མི་དམངས་དྲ་བའི་ཟླ1ཚེས24ཉིན། ཟླ1ཚེས23མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་དོན་སྒྲིག་སྲོལ》(གཤམ་དུ《གྲོས་དོན་སྒྲིག་སྲོལ》ཞེས་བསྡུ་རྒྱུ)《གྲོས་དོན་སྒྲིག་སྲོལ》ནང་དུ་སྤྱི་དོན་དང་། གྲོས་ཚོགས་ཚོགས་སྟངས། གྲོས་འགོ་འདོན་པ་དང་གྲོས་ཞིབ། ལས་ཀའི་སྙན་ཞུར་གྲོས་ཞིབ། འཆར་འགོད་དང་སྔོན་རྩིས་ལ་ཞིབ་བཤེར། འདེམ་བསྐོ་དང་ལས་འཁུར་དགོངས་ཞུ། ཕྱིར་འབུད། རྩད་གཅོད། དོགས་གཅོད། རྟོག་དཔྱོད་ཨུ་ཡོན་ལྷན་ཁང་། གཏམ་བཤད། གྲོས་ཆོད་དང་ཁྱབ་སྒྲོག ཞར་བྱུང་བཅས་ལེའུ་དགུ་དང་དོན་ཚན་དྲུག་ཅུ་རེ་དགུ་བཅས་འདུ།
《གྲོས་དོན་སྒྲིག་སྲོལ》བཏོན་པ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁྲིམས་བཞིན་འགན་དབང་བཀོལ་སྤྱོད་ལ་སྲུང་སྐྱོབ་དང་། གྲོས་ཞིབ་ཀྱི་ནང་དོན་དང་གོ་རིམ་ཚད་ལྡན། ། གྲོས་དོན་གྱི་སྤུས་ཀ་དང་ཕན་ཕྱོད་ཇེ་ཆེར་བཅས་གཏང་ཆེད་དང་། ཏང་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ལ་སྣེ་ཁྲིད་པ་གསལ་བོ་ཡིན་པའི་བླ་ན་མེད་པའི་ཆབ་སྲིད་ཀྱི་རྩ་དོན་གྱི་ཆ་ནས་། ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ཐུན་མིན་དགེ་མཚན་སྲ་བརྟན་དང་འདོན་སྤེལ། གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་ཡི་བསམ་བློ་གལ་ཆེན་ལག་ལེན་མཐའ་འཁྱོལ་བཅས་བྱས་ནས་དམངས་འཐུས་ཚོགས་ཆེན་གྱི་ལས་ཀའི་ཁྲོད་ཏང་གི་སྲིད་ཇུས་ལམ་ཕྱོགས་དང་ཇུས་ཆོད་བཀོད་སྒྲིག་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་དང་ལག་བསྟར་ཕན་ལྡན་ཐུབ་པར་འགན་ལེན་བྱ་ཆེད་བཅས་ཡིན་པས་དོན་སྙིང་ཟབ་ལ་གལ་ཆེན་པོ་ལྡན་ནོ། །