སྡོད་ལ་འཚམ་པ་དང་མཉེན་ཆ་ལྡན་པ། ཤེས་རིག་ལྡན་པའི་གྲོང་རྡལ་གསར་པ་བསྐྲུན་དགོས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ། མདོ་ལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཚབ་མ་མེ་རྒྱལ་མཚན།

སྲིད་གཞུང་བྱ་བའི་སྙན་ཞུའི་ནང“གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་དགོས”ཞེས་བསྟན་ཡོད། དེའི་ཐད་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཏང་ཨུ་ཧྲུའུ་ཅི་གཞོན་པའམ། རྫོང་དཔོན་ཚབ་མ་མེ་རྒྱལ་མཚན་གྱིས་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གསར་པ་སྐུལ་འདེད་གཏོང་བར་ངེས་པར་དུ་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་དང་མི་རྩ་བར་འཛིན་པ་མཐའ་འཁྱོངས་བྱས་ཚེ། གཞི་ནས་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཐུབ་པར་བསམ་བཞིན་ཡོད།

“ཉེ་བའི་ལོ་འགའི་རིང་མདོ་ལ་རྫོང་གིས་རྫོང་མཁར་གཞི་རྟེན་གལ་ཆེན་དུ་གྱུར་པའི་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོ་སྐབས་སུ་བྱེད་པ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་འཛིན་སར་བྱས་ཏེ་སྐྱེ་ཁམས་རྣམ་པ་དང་མི་ཆོས་རིག་གནས། སྡོད་ལ་འཚམ་པ་བཅས་ཀྱི་གྲོང་རྡལ་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱ་ཐབས་དངོས་བཏོན་པ་དང་དཀའ་གནད་ཐག་གཅོད་བྱས་ཡོད། སྔ་རྗེས་སུ་ལྗོང་མདོག་སྤྱི་གླིང་དང་ཕ་བོང་རྫའི་བྱང་འདབས་ཁུལ་གྱི་སྐྱེ་ཁམས་ཉམས་གསོ། གྲོང་ཁྱེར་ཉམས་གསོ་སོགས་སྐྱེ་ཁམས་ཉམས་གསོ། མཁར་ཤར་གྱི་སྤང་ལྗང་དང་། ལུང་ལིན་སྤྱི་གླིང་། བཙུན་མོ་དམར་ཡག་མའི་ཐང་ཆེན་སོགས་ཁྲོམ་གཞུང་གི་སྤང་ལྗང7བཏོད་དེ། གྲོང་ཁྱེར་སྲང་ལམ་གྱི་སྤང་ལྗང་དང་གྲོང་ཁྱེར་གྱི་ཡུལ་ལྗོངས་འདྲེས་པ། རི་ཆུ་འདྲེས་པའི་མཁར་གྲོང་གི་བར་མཐོངས་ཀྱི་རྣམ་པ་གསར་པ་ཆགས་ཡོད་པའི་དུས་མཚུངས་སུ།‘ཆེས་མཛེས་མདོ་ལའི་མི”དང་དེ་བཞིན་དཔལ་ཡོན་གྲོང་ཚོ་དང་གྲོང་རྡལ། དཔལ་ཡོན་ལས་ཁུངས་བཅས་ཀྱི་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་གཏིང་ཟབ་སྤེལ་ནས། རོང་འབྲོག་ཁུལ་གྱི་གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་གཞིར་འཛིན་པའི་ཚད་གཞི་བཏོན་ཡོད་པ་དང་། 2018ལོ་ནས2019ལོ་བར་ཁུལ་སྒྱུར་བཟོ་འགོད་རྣམ་གྲངས(དུས་འགོར)དང་མདོ་ལ་རྫོང་གི་འཛུགས་སྐྲུན་གད་སྙིགས་གཙང་སེལ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚད་གཞི་མཐོ་བའི་འཕྲོད་བསྟེན་གསང་སྤྱོད28བསྐྲུན་ནས་བེད་སྤྱོད་བྱས་ཡོད་པ་དང་། ཁྲོམ་གཞུང་རྒྱུད་ཀྱི་ས་ཆ་གཙོ་གནད་དུ་རླངས་འཁོར་འཇོག་ས་གསར་དུ་བསྐྲུན་པ་དང་། ལམ་ངོས་ཀྱི་རླངས་འཁོར་འཇོག་ས་བཙུགས་པ། རླངས་འཁོར་འཇོག་ས་གསར་དུ་བསྐྲུན་པ་བཅས་བྱས་པས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་བཅད”ཞེསག་མདོ་ལ་རྫོང་གི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གསར་པ་ཆེ་རུ་གཏོང་བའི་འགྱུར་ལྡོག་སྐོར་གླེང་སྐབས་མེ་རྒྱལ་མཚན་སྤྲོ་སྣང་གིས་ཁེངས་འདུག 

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ཐད་དམིགས་ཚད་དེ་བས་ཁ་གསལ་བཏོན་ཡོད་པ་དང་། ང་ཚོས་རྗེས་ཕྱོགས་ལས་དོན་སྤེལ་བར་བླང་བྱ་གསལ་པོ་བཏོན་ཡོད། རྗེས་མའི་བྱ་བའི་ཁྲོད་ང་ཚོས་ཞིང་ཕྱུགས་ལས་སྤོ་སྒྱུར་མི་གྲངས་གྲོང་མི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་གྲོང་རྡལ་ཅན་གསར་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཕྱུགས་ལས་སྤོ་སྒྱུར་མི་འབོར་ཡོང་བ་དང་སྡོད་ཐུབ་པ། འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱས་ཏེ། རོངང་འབྲོག་ལས་སྤོ་སྒྱུར་མི་གྲངས་གྲོང་མི་ཅན་དུ་འགྱུར་བའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས་པ་དང་དུས་མཚུངས་སུ། གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱ་དགོས། མེ་རྒྱལ་མཚན་གྱིས་ད་དུང་མདོ་ལ་རྫོང་གིས་གྲོང་ཁྱེར་གསར་སྒྱུར་དང་བདེ་འཇགས་དང་མཉེན་ཆ་ཆེ་རུ་གཏོང་བའི་བྱ་འགུལ་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ས་འོག་སྦུག་ལམ་དང་སྒྲིག་བཀོད་འཛུགས་སྐྲུན་བསྒྱུར་བཀོད་རྣམ་གྲངས་རེ་ཞུ་བྱས་ཏེ། གྲོང་རྡལ་ཅན་གྱི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས་ཏེ། 5Gདྲ་རྒྱ་ཁྱབ་པའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་བཏང་སྟེ། སྡོད་ལ་འཚམ་པ་དང་མཉེན་ཆ་ལྡན་པ། ཤེས་རིག་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་རྡལ་གསར་པ་སྐྲུན་རྒྱུ་རེད།   །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།