ཕ་ཡུལ་གྱི་སྔོ་ལྗང་རི་ཆུ་སྲུང་སྐྱོང་བྱེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་མཚོ་ལྷོོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་མེ་ཏོག་གི་རྒྱ་མཚོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་འཛིན་པ་སྙིང་དཔལ་རྒྱལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་ཕ་ཡུལ་གྱི་རི་ཐང་ཀུན་སྔོན་མའི་དུས་དང་བསྡུར་ན་སྔོ་ཞིང་ལྗང་ལ་ཆུ་མོ་ཐམས་ཅད་ཀྱང་སྔོན་དང་བསྡུར་ན་དྭངས་ཤིང་གཙང་། རི་སྐྱེས་སྲོག་ཆགས་ཀྱང་དེ་སྔ་དང་བསྡུར་ན་མང་དུ་མཐོང་ཐུབ། འགྱུར་བ་འདི་དག་ངས་མིག་གིས་མཐོང་ཞིང་སེམས་སུ་དགའ་སྣང་གིས་ཁྱབ་བཞིན་ཡོད་ལ་ཡུལ་མི་ཀུན་ཀྱང་ང་དང་ང་བཞིན་ཡིན། ད་ལྟའི་གནས་བབ་ལེགས་པོ་འདི་དམ་འཛིན་བྱས་ཏེ་ཕ་ཡུལ་ལ་དོན་དངོས་ཞིག་བསྒྲུབ་འཆར་ཡོད་དེ་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་ཕ་ཡུལ་གྱི་སྔོ་ལྗང་རི་ཆུ་སྲུང་སྐྱོང་བྱས་ཏེ་འདི་ཉིད་ཚེ་རབས་ཀུན་དུ་འདི་ལྟར་གནས་ཞིང་ཕ་ཡུལ་གྱི་རིན་བྲལ་གཅེས་ནོར་ཏུ་འགྱུར་བར་བྱ་འདོད་དོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།