སྔོན་སྔོ་བས”ནི་སྣོད་བཅུད་བདེ་སྐྱིད་ཡག་པོ་ཞིག་ཏུ་གྱུར་ཡོད།     སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བྱ་ཆེད།    ཟི་ལིང་གྲོང་ཁྱེར་གྱིས་རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ།    རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་མུ་མཐུད་དུ་སྤེལ་བ་དང་།    ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གཏིང་ཟབ་སྤེལ་བ་དང་།    རྗེས་ལུས་ཐོན་སྐྱེད་ནུས་ཤུགས་མེད་པར་གཏོང་བ་སོགས་བརྒྱུད་བཟོ་ལས་ཁེ་ལས་ལྗང་མདོག་རིམ་སྤོར་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་མ་ཟད།    སྦགས་བཙོག་འབྱུང་ཁུངས་སྣ་ཚོགས་ལ་གནད་ལ་འཁེལ་བའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་།    རྡུལ་འབུད་སྦགས་བཙོག་དང་།    འཕྲུལ་འཁོར་གྱི་རླངས་འབུད་པ།    རྡོ་སོལ་ཁྲོ་ཐབ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།     

ཞེ་ཀྲན་ལིང་གིས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཟི་ལིང་གིས་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བཞིན་ཡོད།    ཁོར་ཡུག་བློས་གཏོང་བྱས་ནས་གནས་སྐབས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་ཐབས་གཏན་ནས་བྱེད་ཀྱི་མེད།    མཁའ་རླུང་གི་སྤུས་ཚད་ལེགས་སུ་གཏོང་བའི་ཐད་ད་དུང་མུ་མཐུད་དུ་ནུས་ཤུགས་ཡོད་རྒྱུ།    མཁའ་རླུང་གི་སྤུས་ཚད་ལེགས་པོར་བརྟེན་ནས་གནམ་སྔོན་སྲུང་སྐྱོབ་དམག་འཐབ་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས།     

ཞེ་ཀྲན་ལིང་གིས་མིག་སྔར་སྤེལ་བའི་ལས་ཀའི་རྨང་གཞིའི་ཐོག་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་།    མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི་བཟོ་བ།    བཟོ་ལས་དང་འགྲིམ་འགྲུལ་སོགས་སྦགས་བཙོག་འབྱུང་ཁུངས་གཙོ་བོར་ཕྱིར་གཏོང་ཚད་གཞི་ནན་པོ་བཟོ་བ།    ནུས་ཚད་ཟད་གྲོན་ཆེ་བ་དང་སྦགས་བཙོག་མང་བའི་ཁེ་ལས་ལ་ལྟ་སྐུལ་དོ་དམ་དང་ཚོད་འཛིན་ནན་པོ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།     དེ་དང་ཆབས་ཅིག་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་།    ཆེད་དོན་སྒྲིག་གཞི་འཛུགས་པའམ་ཡང་ན་ད་ཡོད་སྒྲིག་གཞིའི་འགན་ནུས་མང་དུ་གཏོང་བ།    གཙང་སྦྲའི་ལག་རྩལ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་གཏོང་བ།    གཙང་སྦྲའི་ནུས་རྒྱུ་བཀོལ་སྤྱོད་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་བ།    བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་འབྲེལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཏེ་ཁེ་ལས་ཀྱིས་ཕྱིར་གཏོང་ཉུང་དུ་གཏོང་བའི་གསར་གཏོད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པར་སྐུལ་མ་གཏོང་དགོས།     

རྨང་གཞི་དེའི་ཐོག་སྤྱི་དམངས་ཞུགས་པ་དང་།    དྲིལ་བསྒྲགས་།    སྤྱི་ཚོགས་ཞུགས་པ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད།    ཡུན་རིང་གི་འཆར་འགོད་བཟོས་ནས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་བརྒྱུད་སྤྱི་དམངས་ཀྱིས་མཁའ་རླུང་སྦགས་བཙོག་ལ་ངོས་འཛིན་མཐོ་རུ་གཏོང་དགོས་པ་དང་།    སྤྱི་དམངས་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས།     ད་དུང་ལྡོག་འདྲེན་ལམ་སྲོལ་བཙུགས་ནས་ཐེར་འདོན་སྟེགས་བུ་བཙུགས་ནས་མང་ཚོགས་ཀྱིས་གནད་དོན་དང་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་པར་སྟབས་བདེ་ཡོང་བ་བྱ་དགོས།     གྲངས་གཞི་བསྡུ་རུབ་དང་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་།    ཁྱོན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་པ་སོགས་ཀྱི་རྨང་གཞིའི་ཐོག་སྡེ་ཚན་ལས་བརྒལ་བའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་།    སྐུལ་ལྕག་ལམ་སྲོལ་བཟོ་བ།    དཔལ་འབྱོར་སྐུལ་ལྕག་བྱེད་ཐབས་ནང་འདྲེན་བཅས་བྱས་ཏེ་ཁེ་ལས་དང་སྤྱི་དམངས་མཁའ་རླུང་སྦགས་བཙོག་བཅོས་སྐྱོང་བྱེད་པར་ཞུགས་རྒྱུར་སྐུལ་མ་གཏོང་དགོས།     

སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ཕུན་སུམ་ཚོགས་པོ་ཡོང་བ་

ཕུན་སུམ་ཚོགས་ཤིང་སྣ་མང་བའི་སྣོད་བཅུད་མ་ལག་གིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད།    མཚོ་སྔོན་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན་ལ།    རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་བཀག་རྒྱ་གལ་ཆེན་ཞིག་ཀྱང་ཡིན།     

མ་དངུལ་འབོར་ཆེན་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རི་སྐྱེས་རྩི་ཤིང་སྐྱེ་འཚར་སྲུང་སྐྱོང་བྱ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་ཡོད།    རི་སྐྱེས་རྩི་ཤིང་རིགས་2800ལྷག་ཙམ་ཡོད་པ་དང་།    དེའི་ནང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་རིགས་50ཡོད་པ་དང་།    རྩི་ཤིང་གི་རིགས་ཕུན་སུམ་ཚོགས་པ་དང་དམིགས་བསལ་གྱི་སྐྱེ་དངོས་རིགས་མང་པོ་ཡོད་པ་རེད།     

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཧུང་ལུན་གྱིས་མིག་སྔའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་གི་གནས་ཚུལ་དང་དོན་དངོས་ལ་གཞིགས་ནས་རི་སྐྱེས་སྲུང་སྐྱོང་རྩི་ཤིང་གནས་སྤོར་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་རྩི་ཤིང་གི་སྐྱེ་དངོས་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན་པ་དང་།    གཙོ་བོ་རང་བྱུང་ཁམས་ཁྲོད་ཀྱི་རི་སྐྱེས་རྩི་ཤིང་གི་ས་བོན་སམ་ཡང་ན་སྡོང་རྐང་ཧྲིལ་པོ་མིས་བཟོས་ནས་གསར་གཏོད་བྱས་པའི་ཁོར་ཡུག་འོས་འཚམ་དུ་སྤོ་འཛུགས་བྱས་ནས་ཉར་ཚགས་དང་རྒྱུད་སྤེལ་བྱ་རྒྱུ་དེ་རི་སྐྱེས་རྩི་ཤིང་དང་ལྷག་པར་དུ་སྟོངས་ཉེན་ཡོད་པའི་སྐྱེ་དངོས་རིགས་སྐྱོབ་སྲུང་སྐྱོང་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།    

ཉེ་བའི་ལོ་འགའི་རིང་ལ།    མཚོ་སྔོན་གྱིས་རི་སྐྱེས་རྩི་ཤིང་སྲུང་སྐྱོང་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།    ཚན་རིག་དང་མཐུན་པའི་སྒོ་ནས་གནས་སྤོ་སྲུང་སྐྱོང་དང་ས་གནས་དེ་གའི་སྲུང་སྐྱོང་གཅིག་གྱུར་གྱིས་སྤེལ་བ་དང་།    རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།     ཐོན་ཁུངས་བརྟག་དཔྱད་དང་།    འདུལ་གསོ་རྒྱ་བསྐྱེད་པ།    སོན་རྫས་ཐོན་ཁུངས་བསྡུ་རུབ་སོགས་ཀྱི་བྱེད་ཐབས་བརྒྱུད་རི་སྐྱེས་རྩི་ཤིང་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རི་སྐྱེས་རྩི་ཤིང་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་བདག་ཏུ་མ་བཟོས་པའི་རྩི་ཤིང་75%ཡན་སྲུང་སྐྱོང་ནུས་ལྡན་བྱུང་ཡོད།     

མཚོ་སྔོན་གྱི་རྩི་ཤིང་གནས་སྤོ་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།     ཝང་ཧུང་ལུན་གྱིས་མཚོ་སྔོན་གྱིས་རྩི་ཤིང་གནས་སྤོ་སྲུང་སྐྱོང་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་མོད།    འོན་ཀྱང་སྔར་བཞིན་འགྲན་སློང་མང་པོ་འཕྲད་པས་སྲུང་སྐྱོང་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་ཚོད་འཛིན་ཐེབས་ཡོད།     མིག་སྔའི་གནས་ཚུལ་ལ་བལྟས་ན།    གནས་སྤོ་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་འཐུས་ཚང་དུ་གཏོང་དགོས་པ་དང་།    ཞིབ་འཇུག་གི་རྨང་གཞི་བལྟོས་བཅས་ཀྱིས་ཞན་པ།    ཕྱི་རོལ་གྱི་ཡུན་རིང་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་མིན་པ།    སྲིད་ཇུས་དང་ཁྲིམས་སྲོལ་སྔར་བཞིན་འཐུས་ཚང་དུ་གཏོང་དགོས།     

ཝང་ཧུང་ལུན་གྱིས་རང་ཞིང་ཆེན་གྱི་རི་སྐྱེས་རྩི་ཤིང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲུང་སྐྱོང་རྩི་ཤིང་གནས་སྤོ་སྲུང་སྐྱོང་བྱེད་ཐབས་གཏན་འབེབས་བྱས་ཏེ་གནས་སྤོ་སྲུང་སྐྱོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།     དེ་དང་ཆབས་ཅིག་གནས་སྤོ་སྲུང་སྐྱོང་གི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རི་སྐྱེས་རྩི་ཤིང་འཚར་སྐྱེ་སྐྱེ་དངོས་རིག་པ་དང་སྲུང་སྐྱོང་རྒྱུད་འཛིན་རིག་པ།    སྐྱེ་འཕེལ་སྐྱེ་དངོས་རིག་པ།    ཁྱུ་ཚོགས་དང་ཁྱུ་ཚོགས་སྐྱེ་ཁམས་རིག་པ་སོགས་ཐད་ཀྱི་འབྲེལ་ཡོད་རྨང་གཞིའི་ཚན་རིག་ཞིབ་འཇུག་གཙོ་གནད་དུ་སྤེལ་ནས་གནས་སྤོ་སྲུང་སྐྱོང་ལས་དོན་ལ་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས།     

དེའི་རྨང་གཞིའི་ཐོག་གྲངས་གཞིའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།    རིག་ནུས་ཅན་དང་།    ཆ་འཕྲིན་ཅན།    ཆ་འཕྲིན་ཡོངས་ཅན་བཅས་ཀྱི་རི་སྐྱེས་རྩི་ཤིང་གི་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།    རི་སྐྱེས་རྩི་ཤིང་ཁྱུ་ཚོགས་ཀྱི་ཚེ་སྲོག་འཁོར་ཡུན་གྱི་འགུལ་རྣམ་ལྟ་ཞིབ་མངོན་འགྱུར་བྱས་ནས་ནུས་པ་སྣ་མང་གཞི་གཅིག་ཅན་གྱི་ཚན་རིག་ཁྱབ་གདལ་སློབ་གསོ་འགྲེམས་སྟོན་ལྟེ་གནས་བསྐྲུན་དགོས།     

རི་ཆུའི་མཛེས་སྡུག་འཕེལ་རྒྱས་ཀྱི་རིན་ཐང་དུ་འགྱུར་བ།     

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་ཡོད་པ་དང་།    འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་ཡོད་པ།    མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཐུག་ཡོད།     དེ་རིང་གི་མཚོ་སྔོན་དུ་སྣོད་བཅུད་ལ་བརྟེན་ནས་འཕེལ་རྒྱས་དང་།    སྣོད་བཅུད་མཛེས་པ།    སྣོད་བཅུད་དར་རྒྱས་བཅས་ལ་བརྟེན་ནས་སྣོད་བཅུད་དང་།    ཐོན་སྐྱོད།    འཚོ་བ་བཅས་ཀྱི་བར་སྟོང་ཁྱབ་པ་དང་།    སྣོད་བཅུད་སྲུང་སྐྱོང་དང་།    ཐོན་ལས་རིམ་སྤོར་།    དཔལ་འབྱོར་འཕེལ་རྒྱས་བཅས་ལ་ཁྱབ་པ་དང་ལས་རིགས་ཁག་གིས་སྤུས་ཚད་བརྩོན་ལེན་བྱས་ནས་གསར་པའི་ཀྲུང་གོ་དང་ལྗང་མདོག་ཕྱོགས་སུ་སྐྱོད་བཞིན་ཡོད།    

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནི་མདོ་ལ་རི་བོ་ལྷོ་འདབས་དང་མཚོ་སྔོན་པོ་བྱང་ངོགས་སུ་གནས་པས་སྣོད་བཅུད་གནས་བབ་གལ་ཆེན་གྱིས་སྣོད་བཅུད་འགན་འཁྲི་གལ་ཆེན་སྤྲད་ཡོད།     རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གྱི་སྣོད་བཅུད་དཔལ་ཡོན་གྱི་བསམ་བློ་ལག་ལེན་ཧུར་ཐག་བྱས་ཏེ།    སྣོད་བཅུད་དེ་རྫོང་འཛུགས་པའི་རྨང་གཞི་དང་རྫོང་དར་རྒྱས་གཏོང་བའི་གནད་འགག་ཏུ་བརྩིས་ཏེ།    ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ།    རང་བྱུང་སྣོད་བཅུད་ལེགས་ཆ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་གང་ཐུབ་བྱས་ཏེ།    ལྗང་མདོག་དང་རི་ལྗང་གི་“རྨང་གཞི་”སྔར་ལས་མཛེས་སྡུག་ལྡན་པ་དང་།    གསེར་རི་དང་དངུལ་རི་གྱི་“མདོག་བཟང་”སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས།     ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ།    སྐྱེ་ཁམས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བཞིན་ཡོད།    ནུས་རྒྱུ་གཙང་མ་དང་།    ཁྱད་ཆོས་ལྡན་པའི་ཞིང་ལས་ཕྱུགས་རྫས།    སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་།    སྤུས་ཚད་མཐོ་རུ་དང་རིམ་སྤོར་བཅས་བྱས་ཏེ།    སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་མུ་མཐུད་དུ་རྒྱ་སྐྱེད་དུ་བཏང་ཡོད།     

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།    རྐང་ཚ་རྫོང་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།    རྫོང་དཔོན་གི་ལས་ཚབ་ཀྲང་ཆི་ཧྥུང་གིས་མཚེའུ་མཐའ་འཁོར་ས་ཁུལ་གྱི་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་གྱི་གྲས་ཤིག་ཡིན་པའི་རྐང་ཚ་རྫོང་ནི་སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ“ཐོན་སྐྱེད་དང་།    ལས་སྣོན།    ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ནུས་ཆེའི་ཞིང་འབྲོག་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།    ནོར་དང་ལུག་གི་སྤུ་ནས་ནང་ཁྲག་བར་གྱི་ལས་སྣོན་དང་བེད་སྤྱོད་ཡོངས་སུ་མངོན་འགྱུར་བྱུང་བས།    རྐང་ཚ་ཡི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་གྲངས་འབོར་དང་སྤུས་ཚད་ཚང་མ་ཇེ་མཐོར་སོང་ཡོད།     ལྷག་པར་དུ་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་ཏེ།    ཞིང་ཆེན་ཕྱི་ནང་དུ་ཚགས་ཤ་དང་ལུག་ཤ་ཐད་གཉེར་ཚོང་ཁང་18བཙུགས་པ་དང་།    “མཚོ་སྔོན་པོ་བོད་ལུག་དང་མཚོ་སྔོན་པོ་ནོར་ནག”པེ་ཅིང་དང་ཧྲང་ཧའེ་དུ་བསྐྱོད་ནས་རྒྱལ་ཡོངས་སུ་བསྐྱོད་ཡོད།     

རྐང་ཚ་རྫོང་གི་ངོས་ནས་བརྗོད་ན།    ཞིང་ཕྱུགས་ཐོན་ལས་ནི་དགེ་མཚན་ལྡན་པའི་ཐོན་ལས་ཡིན་ལ་ཀ་རྟེན་ཐོན་ལས་ཀྱང་ཡིན་མོད།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཇི་ལྟར་རྒྱ་ཆེར་གཏོང་དགོས།    ཀྲང་ཆི་ཧྥུང་གིས་མིག་སྔའི་འཕེལ་རྒྱས་ལ་བལྟས་ན།    བསྐྲུན་པའི་འབྲོག་བོད་ལུག་བཤས་ཁེ་ལས་ཀྱི་གཞི་ཁྱོན་དང་ཚད་གཞི་སོགས་ཐད་ད་དུང་མཐོ་རུ་གཏོང་དགོས་པས།    ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ལས་ལ་དེ་བས་ནུས་ཆེ་དང་དེ་བས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་དགོས་མཁོ་སྐོང་མི་ཐུབ་པས།    ཐོན་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས་ཐོན་ལས་རྒྱུད་ཐག་སྟོབས་ལྡན་དང་ལེགས་སུ་གཏོང་དགོས།     ཐོན་ལས་འཕེལ་རྒྱས་ཀྱི་ཚད་དང་འཚམ་པའི་ཚད་ལྡན་ཅན་གྱི་ནོར་ལུག་བཤས་དང་།    ལས་སྣོན།    ཐུམ་སྒྲིལ་བཅས་ཀྱི་ཐོན་ལས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྣོད་བཅུད་རིན་ཐང་བརྗེ་སྤོར་གྱི་བགྲོད་ལམ་སྔར་ལས་ལེགས་སུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་དང་།    ལྗང་མདོག་འཕེལ་རྒྱས།    དམངས་འཚོ་ལེགས་བཅོས་བཅས་ཀྱི་གཅིག་གྱུར་དམ་ཟབ་མངོན་འགྱུར་བྱ་དགོས།     

སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་དེས་ལྗང་མདོག་འཕེལ་རྒྱས་ལ་འགྲན་སློང་དེ་བས་མང་བ་འཕྲད་ཡོད་ལ།    རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད།     ཀྲང་ཆི་ཧྥུང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་རྐང་ཚ་རྫོང་གི་བཤས་པའི་མ་ལག་འཛུགས་སྐྲུན་ཐད་རྣམ་གྲངས་ལ་ཕྱོགས་ལྷུང་དང་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་མ་ཟད།    ཞིང་འབྲོག་ཐོན་རྫས་ཀྱི་གྲང་སྦྲེལ་ལས་སྣོན་དང་སྡེབ་སྐྱེལ་མ་ལག་འཛུགས་སྐྲུན་ཐད་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དང་ལག་རྩལ་མཛུབ་ཁྲིད་བྱས་ནས་ཐོན་ལས་ལ་འཕྲད་པའི་ཞན་ཆ་རྩ་བའི་ཐོག་ནས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན།    

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།