དམངས་འཐུས་ཚོགས་ཆེན་གྱིས་བཏོན་པའི་བསམ་འཆར་ཐག་གཅོད་དཀའ་ཚེ་ཅི་ལྟར་བྱ་བའི་ཐད་ལ་མཚོ་སྔོན་གྱིས་ལན་གསལ་བོ་བཏབས་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མི་དམངས་དྲ་བའི་ཟི་ལིང་ནས་སྤེལ་བའི་འཕྲིན། ཚང་མས་ཤེས་གསལ་ལྟར།  མི་དམངས་འཐུས་མི་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་ཡིན་པ་དང་། ཁོ་ཚོས་བཏོན་པའི་བསམ་ཚུལ་དང་གྲོས་འགོ་ནི་མི་དམངས་འཐུས་མིའི་ཕྲག་ཏུ་བབ་པའི་འགན་འཁྲི་ཡིན། གལ་ཏེ་མི་དམངས་འཐུས་མིས་བཏོན་པའི་གྲོས་འགོ་དང་ཡོ་བསྲང་། བསམ་འཆར་གྱི་ཁྱབ་རྒྱ་ཆེ་ཞིང་ཐག་གཅོད་དཀའ་བའི་གནས་ལ་འཕྲད་དུས་ཅི་ལྟར་བྱ་དགོས་ཞེ་ན།

ཟླ1ཚེས23ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་དོན་སྒྲིག་སྲོལ》(གཤམ་ནས《གྲོས་དོན་སྒྲིག་སྲོལ》ཞེས་བསྡུ་རྒྱུ།)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  མི་དམངས་འཐུས་མིའི་འགན་སྒྲུབ་ཕྱོགས་ལ《གྲོས་དོན་སྒྲིག་སྲོལ》ནང་འདི་ལྟར་བསྟན་ཡོད་དེ།   ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་འདོན་བྱའི་གྲོས་དོན་དག་ནི་ཐོག་མར་གྲོས་འདོན་གྱི་རྒྱུ་མཚན་དང་།  དཔང་རྟགས།     ཇུས་གཞི་བཅས་གསལ་བོར་འབྲི་དགོས་པ་མ་ཟད།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཐག་མ་བཅད་གོང་གི་སྔོན་ལ་འདོན་དགོས།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚབ་བྱས་ནས་བཏོན་པའི་ཕྱོགས་སོ་སོའི་ལས་ཀའི་བསམ་ཚུལ་དང་ཡོ་བསྲང་། བསམ་འཆར་དག་ནི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལས་སྒྲུབ་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ལ་སྤྲད་དེ་ཞིབ་འཇུག་ཐོག་བསྒྲུབ་དགོས།   འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ཀྱིས་འཐུས་མིའི་བཏོན་པའི་བསམ་ཚུལ་དང་ཡོ་བསྲང་། བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ནས་བསྒྲུབ་དགོས་པ་མ་ཟད།  ཡར་སྤྲད་པའི་ཉིན་དེ་ནས་ཟླ་བ་གསུམ་གྱི་ནང་ལ་ལན་སློག་དགོས།  རྒྱབ་ཁྱ་ཆེ་ཞིང་ཐག་གཅོད་དཀའ་བའི་བསམ་ཚལ་དང་ཡོ་བསྲང་། བསམ་འཆར་དག་ཡར་སྤྲད་པའི་ཉིན་ནས་ཟླ་བ་དྲུག་གི་ནང་ལ་ལན་སློག་དགོས།   འཐུས་མིས་སློག་པའི་ལན་ལ་དེ་འདྲའི་ཡིད་འཚམ་པོ་མེད་ཚེ། དེར་བསམ་འཆར་བཏོན་ཆོག་པ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་སྒྲུབ་ལས་ཁུངས་ཀྱི་བསམ་འཆར་དེ་འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་སམ་ཡང་ན་གོང་རིམ་ལས་ཁུངས་དང་རྩ་འཛུགས་ལ་སྤྲད་དེ་ཞིབ་འཇུག་ཐོག་བསྒྲུབ་དགོས་པ་མ་ཟད། ལན་སློག་པའི་འགན་ཡང་འཁུར་དགོས།

འཐུས་མིའི་བཏོན་པའི་གྲོས་འགོའམ་བསམ་ཚུལ། ཡོ་བསྲང་། བསམ་འཆར་དག་བསྒྲུབས་པའི་གནས་ཚུལ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྙན་ཞུ་རྒྱག་དགོས་པར་མ་ཟད། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་ཆེན་ཕྱི་མའི་སྟེང་དཔར་འགྲེམ་བྱེད་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།