
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ། ཟི་ལིང་ཁྲོན་ཝང་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཅུན་ལའོ་ཏུའུ།
མཚོ་སྔོན་ལ་གངས་འཁྱགས་ཐོན་ཁུངས་ཕུན་སུམ་ཚོགས་པས་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མདུན་ལམ་རྒྱ་ཆེན་པོ་ཡོད། ང་ཚོས་འཐབ་ཇུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བྱས་ཏེ་འཕེལ་རྒྱས་འཚོལ་ཞིབ་བྱེད་པ། ད་ཡོད་ཐོན་ལས་ཇེ་ལེགས་སུ་གཏོང་བ་དང་བསྡུ་སྒྲིལ་བྱས་ཏེ། གངས་འཁྱགས་ཐོན་ལས་ལ་བརྟེན་ནས་ཡུལ་སྐོར་གྱི་ཡོང་འབབ་མངོན་འགྱུར་བྱེད་པ། ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཐོན་ལས་མང་པོ་མཉམ་འགུལ་འཕེལ་རྒྱས་གཏོང་བའི་ཁྲོད་ཞིང་འབྲེལ་ཞིང་ཁྲིད་ལམ་ལུགས་གཏིང་ཟབ་ཏུ་བཏང་སྟེ། ཞིང་ལས་དང་ཡུལ་སྐོར། གློག་རྡུལ་ཚོང་ལས་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་མཐར། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་མུ་མཐུད་དུ་རྒྱ་སྐྱེད་གཏོང་དགོས། །