
ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་ཏ་ཐུང་པེ་ཁྲོན་ཆུ་བོའི་ཁུངས་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་ནགས་ལས་མཐོ་རིམ་བཟོ་སྐྲུན་པ་ལི་ཧྥུ་ཧྭ།
སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གི་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་ཕྱོགས་སྡོམ་དང་བཀོད་སྒྲིག་ཐོས་སྐབས། ང་ལ་དེ་བས་སེམས་འགུལ་ཐེབས་པ་ཡིན་ལ། སྔར་ལས་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུ་རྒྱུ་དང་། ཏ་ཐུང་པེ་ཁྲོན་ཆུ་བོའི་འབྱུང་ཁུངས་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཁྲོད་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲུང་སྐྱོང་གི་འགན་འཁྲི་འཁུར་བ་དང་། སྲུང་སྐྱོང་གི་བྱས་རྗེས་མངོན་པ། སྲུང་སྐྱོང་སྟོབས་ཤུགས་ལེགས་སྐྱེས་སུ་བཏང་ནས། སྲུང་སྐྱོང་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་མཚོན་ཞིག་ཏུ་འབད་བརྩོན་བྱ་རྒྱུ་ཡིན་ཟེར། །