ཝུའུ་ཞའོ་ཅུན་ཚན་ཆུང་ཁག་གི་མཉམ་འབྲེལ་གྲོས་ཞིབ་ལ་ཞུགས་ཏེ་མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་བྱ་བ་བཅས་ཁུར་དུ་ལེན་པའི་སེམས་ཤུགས་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ1ཚེས20ཉིན་གྱི་སྔ་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚན་རིག་ལག་རྩལ(ཚན་རྩལ་མཐུན་ཚོགས)དང་སློབ་གསོ་ཚན་ཆུང་།  སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་ཚན་ཆུང་བཅས་ཀྱི་མཉམ་འབྲེལ་བགྲོ་གླེང་དུ་ཞུགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྣམས་ལག་ལེན་མཐར་ཕྱིན་དང་།  གྲོས་མོལ་གྲོས་སྲིད།  ལྟ་བ་ཕྱོགས་བསྡུས་རྒྱ་ཆེར་བཅས་བྱས་ནས“མཚོ་སྔོན་ལ་ཤེས་རྟོགས་ཡོད་ཅིང་། མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་སྤེལ་གཏོང་བ” བཅས་ཀྱི་ཁག་ཁུར་དང་སེམས་ཤུགས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ལ་བློ་འདོན་ཇུས་འབུལ་བྱེད་དགོས་ཞེས་ནན་གྱིས་བསྟན།

   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་གནང་།    ཚོགས་ཐོག་ཏུ་ཏེང་ཞའོ་ཁྲུན་དང་། ཝུའུ་རེན་ཐ་ན།  ཀྲང་ཀྲོའུ་ཕིང་།  ཡན་ལིང་དུང་།  ཁྲེན་ཆུང་།  ཝང་ཁུན།  ཝའེ་ལི་ཞིན།  ཝང་ཐུང་།  མཚོ་ལོ་སྐྱིད་སོགས་ཨུ་ཡོན་བཅས་ཀྱིས་ཚྭ་མཚོའི་ཐོན་ལས་མ་ལག་འཛུགས་སྐྲུན་དང་།  མཐོ་སྒང་གསོར་རིག་དང་ཁམས་གསོ་ལ་སྐུལ་འདེད།   ཚྭ་འདམ་གཞོང་གི་གནམ་རིག་ཐོན་ཁུངས་ཀྱི་མི་མངོན་དགེ་མཚན་སྔོག་འདོན།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་གསོ་ནུས་པ་མཐོར་འདེགས། སྐྱེ་ཁམས་ཀྱི་ཉེན་ཁའི་དཔྱད་དཔག་དང་ཉེན་ཟོན་ལ་ཤུགས་སྣོན།  གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཕྱོགས་བསྡུས་ནུས་པ་མཐོར་འདེགས།  དབྱར་རྩྭ་དགུན་འབུའི་ཐོན་ལས་མགྱོགས་པོར་གོང་སྤེལ།  དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་ཇེ་མཐོར།   ཡུལ་གཞན་དུ་འཛིན་གྲྭ་གཉེར་བའི་ལམ་ལུགས་འཐུས་ཚང་ལ་སོགས་གཏང་བའི་ཕྱོགས་དམིགས་སུ་བཟུང་ནས་བསམ་འཆར་ལྷུག་བརྗོད་བྱས།

ཝུའུ་ཞའོ་ཅུན་གྱིས་སོ་སོའི་གཏམ་བཤད་ལ་ཉན་རྗེས་རེ་རེ་བཞིན་ལན་བཏབས་པར་མ་ཟད།  ཚང་མས་མཚོ་སྔོན་གྱི་བཅོས་སྒྱུར་གོང་སྤེལ་བརྟན་བརླིང་ཐད་ལ་ལག་རྗེས་བཞག་པར་ཤུགས་རྗེ་ཆེ་ཞུས།   ཁོས་འདི་སྐད།  ད་ལྟ་འདས་མ་ཐག་པའི་2024ལོ་ནི་ཧ་ཅང་བརྗེད་ཐབས་བྲལ་ཞིང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད།   ལོ་དེར་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་མགོ་ཁྲིད་འོག  ང་ཚོས་འགྲན་རྩོད་ལ་གདོང་གཏད་ཅིང་།  དཀའ་ངལ་ཁྱད་གསོད་ཀྱིས་བྱེད་ཐབས་ཕན་ནུས་ཅན་རབ་དང་རིམ་པ་ཞིག་བཏོན་པ་དང་། “ཁུ་ཚུར་མཉམ་ཤར”གྱིས་དཔལ་འབྱོར་འཁོར་རྒྱུག་སྐྱོན་དང་བྲལ་ཞིང་གཏན་འཇགས་ངང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།    ལོ་གསར་པའི་ནང་།  ཚང་མས་མུ་མཐུད་དུ་ཆེད་ལས་ཀྱི་དགེ་མཚན་དང་རིག་གཞུང་གི་ཁྱད་ཡོན་དེ་མུ་མཐུད་དུ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འགྱུར་མཚོ་སྔོན་གྱི་ལག་ལེན་དང་འགན་སྒྲུབ་དངོས་ལ་སྐུལ་འདེད་ཧུར་ཐག་བྱེད་དགོས།   ཚན་རིག་ལག་རྩལ་གསར་དང་འཇོན་མི་སྐྱེད་སྲིང་།  ཐོན་ལས་གོང་སྤེལ་བཅས་མཉམ་འབྲེལ་བྱས་ཏེ།  ཚན་རིག་ལག་རྩལ་གྱི་གྲུབ་འབྲས་མགྱོགས་པོར་བརྗེ་སྒྱུར་དང་བཀོལ་སྤྱོད་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རིན་ཐང་ཆེན་པོ་མངོན་དུ་འགྱུར་དགོས།    ཀུན་སྤྱོད་ཅན་གྱི་མི་གསོ་སྐྱོང་བྱ་བ་རྒྱུན་འཁྱོངས་བྱས་ཏེ།  རྨང་གཞིའི་སློབ་གསོ་གྲུབ་སྟབས་བཀོད་སྒྲིག་སྙོམས་སྒྲིག་དང་། ཤར་ནུབ་གཉིས་ཀྱི་མཉམ་འབྲེལ་དང་ཁ་གཏད་མཚོ་སྐྱོར་གྱི་ལས་ཀའི་ལམ་ལུགས་བེད་སྤྱོད་གང་ལེགས་བྱས་ནས་རང་ཞིང་གི་སློབ་གསོའི་སྤུས་ཚད་མུ་མཐུད་ནས་ཇེ་མཐོར་གཏང་དགོས།   སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་པོ་བསྐྲུན་པའི་ལས་གཞི་ལག་ལེན་མཐར་ཕྱིན་བྱས་ཏེ།  སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་།  སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་འོག་རིམ་དུ་ལག་བསྟར་ལ་སྐུལ་འདེད་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་མ་ལག་སྔར་ལས་འཐུས་ཚང་དུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཁེབས་རྒྱ་ཆེ་ལ། རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཇེ་ཆེར་གཏང་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་འདི་སྐད།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དགོས་ན་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།   རིམ་ཁག་སྲིད་གཞུང་གིས་མུ་མཐུད་དུ་འཇོན་མི་སྣ་འདུས་དང་། རིག་སྟོབས་གཅིག་འདུས།  འབྲེལ་རྒྱ་ཆེན་པོ་བཅས་ཀྱི་དམིགས་བསལ་དགེ་མཚན་མུ་མཐུད་ནས་བཏོན་ཏེ།  ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ།  སྲིད་ཞུགས་སྲིད་གླེང་གི་ལས་སྒོ་མང་དུ་སྤེལ་ནས་མཚོ་སྔོན་དར་སྤེལ་ལ་ཇུས་བཟང་འདོན་ཞིང་གྲོས་བཟང་བཏོན་ནས་ཐབས་བཟང་འབུལ་རྒྱུ་རེ་བ་ཡིན་པར་མ་ཟད།  མི་རིགས་ཁག་གི་དམངས་གཙོ་ཏང་ཤོག་གིས་ཆབ་སྲིད་ཀྱི་སྟེང་ནས་བློ་བ་གཅིག་ཏུ་མཐུན་ཞིང་། བསམ་བློའི་འཁྱེར་ཕྱོགས་གཅིག་ཡིན་པ།  བྱ་སྤྱོད་བྱེད་སྟངས་མཉམ་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།  དྲང་ནུས་གཅིག་བསྡུས་ཀྱིས“སེམས་མཐུན་གྱི་ཨ་ལོང”ཡག་པོ་བཞེངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་སྐུལ་འདེད་ཐད་ལ་ལག་རྗེས་ཆེན་པོ་འཇོག་པར་རེ་བ་ཡིན།   དེ་བཞིན་དུ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཀྱང་ལྟེ་བ་སྙིང་བོར་བཟུང་ཞིང་སྤྱིའི་དོན་ཆེན་ལ་ཞབས་འདེགས་བྱས་ཏེ།   བཅོས་སྒྱུར་གོང་སྤེལ་གཏན་འཇགས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་ཁེ་ཕན་དངོས་ལ་འབྲེལ་བའི་གནད་དོན་དངོས་ལ་རྣམ་ཀུན་དོ་སྣང་ཆེན་པོ་དང་། ཏང་སྲིད་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་འདུན་དག་ཨུ་ཡོན་གྱི་འགན་སྒྲུབ་གསལ་ཐོ་ལྟ་བུ་བརྩིས་ནས་རང་ཞིང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་འབད་འབུངས་བྱ་རྒྱུ་རེ་བ་ཡིན་ཞེས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞིང་ཧྥེང་དང་། ཝང་ཞུན།  ཐིན་ཁུའེ་བཅས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།