ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དེ་ཡུལ་སྐོར་ཐོན་རྫས་སུ་བསྒྱུར་དགོས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚེ་རིང་སྒྲོལ་མ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་ལས་རིགས་གསར་གཏོད་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ངས་བལྟས་ན་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་ལྟེ་བར་དམ་པོར་དམིགས་ནས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དེ་ཐབས་མཁས་ངང་སྤྲོ་གསེང་གུང་གསེང་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར། པར་ལེན་ཡུལ་སྐོར། མཐོ་རིམ་མངག་སྒྲིག་སོགས་སྣ་མང་ཅན་གྱི་ཡུལ་སྐོར་ཐོན་རྫས་སུ་བསྒྱུར་དགོས། ཡུལ་སྐོར་བ་ཚོས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ་དང་ཆབས་ཅིག་དེ་གའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཉམས་ལེན་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་རང་བྱུང་ལྟ་སྐོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་ལེན་དང་སྐྱེ་ཁམས་ཤེས་རིག་གི་བསམ་བློའི་སློབ་གསོ་བཅས་ཀྱི་ཡུལ་སྐོར་དེ་མང་ཚོགས་ཀྱི་འཚོ་བའི་ནང་དངོས་གནས་འདྲེས་ཐུབ་པ་བྱེད་དགོས”ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཡ་ཞུང་རིག་གནས་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཚེ་རིང་སྒྲོལ་མར་མཚོ་སྔོན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐད་རང་ཉིད་ཀྱི་བསམ་གཞིག་དང་ལྟ་ཚུལ་གཏིང་ཟབ་ཡོད།

ད་ལོའི་ཚོགས་ཆེན་གཉིས་རིང་རིག་གནས་ཐོན་ལས་དང་། སྤུས་ཚད་མཐོ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ། གཟུགས་འདས་ཤུལ་བཞག་རིག་གནས། འཛད་སྤྱོད། གྲངས་འཛིན་ཅན་བཅས་ཀྱི་ཐ་སྙད་དེ་དག་འཐུས་མི་ཨུ་ཡོན་གྱིས་ཡང་ཡང་གླེང་བཞིན་ཡོད་པ་ཚེ་རིང་སྒྲོལ་མས་གཞི་ནས་དོ་སྣང་བྱུང་།

མཚོ་སྔོན་དུ་ལོ་མང་རིང་རིག་གནས་ཡུལ་སྐོར་གཏིང་ཟབ་སྤེལ་བའི་ཁེ་ལས་ཀྱི་འགན་འཁུར་པ་ཞིག་ཡིན་པའི་ངོས་ནས་ཚེ་རིང་སྒྲོལ་མས་ད་ཆ་རིག་གནས་ཡུལ་སྐོར་ཁྲོམ་ར་དེ་སུ་ཞིག་གི་མཛེས་ལྗོངས་ལེགས་པ་ཙམ་མ་ཡིན་པར་སུས་ཡིད་དབང་འགུག་ཤུགས་ཆེ་བ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། མཚོ་སྔོན་གྱིས་གོམ་སྟབས་དེའི་རྗེས་སུ་སླེབས་དགོས་པ་དང་། གསར་གཏོད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་དགོས། ཡུལ་སྐོར་བ་རྣམས་ཀྱིས་མཚོ་སྔོན་ལ་ཡོང་བ་རིན་ཐང་ལྡན་པའི་ཚོར་སྣང་ཡོང་བ་བཅས་བྱ་དགོས་ཟེར།

གཞན་ཡང་ཡུལ་སྐོར་ལ་ཡུལ་སྐོར་གྱི་གཟུགས་བརྙན་དང་དྲིལ་བསྒྲགས་ཁྱབ་གདལ་མ་ལག་དེ་བས་ལྡན་དགོས། གཞི་ནས་ཚེ་རིང་སྒྲོལ་མས་དྲིལ་བསྒྲགས་ཚོང་གཉེར་དང་། ཐོན་རྫས་གསར་གཏོད། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཁྱོན་ཡོངས་ནས་ནུས་ཤུགས་ཡོད་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་དང་རྒྱལ་སྤྱིའི་ཡུལ་སྐོར་ཁྲོམ་ར་དབར་སྤེལ་རེས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མཚོ་སྔོན་ལ་ཡུལ་སྐོར་བྱེད་པར་གཏིང་ཟབ་ལ་མཛེས་སྡུག་ལྡན་པའི་དྲན་ཤེས་འཇོག་དགོས་པའི་གྲོས་འགོ་བཏོན།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།