
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཅོས་སྒྱུར་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་དུས་རབས་གསར་པའི་འཐབ་ལམ་གསར་པར་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ཡོད།
མཚོ་སྔོན་གྱིས་བཅོས་སྒྱུར་སྒོ་འབྱེད་དེ་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་རི་ལ་ཐུག་ན་ལམ་བཏོད་པ་དང་ཆུ་ལ་ཐུག་ན་ཟམ་པ་བཙུགས་པ་དང་།“གློད་སྡོམ་ཞབས་གསུམ”དང་།མ་དངུལ་འཇོག་བསྡུ།ཞིང་ལས་དང་གྲོང་གསེབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།ས་ཁོངས་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།ཕྱི་ཕྱོགས་ཚོང་དོན་གྱི་བགྲོད་ལམ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་པ་བཅས་རེད།
“བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་དམིགས་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ།གཏིང་རིམ་གྱི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ།བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ།སྒོ་འབྱེད་རྒྱ་ཆེར་གཏོང་བར་བརྟེན་ནས་བཅོས་སྒྱུར་ལ་ལྡོག་སྐུལ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་པ་དང་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས”།
འགོ་འཛུགས་ས་གསར་པར་ལངས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ན།བཅོས་སྒྱུར་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།དགེ་མཚན་གསར་པ་སྐྱེད་སྲིང་།སྒུལ་ནུས་གསར་པ་སྐུལ་སློང་ཇི་ལྟར་བྱ་དགོས་སམ།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱི་ལས་བཟོ་ཆི་ཝུའེ་ཧྲོའུ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྲོང་མི་དང་ལུང་ཧའོ་ཆུ་དོན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་གོ་ཧྲེང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།གནས་མཆོག་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞུའེ་ཐིང་།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། དབྱི་ནོ་ཝེ་ཐེ་སྐྱེ་དངོས་ཚན་རྩལ་ཞིབ་འཇུག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཨ་ལན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་བོད་རུམ་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་གཞུང་ལས་ཁང་གི་ཀྲུའུ་རེན། ཕྱི་ཕྱོགས་ཉོ་ཚོང་ཁྲུའུ་ཡི་རིམ་པ་དང་པོའི་བརྟག་ཞིབ་པ་དབྱི་ཆིང་ཝུན། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གོར་མོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་རན་ཆིང་ཆིང་བཅས་ཀྱིས་ཐུན་མོང་ཐོག་གླེང་ནས་མ་འོངས་པར་རྒྱང་ལྟ་གནང་བ་རེད
གསར་འགོད་པ།གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བརྟན་པོ་དང་རྒྱང་རིང་དུ་སྐྱོད་དགོས་ན།ངེས་པར་དུ་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ།ཞིང་ལས་ཀྱི་ནུས་པ་སྣ་ཚོགས་གསར་སྤེལ་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱེད་པར་ཕན་འབྲས་ཐོབ་པ་བྱེད་དགོས།གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་དོན་དངོས་ལ་གཞི་ཚུགས་ཏེ།གྲོང་གསེབ་བཅོས་སྒྱུར་ལས་བྱུང་བའི་འགྱུར་ལྡོག་གླེང་རོགས་གནང་།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ལས་བཟོ་ཆི་ཝུའེ་ཧྲོའུ་ཡིས།ཉེ་བའི་ལོ་ཤས་རིང་ཧོར་གྲོང་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་རྫོང་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་དང་ས་མཐོའི་བཟོ་གྲྭའི་སྔོ་ཚལ་མྱུག་གསོ་ལྟེ་གནས་ལ་སྒྲིག་བཀོད་ཁག་གཅིག་བསྐྲུན་པ་དང་།ཆུ་ལུད་གཞི་གཅིག་ཅན་དང་།ལྗང་མདོག་སྔོན་འགོག་ཚོད་འཛིན།ས་མེད་འདེབས་གསོ།མྱུ་གུ་གསོ་བ་སོགས་ཀྱི་ལག་རྩལ་གསར་པས་སྔོ་ཚལ་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་།ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས་ལྗང་མདོག་སྐྱེ་ལྡན་སྔོ་ཚལ་ཐོན་ཡུལ་དང་ཐོན་རྫས་ཁས་ལེན་དཔང་འདོན་ཧུར་ཐག་བྱས་ཏེ་རྫོང་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་གཉེར་སྐྱོང་བྱེད་པོ་17ལ་ཤང་ཀང་དང་ཨའོ་མོན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིའི་གཱ་ICགཉེར་རྒྱུར་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས།
སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང“ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕྱིར་གཏོང་བྱ་སྤྱོད་ལག་བསྟར་བྱས་ནས་དེང་རབས་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་དང་ས་མཐོའི་གྲང་འཁྱག་སྔོ་ཚལ་རྟེན་གཞི་མགྱོགས་མྱུར་བསྐྲུན་དགོས”ཞེས་བཏོན་ཡོད།སྲིད་གཞུང་གིས་ས་མཐོའི་གྲང་འཁྱག་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་ཤང་ཀང་དང་ཨའོ་མོན་གྱི་སྔོ་ཚལ་ལས་སྣོན་རྟེན་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་དང་ལུང་ཧའོ་ཆུ་དོན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་གོ་ཧྲེང་གིས།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ནས་2024ལོའི་ལས་དོན་ལ་གདེང་ཚོད་ཆེན་པོ་བྱུང་བས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་དང་།ཞིང་ཁའི་ཆུ་འདྲེན་ཞབས་ཞུ།བཙོག་ཆུ་གཙང་སེལ་གཉེར་སྐྱོང་སོགས་ཀྱི་ལས་དོན་སྤེལ་མཁན་ཞིག་ཡིན་པའི་ངོས་ནས་འདས་ཟིན་པའི་ལོ་གཅིག་ནང་བཀའ་མ་ལོག་རྫོང་གི་ཆུའི་བདེ་འཇགས་དང་།ཆུའི་ཁོར་ཡུགཆུའི་ཐོན་ཁུངས་བཅས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྤུས་ལེགས་འཕེལ་རྒྱས་ཀྱི་བླང་བྱ་དང་ཕྱོགས་ཡོངས་ནས་འཚམ་པ་དང་འགན་ལེན་བྱས་ཏེ་ཆུ་བེད་ལས་གྲྭའི་དོ་དམ་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྫོང་ཡོངས་ཀྱི་ཆུའི་ལས་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་དང་། ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་དྲ་སྦྲེལ་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ཟུང་དུ་འབྲེལ་བའི་རིག་ནུས་ཅན་དང་། གྲངས་གཞི་ཅན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་རིམ་བཞིན་མངོན་འགྱུར་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི“ཆུ་ཁུངས་གཅིག་དང་། ཆུ་སྤུས་གཅིགཞབས་ཞུ། དོ་དམ”བཅས་སུ་སླེབས་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཆུ་བེད་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
ལོ་གསར་པའི་ནང་ང་ཚོས་སྤུས་ལེགས་ཐོན་ཁུངས་སྡེབ་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།ཁེ་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ།ཆུ་བེད་ལས་རིགས་ཀྱི་ཇུས་འགོད་འཛུགས་སྐྲུན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ“ཆུ་སྤུས་ལེགས་པ་དང་།ཉམས་གསོ་མགྱོགས་པ།ལས་རིགས་ཀུན་སྤྱོད་བཟང་བ།ཞབས་ཞུ་ལེགས་པ”བཅས་ཀྱི་ཚད་གཞིར་དམིགས་ནས་འཁོར་སྐྱོད་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བློ་ཡིད་ཚིམ་ཚད་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན།

གསར་འགོད་པ།དམངས་གཉེར་དཔལ་འབྱོར་ནི་དམངས་འཚོ་འགན་ལེན་དང་།གསར་གཏོད་ལ་སྐུལ་འདེད།སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གསར་པ་ཞིག་རེད།འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ།བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཁེ་ལས་ཀྱིས་ཇི་ལྟར་བྱས་ནས་སྔར་བས་སྤུས་ཚད་མཐོ་རུ་གཏོང་བ་དང་ནུས་པ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དམ།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཡིན་པའི་ཤུའེ་ཐིང་གིས།མཚོ་སྔོན་དུ་གཞི་ཚུགས་པའི་དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད་པས་སྲོལ་རྒྱུན་ཐོན་ལས་ཁྲོད་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ་ས་གནས་དེ་གའི་རིག་གནས་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས་རྒྱུན་འཛིན་ཡག་པོ་དང་།མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་བཟོ་རྩལ་སྲུང་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་བཏང་ཡོད།ཉེ་བའི་ལོ་ཤས་རིང་ཀུང་སིས་སྒྲིག་ཆས་གྲངས་འཛིན་ཅན་གྱི་རིག་ནུས་རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་ཆིང་ཧྭ་སློབ་ཆེན་སོགས་རྒྱལ་ནང་གི་གྲགས་ཅན་ཚན་ཞིབ་ཁང་དང་སློབ་ཆེན་གྱི་ཐོན་སློབ་ཞིབ་འཇུག་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་གྲངས་འཛིན་ཅན་གྱི་མཐུན་སྦྱོར་ཇུས་འགོད་ལས་སྟེགས་བཏོད་དེ་ཐོན་རྫས་ཀྱི་གསར་གཏོད་ཇུས་འགོད་ནུས་པ་ཆེ་རུ་བཏང་ནས་གསར་གཏོད་འདུ་ཤེས་ཐོག་བོད་རུམ་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བྱ་དགོས།
སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་།2024ལོར་ཚན་རྩལ་དང་ཐོན་ལས་གསར་གཏོད་ལ་སྔར་བས་མཐོང་ཆེན་བྱས་ཏེ་ཁེ་ལས་ཀྱིས་ཚན་རྩལ་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ལེགས་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་པ་བྱེད་ཀྱི་ཡོད།དེར་བརྟེན་ང་ཚོས་འདུ་ཤེས་དང་།ལམ་ལུགས།དོ་དམ།ལག་རྩལ་སོགས་ཀྱི་ཐད་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ།མཚོ་སྔོན་གྱི་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཛམ་གླིང་དུ་སྐྱོད་པའི་གསེར་གྱི་མིང་བྱང་དུ་འགྱུར་བ་བྱེད་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དབྱི་ནུའོ་ཝུའེ་ཐེ་སྐྱེ་དངོས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཨ་ལན།ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་པ་དང་མི་སེར་གྱི་འཚོ་བའི་སྤུས་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་ཡོད།ཁེ་ལས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ངས་ཟི་ལིང་གི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་ཚོར་བྱུང་། སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ་ནི་ཁེ་ལས་ཀྱི་སྲོག་ཤིང་ལྟ་བུ་ཡིན། གཟིགས་སྐྱོང་སྲིད་ཇུས་དེ་བས་མང་བ་བཏོན་ནས་ཁེ་ལས་མཁས་ཅན་གྱི་མ་འཇོག་བློ་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཟི་ལིང་འདི་ཉིད་མ་འཇོག་འཕེལ་རྒྱས་ཀྱི་གནས་མཆོག་ཅིག་ཏུ་འགྱུར་བ་བྱེད་དགོས།
ལོ་གསར་པའི་ནང་ཁྲལ་དོན་སྡེ་ཁག་གིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ་དམངས་གཉེར་ཁེ་ལས་འབྲིང་ཆུང་གི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་།ལྷག་པར་དུ་དཀའ་ངལ་ཡོད་པའི་ལས་རིགས་དང་དཀའ་ངལ་ཡོད་པའི་ཁེ་ལས་ལ་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་ལ་མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ངལ་སེལ་རོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

གསར་འགོད་པ།ཕྱི་ཕྱོགས་ཉོ་ཚོང་ནི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་།རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་གཏོང་ཐུབ་པའི་འགག་རྩའི་འགག་རྩ་ཞིག་རེད།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་2024ལོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད་པས།ང་ཚོས་ཇི་ལྟར་བྱས་ནས་“ཕྱིར་སྐྱོད་”ཐུབ་བམ།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་བོད་རུམ་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་གཞུང་ལས་ཁང་གི་ཀྲུའུ་རེན།ཕྱི་ཕྱོགས་ཚོང་དོན་ཁྲུའུ་ཡི་རིམ་པ་དང་པོའི་བརྟག་ཞིབ་པ་དབྱི་ཆིང་ཝུན་གྱིས།ཚོང་དོན་འཐབ་ཕྱོགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་2023ལོར་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད“མྱུར་ཚད་གསར་པ”ཐོན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་།ཟླ་21བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་ཐོས་སྐབས་སེམས་འགུལ་ཆེན་པོ་ཐེབས་པ་དང་སྤོབས་པ་ཆེན་པོ་སྐྱེ་གི་འདུག
སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་།“གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བ་དང་།གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱེད་པ།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེདར་རྒྱུན་མཐུད་སྐུལ་འདེད་གཏོང་བ་”བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལ་འགྲན་ལམ་གནད་ལ་འཁེལ་བ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད།ཞབས་ཞུའི་ཉོ་ཚོང་དང་གྲངས་འཛིན་ཉོ་ཚོང་།ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་དང་ཟི་ལིང་མཚོ་ཤར་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་ས་གནས་དེ་གའི་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཕྱི་རྒྱལ་གྱི་འབྲུ་མཛོད་དང་རྒྱལ་སྤྱིའི་ཚོང་གཉེར་དྲ་ཚིགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྒོ་མོ་འབྱེད་པའི་བགྲོད་ལམ་རྒྱ་ཆེར་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱལ་སྤྱིའི་ཐོག་གི་སྐྱེལ་འདྲེན་དུས་གཏན་མེ་འཁོར་གཏོང་བ། ཚོང་དོན་ཐབས་ལམ་ཤར་བགྲོད་ཡོང་བ་བྱེད་པ། ཞིང་ཆེན་ནང་གི་བུལ་རྐྱང་དང་PVCསོགས་བར་གནས་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ། ཁེ་ལས་ལ་ཁྲིད་སྟོན་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་སྲིད་ཇུས་སྣ་ཚོགས་སྤྱོད་རྒྱུ་ཡག་པོ་ཡོང་བ་བྱེད་པ། རྒྱལ་སྤྱིའི་ཁྲོམ་ར་གཏོད་རྒྱུ་བཅས་རེད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།ན་གོར་མོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་རེན་ཆིང་གིས།ན་གོར་མོའི་ཤིན་ཅང་དང་འབྲེལ་མཐུད་དང་ཀན་སུའུ་དང་སི་ཁྲོན་དུ་ཤར་གཏོང་ཐུབ་པ་བྱ་རྒྱུ་ནི་ནུབ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་དང་ཟོག་འགྲེམས་བསྡུ་འགྲེམ་ལྟེ་གནས་ཤིག་ཡིན་པ་དང་།ཞིང་ཆེན་ཡོངས་ཀྱིས་ནུབ་ཕྱོགས་དང་ནན་ཁའེ་ལ་འཕེལ་རྒྱས་གཏོང་བའི་ཁྲོད་“ཟམ་སྣེའི་མཁར་རྫོང་”ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།ནུབ་རྒྱུད་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་སོགས་འཐབ་ཇུས་ཀྱི་གོ་སྐབས་ཀྱིས་བཅོས་སྒྱུར་སྒོ་འབྱེད་དེ་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ།བཅོས་སྒྱུར་ལ་སྒུལ་ཤུགས་སྐྱེད་པ་དང་།སྒོ་འབྱེད་ལ་གསོན་ཤུགས་སྐྱེད་པ།ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་མགྱོགས་མྱུར་གཅིག་སྡུད་བྱེད་པ།ཚོང་གཉེར་ཁོར་ཡུག་གསར་གཏོད་ལེགས་སྒྱུར་བྱེད་པ།གཉེར་སྐྱོང་བྱེད་པོ་རྒྱུན་ཆད་མེད་པར་འཕར་བ། འཆར་འགོད་ལྟེ་བ་ཅན་གྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་སྒྲིག་བཟོ་དང་། ཕྱི་ནང་གཉིས་ཀར་འཕེལ་རྒྱས་གཏོང་བ། གོང་སྤེལ་གྱི་འགུལ་ནུས་རྒྱུན་མཐུད་གློད་གྲོལ་གཏོང་བ་བཅས་བྱེད་དགོས།
སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང“ལྷོ་ཕྱོགས་དང་ནུབ་ཕྱོགས་ནས་ཕྱིར་སྐྱོད་པའི”སྒོ་འབྱེད་བགྲོད་ལམ་ཆེན་པོ་མགྱོགས་མྱུར་བསྐྲུན་ནས་ན་གོར་མོའི་སྐམ་སའི་གྲུ་ཁའི་ལྟེ་བའི་ལས་གྲྭར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད།ང་ཚོས་མཚོ་སྔོན་ནུབ་རྒྱུད་ཀྱི་སྒོ་འབྱེད་ལྟེ་བའི་གྲོང་ཁྱེར་གལ་ཆེན་ཧུར་ཐག་བསྐྲུན་ནས་ན་གོར་མོའི་སྐམ་སའི་གྲུ་ཁའི་གླིང་ཁུལ་མགྱོགས་མྱུར་བསྐྲུན་རྒྱུ་དང་།སྣ་མང་མཉམ་འདྲེན་ཟོག་འགྲེམས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ།ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱ་རྒྱུ།ཚོང་དོན་ལ་བརྟེན་ནས་ཐོན་ལས་ལ་སྐུལ་ཁྲིད་དང་།སྒོ་འབྱེད་ཅན་གྱི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ།ས་ཁོངས་ཀྱི་འགྲན་རྩོད་ནུས་པ་ལྡན་པའི་འགག་རྩའི་ཐོན་ལས་གཅིག་སྡུད་བྱེད་ས་སྐྲུན་པ།ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་གཙོ་བོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ།ཞིང་ཆེན་རིམ་པའི་ཕྱི་ཕྱོགས་ཉོ་ཚོང་ཚུལ་སྒྱུར་དཔེ་སྟོན་རྟེན་གཞིའི་རིམ་པ་མཐོ་རུ་མགྱོགས་སུ་གཏོང་བ།ཕྱི་ཕྱོགས་ཉོ་ཚོང་གི་རྐང་འཛིན་ཁེ་ལས་ལ་རོགས་སྐྱོར་དང་སྟོབས་ཆེར་གཏོང་བ།ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ལམ་རྒྱུད་ཀྱི་འགག་སྒོའི་ཕན་ཚུན་སྦྲེལ་མཐུད་ཟབ་སྤེལ་བྱེད་པ།ཕྱི་ཕྱོགས་སྤེལ་རེས་ལས་སྟེགས་འཛུགས་སྐྲུན་དང་ལེགས་སུ་གཏོང་བ།ཚོང་ར་གསར་པ་གཏོད་ནས་འགུལ་ནུས་གསར་པ་སྣོན་དགོས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།