ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲུན་སོགས་ཚོགས་འདུར་ཞུགས་ཤིང་། མགོན་པོ་བཀྲ་ཤིས་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ཕུལ། ཝང་ཞུན་གྱིས་གྲོས་འདོན་བྱ་བའི་སྙན་ཞུ་ཕུལ། ཝང་ཀྲེན་ཁྲང་གིས་གཙོ་སྐྱོང་གནང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས།  ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲུན་སོགས་ཚོགས་འདུར་ཞུགས་ཤིང་། མགོན་པོ་བཀྲ་ཤིས་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ཕུལ།  ཝང་ཞུན་གྱིས་གྲོས་འདོན་བྱ་བའི་སྙན་ཞུ་ཕུལ།  ཝང་ཀྲེན་ཁྲང་གིས་གཙོ་སྐྱོང་གནང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲན། ཟླ1ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། ཚོགས་ཐོག་ཏུ་ཨུ་ཡོན388ཞུགས་དགོས་པ་དང་། ཚོགས་འདིར་མི352 ལས་ཞུགས་མེད་ཀྱང་ཁྲིམས་བཀོད་མི་གྲངས་དང་མཐུན།  སྔ་དྲོའི་ཆུ་ཚོད9ཡི་སྟེང་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།  ཁུང་ཡུང་།  ཝང་ཞུན།  ཝང་ཀྲེན་ཁྲང་།  ཀྲང་ཞའོ་རོང་།  ལི་ཞའོ་ནན། ཐེན་ཁུའེ།  ལིག་ཏ་དབྱི།  གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ།  མཱ་ཡུའེ་ཞིང་། དྲུང་ཆེ་ཞའེ་པའོ་ཨན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་དང་། ཝང་ཀྲེན་ཁྲང་གིས་ཚོགས་ཆེན་ལ་གཙོ་སྐྱོང་མཛད།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲུན།  རྡོ་རྗེ་རབ་བརྟན། ཝང་ལི་མེང་།  ལིག་མེ་ཕིན།  ཝང་ཝེ་ཏུང་།  ཀྲང་ཅིན་ཀང་།  ཚེ་རིང་ཐར། ཝང་ཏ་ནན།  ཝུའུ་ར་ཙེ་པེ་ཁེ·རེ་སུའུ་ལི་ཧན།  པད་ཁོ།  ཀྲུའུ་ཞིང་ཧྥེང་།  ཧི་ལུའུ་ཁྲུན།  ལི་ཧྲེང་ལི་བཅས་ཀྲུའུ་ཞིའི་སྟེགས་བུ་བཞུགས་ཤིང་།  ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

གྲོས་ཚོགས་ཀྱིས་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆར་བྱུང་།

མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ཏེ་ལས་ཀའི་སྙན་ཞུ་ཕུལ། ཁོས་འདི་སྐད། 2024ལོ་ནི་ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན།   ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱ་དགོས་པའི་ཐད་གནང་བའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ཐོག་ལག་ལེན་མཐར་ཕྱིན་བྱས་ཤིང་།  “རྒྱལ་ཁབ་ཀྱི་དོན་ཆེན”དང་། ཞིང་ཆེན་གྱི་དོན་ཆེན།  མི་དམངས་ཀྱི་འདོད་བློ་བཅས་ལ་དམིགས་ཏེ།  ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་བཅས་ལག་ལེན་ཏན་ཏིག་བྱས་ནས་ཐུན་མོང་གི་འདུ་ཤེས་གཅིག་བསྡུ་དང་།  སྲིད་གྲོས་ཀྱི་ལས་ཀ་ཁག་ཏན་ཏིག་བསྒྲུབས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།   ཞིང་ཆེན་ཡོངས་ཀྱི་ལྟེ་བའི་བཀོད་པ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་པ་དང་ལེན་དུ་བླངས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཀྱི་ལ་ཡིད་ཚིམ་པའི་ལོ་འཁོར་གྱི“འགན་སྒྲུབ་རྒྱུགས་གཞི”ཡག་པོ་ཞིག་སྤྲད་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་འདི་སྐད། 2024ལོ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲིད་གྲོས་ལས་དོན་གྱི་སྤྱིའི་རྩ་གནད་དུ་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་བ་རྒྱུན་ཚུལ་དུ་བཏང་བ་དང་། དུས་གལ་ཆེན་དུ་ལ་དམིགས་ནས་སློབ་སྦྱོང་ལ་སྣེ་ཁྲིད་དང་། ཤེས་བྱ་མཉམ་འདུས་བྱས་ནས་སྒྲུབ་ཞོར་དུ་སློབ་སྦྱོང་བྱེད་པ་མཐའ་འཁྱོངས་བྱས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་རྒྱུན་ཆད་མེད་པར་སྤྲས་པར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་ལས་འགན་ལ་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་འགན་ནུས་ལག་བསྟར་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རིག་གནས་དར་རྒྱས་འཕེལ་རྒྱས། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས། ས་མཐོའི་བདེ་ཐང་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་།  ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱ་རྒྱུ་དེ་འགན་སྒྲུབ་ཀྱི་ལྟེ་བའི་གནད་འགག་ཏུ་བརྩིས་ཏེ། རང་འགུལ་ངང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུས་པ་དང་། དམངས་གཙོའི་ཏང་ཤོག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་བྱས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་གཙོ་གནད་དུ་གྱུར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མུ་མཐུད་དོ་ཁུར་བྱས་ཏེ། ཆིང་ཧའོ་དང་ཞང་ཀང་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། “མཚོ་སྔོན་ཤེས་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་གོང་དུ་སྤེལ་བ་བཅས་ལ་ནུས་ཤུགས་རྒྱུན་ཆད་མེད་པར་བསྡུ་རུབ་བྱས་ནས་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དག་གལ་ཆེན་གཙིགས་ཆེན་དུ་བཞག་སྟེ། ལེགས་ཆ་ཆེ་རུ་གཏོང་བ་དང་། ཕན་ནུས་ཆེ་རུ་གཏོང་བ། གསོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་སྔར་ལས་ལྡན་ཆེ་ཞིང་།  གྲོས་གཞི་སྒྲུབ་པར་ཕན་འབྲས་ལྡན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་ནས་རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབས། འགན་འཁྲི་སྒྲུབ་པའི་ཞབས་ཞུའི་འགན་སྲུང་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་དེ། ཐོག་མཐའ་བར་གསུམ་དུ་ཏང་ཆེན་པོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ཏེ། བྱེད་པོའི་འགན་འཁྲི་བློ་བརྟན་འགྱུར་མེད་ཁུར་ནས། “ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ་བཅས་བྱེད་དགོས་པའི་ཁ་ཕྱོགས་གསལ་པོ་མ་ལྷོད་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་སྲིད་གྲོས་ལས་དོན་གསར་གཏོད་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ལ་འགན་སྲུང་བྱས་ཡོད་ཅེས་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་འདི་སྐད། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་མཇུག་བསྡུ་བའི་ལོ་དང་།  བཅོས་སྒྱུར་གཏིང་ཟབ་ཕྱོགས་ཡོངས་ནས་བྱས་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོག་མཆན་ཐོབ་པའི་ལོ་འཁོར་གྱི་གྲོས་མོལ་འཆར་འགོད་གཙོ་བོ་དོན་འཁྱོལ་བྱ་བ་གནད་དུ་བཟུང་སྟེ། བློ་འདོན་ཇུས་འབུལ་གྱི་སྲིད་སྐྱོང་དང་ཐུན་མོང་གི་ལྟ་བ་ཕྱོགས་བསྡུས་ཀྱི་ལས་ཀ་ཁག་གཅིག་གྱུར་འཆར་འགོད་བྱེད་པར་དམ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གོང་སྤེལ་གྱི་བཀོད་པ་ཆེན་པོར་ཞབས་ཞུ་ནུས་ལྡན་བྱ་དགོས་ཟེར། 

མགོན་པོ་བཀྲ་ཤིས་ཀྱིས་སྙན་ཞུའི་ནང་། ད་ལོར་གཙོ་གནད་ལས་དོན་ལྔ་བཏོན་ཡོད་དེ། གཅིག་ནི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ཆབ་སྲིད་གྲོས་མོལ་དང་།  ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་ནུས་པ་དང་ནུས་ཤུགས་སུ་བསྒྱུར་རྒྱུ་མ་ཟད།  ཆུ་ཚད་མཐོ་བའི་སྒོ་ནས་འགན་འཁྲི་སྒྲུབ་པའི་ལག་ལེན་དངོས་ཀྱི་ཕྱོགས་སུ་བསྒྱུར་རྒྱུ། གཉིས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྲིད་གྲོས་གྲོས་འགོ་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད ། དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན། ས་མཐོའི་བདེ་ཐང་གསོ་བཅོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་བརྟན། དམངས་འཚོ་འགན་སྲུང་ལེགས་སྒྱུར་ལ་སོགས་དཀའ་གནད་དང་འགག་གནད་ལ་དམིགས་ཏེ་ སྲིད་གྲོས་གྲོས་མོལ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏང་རྒྱུ་མ་ཟད།  གྲོས་འགོའམ་བསམ་ཚུལ་གནད་ལ་བཟུང་ནས་སྲིད་གྲོས་གྲོས་མོལ་གནད་ལ་འཁེལ་ཐུབ་པའི་ནུས་པ་ཆེ་རུ་གཏང་རྒྱུ། གསུམ་ནི་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་ཀྱི་བློ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་བར་ཤུགས་བརྒྱབ་ནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཐོག་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གཞི་སེལ་པ། སེམས་ཤུགས་གཅིག་བསྡུས། མཐུན་སྒྲིལ་སྐུལ་འདེད་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་མི་དེ་བས་མང་བ་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས། བཞི་ནི་མུ་མཐུད་དུ་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ།  གཟེར་བུའི་སྙིང་སྟོབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཀྱི་ལས་འགན་སྔར་བས་གཏིང་ཟབ་ཏུ་གཏོང་བར་དམ་འཛིན་ཐོག  ཆེད་དོན་གྲོས་མོལ་ལས་ཁུངས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་འགྱུར་བ་སོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ། གྲོས་མོལ་རིག་གནས་གསོ་སྐྱོང་ལ་མཐོང་ཆེན་བཅས་བྱས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་ཆོས་དང་། སྤུས་ཚད། ཆུ་ཚད་བཅས་སྔར་ལས“ཆེད་ལས”ཅན་གྱི་ཚད་ལ་བསླེབས་སུ་འཇུག་རྒྱུ། ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཀོད་སྒྲིག་གལ་ཆེན་གྱི་བླང་བྱའི་དར་ཆ་གསལ་བོར་ལག་བསྟར་ཐོག ཏང་གི་ཆབ་སྲིད་འཛུགས་སྐྱོང་ཕྱོགས་སྟོན་དུ་བཟུང་ནས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ཁག་ལ་སྐུལ་འདེད་ཏན་ཏིག་གཏང་རྒྱུ་བཅས་ཡིན་ཞེས་བསྟན།

ཝང་ཞུན་གྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གྲོས་གཞིའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།  ཁོས་འདི་སྐད། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ནས་བཟུང་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཞུགས་མཁན་སྡེ་ཚན་ཁག  ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་གྲོས་གཞི་བརྒྱུད་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་གྲོས་གཞི419སྤྲད་ཡོད་ཅིང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་309ཐོ་འགོད་བྱས་ལ། ཐོ་འགོད་བྱས་ཚད73.7%ཟིན་ཡོད། གྲོས་གཞི་ཐོ་འགོད་དང་གྲོས་གཞི་སྒྲུབ་འགན་སྡེ་ཚན70ལ་སྤྲད་ནས་ཐག་གཅོད་བྱས་པ་དང་། གྲོས་གཞི་ཚང་མར་དུས་ཐོག་ཏུ་ལན་འབྱོར་པས། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ་དང་། ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་ཏུ་འཛུགས་པ། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་བཏོན་ཞེས་ཟེར།

དབྱང་ཧྥེང་ཁྲུན་དང་། ཉི་མ་སྒྲོལ་མ། ལིག་ཐུང་ཏེ། ཀྲང་ཧུང་ཡུན། ལུའེ་ཀང་། ཝང་ཅིན་ཀྲའེ། ལིག་ཐའོ།  དབྱི་ཀྲི་ཝན། ལིག་ཁྲའོ། ལི་ཧུང་ཡ། ཝང་ཧའེ་ཧུང་། ཁྲེན་ཅི་ཝའེ། ཀྲང་ཙེ་ཅུན། ཁྲ་ཅིན་ཅིའུ། ཏུའུ་ཁང་།  མ་ཧའེ་དབྱིན་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།