མགོན་པོ་བཀྲ་ཤིས་སྲིད་གྲོས་ཚོགས་འདུའི་ཚོགས་ཆུང་བགོས་ནས་གྲོས་བསྡུར་བྱེད་པར་ཞུགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ་དང་པོའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུང་གུང་དང་སྤྱི་ཚོགས་ཚན་རིག་ཚོགས་ཆུང་གི་ཨུ་ཡོན་རྣམས་ཀྱིས་མཉམ་གཅིག་ཏུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ་དང་། སྙན་ཞུ་དང་གྲོས་ཆོད(འཆར་ཟིན)གཞན་དག་ལ་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་བགྲོ་བསྡུར་ལ་ཞུགས།

ཨུ་ཡོན་གཡུ་སྒྲོན་མཚོ་དང་ཚེ་རིང་། ཀླུ་འཁོར་རྒྱལ། ཧོ་ཅི་ཧྥང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་སྲིད་གཞུང་བྱ་བའི་ན་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡོངས་སུ་ཁྱབ་པ་དང་། གྲུབ་འབྲས་སྤྱི་བསྡོམས་བྱེད་པར་དྲང་བདེན་ཡིན་ལ་གྲུབ་འབྲས་མང་པོ་ལྡན། བཀོད་སྒྲིག་ལས་དོན་ལ་ཡིད་ཆེས་བརྟན་པོ་དང་བྱེད་ཐབས་ནུས་ཤུགས་ལྡན་པ། ག་ས་གང་དུ་རྣམ་པ་གསར་པ་དང་འགན་འཁྲི་གསར་པ། བྱ་སྤྱོད་གསར་པ་བཅས་མངོན་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་བ་དང་། དྲིན་ལམ་ཚོར་བཞིན་འབད་བརྩོན་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་ལག་ལེན་ཁྲོད་ནས་སྔོན་ཐོན་བརྩོན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་མུ་མཐུད་སྐུལ་འདེད་གཏོང་བར་སྐུལ་མ་གཏོང་ངེས་ཡིན་བཅས་བརྗོད་ཡོད་ལ། ཨུ་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་བསྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྣེ་ཁྲིད་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། སྔར་བས་ཧུར་བརྩོན་དང་རང་འགུལ་ངང་འགན་འཁྲི་བསྒྲུབ་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པར”རྒྱལ་ཁ་ཐོབ་པ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ལེགས་པོ་འཛུགས་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད། 

མགོན་པོ་བཀྲ་ཤིས་ཀྱིས་ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས་ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐབས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱི་གོ་གནས་ལེགས་སྒྲིག་བྱས་རྗེས་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུའི་ཚོགས་ཡུན་ཇེ་ཉུང་དུ་བཏང་བ་དང་། དུས་ཚོད་ཚགས་དམ་ཞིང་ལས་ཆོད་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། གྲོས་བསྡུར་གྱི་རྣམ་པ་གཏིང་ཟབ་པ། བཏོན་པའི་བསམ་འཆར་དང་གྲོས་འགོ་སྔར་ལས་སྤུས་ཚད་ལྡན་པ་དང་དམིགས་སའི་རང་བཞིན་ལྡན་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་འགན་འཁྲི་རང་ནུས་ཅི་ལྕོགས་ཀྱིས་འཁུར་བ་མཚོན་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་གནང་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཀྲུང་དབྱང་གི་དགོངས་དོན་མཚོན་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེ་ནི་ཡིད་ཆེས་ཆེ་རུ་གཏོང་བ་དང་། མི་སེམས་ལ་སྐུལ་མ་གཏོང་བ། ཆོད་སེམས་བརྟན་པོ་བྱེད་ནུས་པའི་སྙན་ཞུ་བཟང་པོ་ཞིག་རེད། བརྗེད་མི་རུང་བ་དང་སྤྱིར་བཏང་མིན་པའི་ལོ་ལས་དཀའ་ཁག་ཁྱད་དུ་བསད་དེ་བླངས་བའི་གྲུབ་འབྲས་མངོན་གསལ་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ།བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་འགྱུར་ཁུག་གཙོར་བྱས་ནས“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞ྄ེན་ཆེ་བ། མཚོ་སྔོན་དར་སྤེལ་གཏོང་བ”བཅས་ཀྱི་བརྩེ་བའི་ལས་འགན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་རྒྱུན་དུ་སློབ་སྦྱོང་བྱེད་པ་དང་ཞིང་ཆེན་གྱི་གནས་ཚུལ“ཆེ་ཤོས་གསུམ”གྱི་གནས་གཏན་འཁེལ་དང“དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་པ་བརྒྱུད་དེ། མཚོ་སྔོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པར་སྐུལ་འདེད་སྔར་ལས་ལེགས་པའི་ཁྲོད་དུ་སྲིད་གྲོས་ཀྱི་བྱས་རྗེས་མངོན་དགོས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལྟར། “མཐོ་ས”བསྐྲུན་པ་དང་། “གནས་བཞི”འཛུགས་སྐྲུན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་བཟོ་བ། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་སོགས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་འབོད་སྐུལ་ལེགས་པོ་བྱས་ཏེ། ཐབས་ཤེས་ལེགས་པོ་དང་བསམ་ཕྱོགས་གསར་པ། གྲོས་གཞི་བཟང་པོ་བཅས་སྔར་ལས་མང་བ་བཏོན་ཏེ། སྲིད་གྲོས་ཀྱི་ནུས་པར་བརྟེན་ནས་ལོ་ཧྲིལ་པོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།