ཟླ1པོའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་འདུར་འབྱོར་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི72ཡོད་ལ་དངོས་སུ་མི68འབྱོར་ཡོད་པས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་དང་ཝང་ལི་མིང་། དབྱང་ཧྥེང་ཁྲོན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའེ་ཀང་། ཝང་ཅིང་ཀྲེ། ཁྲེན་ཏུང་ཁྲང་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་མཛད། གྲོས་ཚོགས་ལ་ཁྱོན་གྲོས་རིམ་བཅུ་ཡོད།
གཅིག སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་།
གཉིས། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2025ལོའི་འཆར་འགོད་འཆར་ཟིན་གྱི་ཞིབ་དཔྱད་མཇུག་འབྲས་སྙན་ཞུར་གསན་ཅིང་གྲོས་འཆམ་བྱུང་།
གསུམ། མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2025ལོའི་འཆར་འགོད་འཆར་ཟིན་ལ་གྲོས་འཆམ་བྱུང་།
བཞི། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2024ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་སྔོན་རྩིས་འཆར་ཟིན་གྱི་ཞིབ་དཔྱད་མཇུག་འབྲས་སྙན་ཞུར་གསན་ཅིང་གྲོས་འཆམ་བྱུང་།
ལྔ། མཚོ་སྔོན་ཞིང་ཆེན་གྱི2024ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་སྔོན་རྩིས་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་།
དྲུག འཐུས་མིས་བཏོན་པའི་གྲོས་ཞིབ་ཐག་གཅོད་བསམ་འཆར་གྱི་སྙན་ཞུར་གསན་ཅིང་གྲོས་འཆམ་བྱུང་།
བདུན། ཚོགས་ཆེན་གྱི་འདེམ་བསྐོའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་།
བརྒྱད། ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་འོས་མི་ཁས་ལེན་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་།
དགུ། གསབ་འདེམས་དང་འདེམས་སྒུག་པའི་མིང་ཐོའི་འཆར་ཟིན་དང་། འབྲེལ་ཡོད་འོས་མིའི་གནས་ཚུལ་མཚམས་སྦྱོར་བྱས།
བཅུ། གསབ་འདེམས་དང་འདེམས་སྒུག་པའི་མིང་ཐོའི་འཆར་ཟིན་དང་འབྲེལ་ཡོད་འོས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་དུ་གོང་གསལ་གྲོས་རིམ་བཅུ་པོ་ལ་རིམ་བཞིན་གྲོས་འཆམ་བྱུང་། །