ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་གཟབ་རྒྱས་ངང་འཚོགས་པ་དང་། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་མཇུག་སྒྲིལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱང་མཇུག་སྒྲིལ་ལ་ཉེ།
མི་རྣམས་ཀྱིས་སྐབས་འདིར་མཚོ་སྔོན་ལ་རྒྱུས་ལོན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱེད་པ་ནི་མངགས་བཅོལ་ཟབ་མོ་ཞིག་ཡིན་ལ། དེ་བས་ཀྱང་རང་ཉིད་ཀྱི་བླང་བྱ་ཡིན།
དུས་ཡུན་ཐུང་ངུའི་རིང་ལ་གནད་འགག་ཧ་ཅང་གསལ་པོ་ཞིག་ཡོད་པ་སྟེ། དེ་ནི་ཧུར་བརྩོན་རེད། འཐུས་མི་ཨུ་ཡོན་གྱིས“ཡིད་ཆེས་ནི་གསེར་ལས་ཀྱང་གལ་ཆེ་བས། མཐོ་སྒང་གི་མིར་མཐོ་སྒང་གི་ཁྱད་ཆོས་ལྡན་དགོས་ཞེས་བསྟན། གནོན་ཤུགས་ཀྱི་མདུན་དུ་མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར། འགྲན་སློང་ལ་ཐད་ཀར་དུ་གདོང་གཏད་དེ། ཁེ་ལས་ཀྱི་དཀའ་ངལ་མདུན་དུ་བསྐྱོད་ནས་དུས་རབས་གསར་བའི་འགྱུར་ལྡོག་འཚོལ་ཞིབ་བྱས།
གནས་འདིར་དགའ་བསུའི་ཐལ་མོ་རྡེབ་སྒྲ་ཡང་ཡང་གྲགས་ཤིང་། གར་སྟེགས་དང་གར་སྟེགས་འོག་ཏུ་འཕེལ་རྒྱས་ཀྱི་ཕུགས་འདུན་མཉམ་འདྲེས་བྱས་པ་དང་། ཚོགས་རའི་ནང་དང་ཚོགས་རའི་ཕྱི་རོལ་དུ་མཛེས་སྡུག་ལྡན་པའི་འཚོ་བར་རེ་ལྟོས་ཀྱིས་ཁེངས་ཡོད།
ཚོགས་རའི་ཕྱིར་རུ། འཐུས་མི་ཨུ་ཡོན་རྣམས་གཞི་རིམ་དུ་བསྐྱོད་ནས་དམངས་ཀྱི་རེ་འདུན་ལ་ཉན། ཚོགས་རའི་ནང་ཁོང་ཚོས་གཏམ་བཤད་གནང་ནས། ཧུར་ཐག་གིས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ཐད་བསམ་འཆར་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། རྒན་པ་ནས་བྱིས་པའི་བར་དུ་སྨན་བཅོས་དང་ལས་ཞུགས། ཕྱིར་སྐྱོད། གཏམ་བཤད། ལན་འདེབས་པ་སོགས་དམངས་འཚོའི་དམིགས་ཚད་རེ་རེ་ཞིབ་ཕྲ་བཟོས་ནས། ཅི་ནུས་སྒོས་མཚོ་སྔོན་ལ་དྲོད་ཁོལ་སྦྱིན།
འདས་ཟིན་པ་དང་འབྱུང་འགྱུར་དེ་འདི་ནས་མཉམ་འདྲེས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་གསལ་པོར་མཐོང་ཐུབ། མི་རྣམས་དུས་ད་ལྟ་ནས་ཉིན་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་པའི་མཚོ་སྔོན་ལ་དགའ་ཞེན་སྐྱེས།
ལོ་གསར་པར། མདོ་དབུས་མཐོ་སྒང་གི་ས་གཞི་ཆེན་པོར་གསོན་ཤུགས་དང་རེ་བས་ཁེངས་ཤིང་། སྙིང་སྟོབས་མངོན་པ་དང་གནམ་ས་གསར་པ་གཏོད་པ། དམིགས་འབེན་གཏན་འཁེལ་བྱེད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་མདུན་དུ་བསྐྱོད་དགོས། །