ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ།
དམངས་སེམས་གཅིག་ཏུ་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ། དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱས། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོ། ཞིང་ཆེན་སྲིད་གྲོས་ཨུ་ཡོན300ལྷག་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་སོང་ནས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མཇུག་སྒྲིལ་ཚོགས་ཆེན་སྟེང་ཞུགས། རྔམ་བརྗིད་ལྡན་པའི་རྒྱལ་གླུ་གྲགས་པ་དང་། ཚོགས་ཆེན་གྱིས་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་རྗེས་རྒྱལ་ཁའི་ངང་མཇུག་སྒྲིལ།
གྲོས་ཚོགས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། དགའ་བསུའི་རྡེབ་སྒྲ་ཡང་བསྐྱར་གྲགས།
ཚོགས་ཡུན་ཐུང་ནའང་། དངོས་གཉེར་ནུས་མཐོ་དང་། དོན་སྙིང་ཤིན་ཏུ་ཆེ། ཨུ་ཡོན་ཚོས་ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོ་དང་སྙིང་སྟོབས་ཀྱིས། ཏན་ཏིག་གིས་རིགས་སོ་སོའི་སྙན་ཞུའི་ཡིག་ཆར་གྲོས་ཞིབ་བགྲོ་གླེང་དང་། གཞུང་དྲང་གྲོས་མོལ། དངོས་གཉེར་ཐབས་འདོན་བྱས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་ལག་བསྟར་བྱས་ནས། དམངས་ཀྱི་ཆེད་དུ་འགན་ནུས་ཕྲག་ཏུ་ཁུར།
ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། ཨུ་ཡོན་ཚོས་ཡིད་ཆེས་ཀྱི་གོམ་སྟབས་སྤོ་བཞིན་ཚོགས་ར་ནས་སྒོར་བུད། བློ་འདོན་སྲིད་སྐྱོང་གི་འགན་ནུས་ཀྱི་ལས་ཐོབ་ཁྱེར་ནས་རེ་སྒུག་གསར་བར་སྙེག ཚང་མའི་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་གྱི་གནད་འགག་གི་ལོ་ཞིག་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པའི་ལོའང་ཡིན། སྔར་ལས་རང་འགུལ་ངང་འགན་ནུས་ལག་བསྟར་དང་། ཡིད་ཆེས་མཐོར་འདེགས་དང་། དཀའ་གནད་སེལ་ཏེ། འཕེལ་རྒྱས་སྐུལ་འདེད་ཐད་ཤུགས་བརྒྱབ་ནས།“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལས་རྣམ་པར་རྒྱལ་བ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་བའི”མགོ་ལེགས་པོ་ཞིག་རྩོམ་པར་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཚུལ་བསྟན། །