མཚོ་སྔོན་ཞིང་ཆེན་གྱི་ས་གནས15ཡི“དགོང་ཚོགས”རྒྱལ་ཡོངས་གྱི“དུས་བཞིའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་དུ་བདམས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ་དང་པོའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་གཞུང་དོན་ཐིང་གིས་ཉེ་ཆར2025ལོའི་རྒྱལ་ཡོངས་གྱི“དུས་བཞིའི་དགོང་ཚོགས”ཚོགས་ར་གཙོ་བོ་དང་དཔེ་སྟོན་འགྲེམ་སྟོན་བྱ་ཡུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ས་གནས15ཡི“སྡེ་བའི་དགོང་ཚོགས”རྒྱལ་ཡོངས་གྱི“དུས་བཞིའི་དགོང་ཚོགས”དཔེ་སྟོན་འགྲེམ་སྟོན་བྱ་ཡུལ་དུ་བདམས། 

2025ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་ནི། མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སན་ཧོ་གྲོང་རྡལ་སན་ཧོ་སྡེ་བ་དང་། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲང་ཉིང་གྲོང་རྡལ་ཏའེ་ཅ་ཀྲོང་སྡེ་བ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐེན་ཅ་ཀྲའེ་གྲོང་རྡལ་ཐེན་ཅ་ཀྲའེ་སྡེ་བ་དང་། དཔྱིད་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་སྟེ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལན་ལུང་ཁོའུ་གྲོང་རྡལ་ལན་གཅིག་སྡེ་བ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་ཐེན་ཕེང་སྡེ་བ། ཡུས་ཧྲུའུ་གྲོང་ཁྱེར་འབའ་ཐང་ཤང་འབའ་ཐང་གོང་མ་སྡེ་བ། དབྱར་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་སྟེ། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་རྡལ་ཐེན་ཅ་ཀོའུ་སྡེ་བ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཕེང་ཅ་ཀྲའེ་གྲོང་རྡལ་ལིའུ་ཅ་ཀྲའེ་སྡེ་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཧ་ལེ་ཅིན་ཤང་ཧ་ལེ་ཅིན་སྡེ་བ། སྟོན་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་སྟེ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཁྲ་ཕུའུ་ཤང་ཁྲ་དབྱི་སྡེ་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཚོ་སྔོན་པོ་མཐོན་པོ་ཤང་མཐོན་པོ་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་བཅས་དང་། དགུན་དུས་ཀྱི“སྡེ་བའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་ནི། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཨར་ཧྲུ་ལོས་ཕུའུ་གྲོང་རྡལ་ཧྲི་ཐུའུ་ལེ་སྡེ་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དགུ་སྟོད་སྡེ་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་མགྱོགས་ཤང་མདའ་བཞི་སྡེ་བ་བཅས་ཡིན།

ད་ལོ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྒྱལ་ཡོངས་གྱི“དུས་བཞིའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་སྣེ་ཁྲིད་དུ་བྱས་ཏེ། ཞིང་ཆེན་ཡོངས་གྱི“སྡེ་བའི་དགོང་ཚོགས”བྱེད་སྒོ་དུས་བཞིའི་མེ་ཏོག་བཞད་ནས་རྒྱུན་དུ་གཉེར་བ་དང་རྒྱུན་དུ་གསར་པར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད། བྱེད་སྒོ་དེས་གྲོང་གསེབ་ལྟེ་བར་འཛིན་པ་དང་། ཞིང་ལས་ཀྱི་སྤྲོ་བ་དང་ཞིང་ལས་ཀྱི་བྲོ་བ་རྒྱུན་འཁྱོངས་བྱས་ཏེ། “ཞབས་བྲོ། ”“གླུ་ཤག”“ཤེས་ཡོན་འགྲན་བསྡུར”སོགས་འགྲན་བསྡུར་རང་བཞིན་གྱི་བྱེད་སྒོ་སྤེལ་བར་སྐུལ་འདེད་བྱེད་པ་དང་། “སྡེ་བའི་དགོང་ཚོགས”དང་ཁྱད་ཆོས་ལྡན་པའི་དུས་ཆེན་ཁྱབ་སྤེལ་དང་། མི་རིགས་རིག་གནས་རྒྱུན་འཛུགས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས། འཛད་སྤྱོད་རྣམ་པ་གསར་པ་གསར་གཏོད་བཅས་ལ་རྒྱབ་སྐྱོར་བྱས་ཏེ། “སྡེ་བའི་དགོང་ཚོགས”ཁྲོམ་གཞུང་དང་མཛེས་ལྗོངས་ཁུལ་དུ་བསྐྱོད་བར་རྒྱབ་སྐྱོར་བྱས་ཐོག གྲོང་གསེབ་ཀྱི་ཐོན་ཁུངས་གཅིག་སྡུད་བྱས་པ་བརྒྱུད་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ། དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྲོལ་འཛུགས་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་་རིག་གནས་ཀྱི་སྒུལ་ཤུགས་བསྣན།   །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།