ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས།

ཟླ1ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ”བརྗོད་དོན་གཙོ་བོ་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རང་ཞིང་གི2024ལོའི་དོན་དངོས་སྒྲུབ་པར་སྔོན་ཐོན་བརྩོན་ལེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་གཙོ་བོར་དམིགས་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་གཞི་གྲངས་ཅུའུ།    མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་། མཚོ་ཤར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཅིན་ཐེན་སྡེ་བ་སོགས་ལས་ཁུངས་དྲུག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་འདྲེན་ལྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ལིའུ་ཅན་ཡུས་ཀྱིས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཀུན་པིན་གྱིས་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་གནས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཐིན་ཀྲང་གཞོན་པ་ཀུའུ་ཁྲང་ཝའེ་ཡིས་རང་ཞིང་གི་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ངོ་སྤྲོད་བྱས།     ཞིང་ཆེན་གཞི་གྲངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲིན་ཝེ་ཅུན་གྱིས་རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་བྱས། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭར་རྟོག་ཞིབ་གནང་པའི་གནས་ཚུལ་དང་།  སློབ་གསོའི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གནས་ཚུལ། དེ་མིན་སློབ་གྲྭའི་གོ་རིམ་རྗེས་མའི་འཕེལ་རྒྱས་འཆར་གཞི་བཅས་ལ་དམིགས་ནས་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུའི་ཐད་ངོ་སྤྲོད་བྱས། ཅིན་ཐེན་སྡེ་བའི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཀྲིན་ཚའེ་ཡིས་ཅི་ཧྲི་ཧྲན་གྱི་ཚད་རིམ6.2ས་ཡོམ་གྱི་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་དང་དེ་མིན་དམངས་འཚོ་འགན་སྲུང་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དེ་ཚོགས་ཆེན་དྲིལ་བསྒྲགས་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྥིན་ཆིན་དབྱི་ཡིས་མགོ་འཛིན་བྱས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གསར་འགྱུར་ལས་ཁུངས་དང་།ཞིང་ཆེན་གསར་འགྱུར་སྨྱན་བྱད་ཚོགས་པའི་གསར་འགོད་པ་ཟབ་ཞུགས་བྱས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།