མཐོ་རྒྱུགས་བཅོས་བསྒྱུར་གྱིས་ཤེས་ལྡན་མི་སྣར་ལམ་བུ་གསར་བ་བསྐྲུན།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་སྲིད་གྲོས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་སློབ་འབྲིང་གཉིས་པའི་དགེ་རྒན། ཐིའེ་ཡུས་ཧྭ།

ད་ལོ་ནས་བཟུང་། མཚོ་སྔོན་གྱིས་མཐོ་རྒྱུགས་ཀྱི་བཅོས་བསྒྱུར་གསར་བར་ཁ་ཕྱོགས་ནས།  “3+1+2”ཀྱི་རྣམ་པ་སྤྱད་དེ། སློབ་མའི་རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་ལ་དམིགས་ནས་བསླབ་ཚན་བདམས་ཆོག དཔེར་ན། དངོས་ལུགས་དང་ས་ཁམས་ལ་སྤྲོ་བ་ཡོད་པའི་སློབ་མས། རང་མོས་ངང་བསླབ་ཚན་འདི་གཉིས་བདམས་ཏེ་རང་ཉིད་ཀྱི་འཇོན་ཐང་མངོན་ཆོག  བྱེད་ཐབས་གསར་བ་འདིས་རྒྱལ་ཁབ་ཀྱི་སྤུས་ཚད་གསར་བའི་དགོས་མཁོ་དང་མཐུན་པའི་སྣ་མང་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རོགས་འདེགས་ཆེན་པོ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།