
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་དང་།“བཅུ་བཞི་ལྔའི་”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན།ད་ལོའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་།“བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་དམིགས་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་།བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས།
འཕེལ་རྒྱས་ལ་རྫོགས་མཐའ་མེད་པ་དང་།བཅོས་སྒྱུར་ནམ་ཡང་བྱེད་བཞིན་ཡོད།“གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འགག་སྒྲོལ་ཟབ་སྤེལ་བྱེད་པ”དང་།“གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱེད་པ།”“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་”སོགས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གི་བཅོས་སྒྱུར་སྒོ་འབྱེད་ཀྱིས་གསོན་ཤུགས་གསར་པ་འཕེལ་བར་བྱེད་པའི་ནང་དོན་ལ་འཐུས་མི་ཚོས་དོ་སྣང་བྱས་པ་རེད།
“ཁེ་ལས་ནི་ཁྲོམ་རའི་བྱེད་པོ་དང་དཔལ་འབྱོར་གྱི་ཕྲ་ཕུང་ལྟ་བུ་ཡིན་པས་ཕྲ་ཕུང་ལ་གསོན་ཤུགས་ཀྱིས་ཁེངས་ནས་དཔལ་འབྱོར་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་རེད།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང‘གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་’མཐའ་འཁྱོངས་བྱས་ཏེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱས་ཏེ་ཁེ་ལས་ལ་གོམ་སྟབས་ཆེན་པོ་སྤོས་ནས་འབད་བརྩོན་ཧུར་ཐག་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་གཏོང་དགོས”ཞེས་བསྟན་ཡོད།

2023ལོའི་ཟླ་4ཚེས་12ཉིན་མཚོ་ཤར་གྲོང་ཁྱེར་ཧོ་ཧོང་ཁུལ་གསར་དུ་གནས་པའི་པེ་ཅིང(མཚོ་སྔོན)ཤིན་ཧྥ་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་།ཕྱིར་ལོག་བྱེད་འགོ་ཚུགས་པའི་ཉིན་དེའི་ཁྲོམ་རའི་ནང་མི་རྣམས་ཕར་འགྲོ་ཚུར་འོང་དང་འཁྲུག་ཆ་དོད་པའི་རྣམ་པ་དྲན་བྱུང་།ཏུང་ཧྲི་ཀྲང་ཧྥེང་ལུང་ཤིན་ཁྲའོ་ཡིས“ལོ་གཉིས་རིང་གྲ་སྒྲིག་འཛུགས་སྐྲུན་བྱས་པ་བརྒྱུད་པེ་ཅིང(མཚོ་སྔོན)གསར་འཕེལ་གྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དངོས་སུ་གྲོང་མི་དང་ངོ་འཕྲད་བྱས་ནས་རང་རེའི་ཞིང་ཆེན་གྱི་ཤར་རྒྱུད་ཀྱི་ཞིང་ལས་ཐོན་སྐྱེད་ཁུལ་གལ་ཆེན་ལ་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་བྱེད་ས་ཆེ་གྲས་མེད་པའི་སྟོང་ཆ་ད་དུང་“གཞོན་ནུའི་ཟོག་ཐོན་མཚོ་སྔོན་”གྱི་ཐབས་ལམ་གསར་པ་བཙུགས་ནས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད།
“ཁྲོམ་ར་ལས་གཉེར་བྱེད་འགོ་ཚུགས་པ་དེས་མི་སེར་གྱི་‘འབྲས་ཁུག་’དང‘ཤ་ཚལ་སྒོང་གསུམ’དང‘ཤིང་འབྲས་སྡེར་མ་’ལ་མཚོན་ན།གཏམ་བཟང་ཞིག་ཡིན་པ་སྨོས་མེད་རེད།ཁྲོམ་རའི་ཚོང་དུད་ཀྱི་ངོས་ནས་བརྗོད་ན།དེ་ནི་ཐོན་ལས་གསར་པའི་འགོ་འཛུགས་ས་ཡིན”ཞེས་ཀྲང་གཡོད་ལིན་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་པ་དང་།སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུའི་སྲིད་ཇུས་ཁག་31དང་རང་རེའི་ཞིང་ཆེན་གྱི་ཞིབ་ཕྲའི་བྱེད་ཐབས་ཁག་33ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་ལེགས་གཏོང་གི་བ་སྤྱོད་སྤེལ་བ། རྒྱུན་གཏན་གྱི་ཕན་འབྲས་ལ་བརྟེན་ནས་ཁེ་ལས་དྲོ་སྐྱིད་ཐོབ་རྒྱུར་རོགས་རམ། ‘ཕན་འབྲས་ཆེ་བའི’རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་འཛུགས་པ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཁེ་ལས་ཀྱི་དམངས་ཕན་སྲིད་ཇུས་དང་ཞབས་ཞུ་ཐོབ་མི་དགོས་པ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཐད་སེམས་ཁྲལ་ཧུར་ཐག་སེལ་དགོས།
“སྲིད་ཇུས་ཀྱི་ལག་རྟགས་ཆེན་པོ་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་ང་ཚོར‘སེམས་རྣལ་དུ་ཕབ་པ’བྱེད་ཀྱི་ཡོད།ང་ཚོས་ནང་རྩལ་ཡག་པོ་སྦྱོང་བ་དང་སྒུལ་ནུས་མང་དུ་བཏང་ནས་ཞིང་འབྲོག་ཐོན་རྫས་ཚོང་དོན་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ཡག་པོ་བྱེད་པ་དང་།ཐོན་ཡུལ་ནས་གསོལ་ལྕོག་བར་གྱི་མཁོ་སྤྲོད་འབྲེལ་ཐག་ལེགས་སུ་གཏོང་བ།ཟོག་འགྲེམས་ཆེན་པོའི་ཐོན་ལས་གཅིག་སྡུད་ཁུལ་བསྐྲུན་པ་བཅས་བྱས་ཏེ་ས་མཐོའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་ཟོག་འདྲེན་ཡུལ’ནུས་ཤུགས་ཡོད་རྒུས་བཏོད་དེ་མཚོ་སྔོན་ཞིང་ཆེན་དང་ཐ་ན་མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་ཟོག་ཚོང་དོན་ཟོག་འགྲེམས་ཀྱི་འགག་རྩར་གྱུར་ནས་ཤར་ནུབ་མཉམ་འགུལ་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་རོགས་རམ་བྱེད་དགོས”ཞེས་བཤད་པ་རེད།
ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སྐྱེད་སྲིང་བྱ་དགོས།
“བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ང་ཚོར་གྲུབ་འབྲས་གསར་པ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ་སྤུས་ལེགས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་2023ལོའི་ལས་དོན་ལ་ཕྱིར་དྲན་བྱེད་སྐབས་མཚོ་སྔོན་གྱི་ཞོག་ཁོག་ཨང་9པ་རྒྱལ་ཡོངས་ཀྱི་ཞོག་ཁོག་ཁྱབ་གདལ་གཏོང་ཁྱོན་ཨང་དང་པོར་སླེབས་པ་དང་།པད་ཁའི་སོན་བཟང་ཁྱབ་གདལ་གཏོང་རྒྱུ་དེས་བྱང་ཕྱོགས་ཀྱི་དཔྱིད་པད་ཐོན་ཁུལ་གཙོ་བོའི་སྤྱིའི་རྒྱ་ཁྱོན་གྱི་85%ཡན་བཟུང་ཡོད།ས་མཐོའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ས་བོན་ས་ཚིགས་ཀྱི་ཞིང་ལས་སྒྱུ་རྩལ་མཁས་ཅན་ལིའུ་ཧྲི་རུང་གིས་དགོང་ཟས་ལ་བསམ་བློ་གཏོང་ཁོམ་མེད་པར་བྲེལ་འཚུབ་འཚུབ་ངང་“སྤྲིན་སྦྲེལ་མཐུད”ཀྱི་བྱེད་ཐབས་བརྒྱུད་ད་ཐེངས་ཀྱི་“གློག་གསོག་པའི”གྲུབ་འབྲས་དེ་སྒུལ་ཤུགས་དང་ཡིད་ཆེས་སུ་བསྒྱུར་ནས་ཚང་མ་དང་མཉམ་སྤྱོད་བྱེད་ཀྱི་ཡོད།

“ས་བོན་ནི་ཞིང་ལས་ཀྱི‘ཉིང་ལྷེབ’ཡིན་པ་དང་།ཞིང་ལས་ཡུན་རིང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྩ་བ་ཡིན།ཉེ་བའི་ལོ་ཤས་རིང་ཧོར་གྲོང་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ།‘རྟེན་གཞི་འཛུགས་སྐྲུན་དང་།ས་བོན་ལས་རིགས།ཐོན་ལས་སྟོབས་ཆེར་གཏོང་བ།དར་རྒྱས་ལ་སྐུལ་འདེད་གཏོང་བ’བཅས་དམིགས་ཚད་དུ་བྱས་ནས་‘ཚོན་མདོག་སྣ་ལྔའི་ཞིང་ལས’ཀྱི་མིང་བྱང་གཙོར་བཟུང་སྟེ། འདེབས་འཛུགས་ལས་རིགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་བརྒྱབ་པས་རྫོང་ཡོངས་ཀྱི་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་དགོན་ལུང་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཧྲི་ཨན་གྱིས་བཤད།
“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་དམིགས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།གྲོང་གསེབ་ཀྱི་ཐོན་ལས་གནད་སྨིན་དངོས་སྒྲུབ་ཀྱིས་སྐྱེད་སྲིང་བྱེད་པ།འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་རྒྱ་ཆེའི་ཞིང་འབྲོག་པའི་དངུལ་ཁུག་ཇེ་ཆེར་འགྲོ་བ་དང་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ལིའུ་ཧྲི་རུང་གིས་བཤད།
“ང་ཚོའི་པད་ཁའི་ས་བོན་གྱིས་རང་རྒྱལ་གྱི་དཔྱིད་པད་དང་དེ་བཞིན་དགུན་དུས་པད་ཁ་ཁུལ་ཁག་གཅིག་གི་ས་བོན་གསར་སྒྱུར་རབས་བརྗེ་བྱས་ནས་པད་ཁའི་ཐོན་ལས་ཀྱི་ཐོན་འབབ་མཐོ་བ་དང་།སྤུས་ལེགས།ནུས་ཆེ།དེ་བཞིན་པད་ཁའི་སྣུམ་གྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད”ཅེས་མཚོ་སྔོན་ཕན་ཧྥེང་ཞིང་ལས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་པུའི་ཅིང་ལི་ཡན་ཝུན་ཧྲན་གྱིས་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་ལག་རྩལ་འགག་སྒྲོལ་ལས་སྟེགས་གང་ལེགས་སྤྱད་དེ་མཉམ་འབྲེལ་འདེབས་འཛུགས་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ཧུར་ཐག་བྱས་ནས་ས་བོན་གསར་པའི་ཞིབ་འཇུག་གསར་སྤེལ་ནུས་པ་དང་དེ་བཞིན་ལག་རྩལ་གཅིག་སྡུད་བེད་སྤྱོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དགོན་ལུང་རྫོང་གི་ཞིང་འབྲོག་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བའི་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་རྒྱུ་དང་། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
ནུས་ཁུངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ།
“ཀ་པ་གཉིས་པའི་གཞུང་བཙུགས་སྨན་ཁང་རྫོང་ཁོངས་ཡོངས་སུ་ཁྱབ་པ་དང་།གཅིག་སྡུད་ཐོག་སྨན་རྫས་དང་ཡོ་བྱད་ཀྱི་རིན་གོང་ཆ་སྙོམས་ཆག་ཚད་50%རྒྱལ་ཡོངས་ཀྱི་སྔོན་ལ་བོད་སོག་སྨན་བཅོས་སྨན་རྫས་སྨན་བཅོས་འགན་བཅོལ་དཀར་ཆག་བཟོས་ནས་བཏོན་པས་གྲོང་མིའི་བདེ་ཐང་བྱང་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.35མཐོ་རུ་ཕྱིན་པ་སོགས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཉན་པ་དང་། ཞིབ་ཅིང་ཕྲ་བའི་གྲངས་གཞི་ལས་མཚོ་སྔོན་ཞིང་ཆེན་གྱིས་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་གསར་པ་ཟིན་ཐོར་བཀོད་པ་དང་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མ་རེད”ཅེས་ཟླ་1ཚེས་27ཉིན་གྱི་ཆུ་ཚོད་19ཡི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྲུང་ལུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་མོ་ཀྲ་ཡིས་ཉིན་ཤས་རིང་གི་ཚོགས་འདུའི་ཟིན་བྲིས་ལེགས་སྒྲིག་བྱས་ནས་སྐད་འཕྲིན་ཚོགས་པའི་གླེང་མོལ་ཐོག་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད”ཅེས་མའོ་ཝུའེ་ཡིས་འདི་ནི་རང་རེའི་ཞིང་ཆེན་གྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་།གསར་གཏོད།འཕེལ་རྒྱས་བཅས་ཀྱི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཀྱང་རེད།
“མིག་སྔར་ཀྲུང་ལུགས་གསོ་རིག་སྨན་རྫས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ནང་སྔར་བས་མང་བ་འདྲེས་ཡོད་པ་དེ་ནི་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་མྱོང་ཚོར་ཡག་པོ་དང་སྨན་བཅོས་ནུས་པ་མངོན་གསལ་དོད་པོ་ལས་བྱུང་བ་ཞིག་ཡིན་པས་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་ཞིག་ཡིན་པའི་ངོས་ནས་ཇི་ལྟར་བྱས་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་དགོས་སམ”།
གྲོ་ཚང་ཆུས་ཀྲུང་ལུགས་སྨན་ཁང་གི་ནད་སྐྱོང་པུའི་ཀྲུའུ་རེན་ཁྲའོ་ཡུས་ཆིང་གིས“གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་གི་རྨང་གཞིའི་འགན་ལེན་ཞིག་ཡིན་པས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གཞི་རིམ་མ་ལག་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཚེ་གཞི་ནས་མི་དམངས་མང་ཚོགས་ཀྱིས་ཀྲུང་ལུགས་གསོ་རིག་ལ་ལྟ་བའི་དྲང་སྙོམས་རང་བཞིན་དང་།སྤྱོད་ཆོག་པའི་རང་བཞིན།སྟབས་བདེའི་རང་བཞིན་བཅས་མངོན་འགྱུར་ཐུབ་རྒྱུ་རེད”ཅེས་བཤད།
“དེ་དང་ཆབས་ཅིག་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ནུས་པ་ཆེ་རུ་གཏོང་བ་དང་།ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་ཁྱབ་གདལ་དང་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ཆེད་བཅོས་ཚན་ཁག་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།ཀྲུང་ལུགས་གསོ་རིག་གི་ནང་དོན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ།ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་མངོན་པ་བཅས་བྱས་ནས་གྲོང་མི་དེ་བས་མང་བར་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ལེ་ཏུའུ་ཆུས་ཀྲུང་ལུགས་སྨན་ཁང་གི་སྨན་དོན་ཁོའོ་ཡི་ཀྲུའུ་རེན་ཧོ་གོ་ཧྥིན་གྱིས་དེ་ལྟར་བཤད།
“དེ་ཕུད་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་སྒོ་འབྱེད་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཀྲུང་ལུགས་གསོ་རིག་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ།དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཆེད།དགེ་རྒན་གྱིས་སློབ་གསོའི་ཚབ་བྱེད་ཐབས་བྲལ་བ་ཞིག་ཆགས་པ་བཅས་བྱ་ཆེད།ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིགས་གཅིག་མཁས་ཅན་གྱིས་དགེ་ཕྲུག་ཁྲིད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་གི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་དང་རིམ་པ་མང་བའི་རྒྱུན་འཛིན་སློབ་གསོའི་མ་ལག་ཆགས་པར་བྱས་ནས་དུས་བཀག་ལྟར་སློབ་ཁྲིད་དང་། ལག་ལེན་སློབ་ཁྲིད། ལག་རྩལ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་དང་འཚམ་པའི་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་བཏང་ནས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་དེ་སྨན་ཁང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གཞུང་རྒྱུན་འཛིན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པར་བྱེད་དགོས།
རྒྱབ་ལྗོངས་སྦྲེལ་མཐུད།
བཅོས་སྒྱུར་མཚམས་མི་འཇོག་པ་དང་སྒོ་འབྱེད་གོམ་སྟབས་མཚམས་མི་འཇོག།
2023ལོར་མཚོ་ཤར་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་ཡོང་བའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་།ཡང་དག་པ།ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་པ་དང་།བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ནང་མཁོ་རྒྱ་ཆེར་གཏོང་བ་དང་།གྲུབ་ཆ་ལེགས་སུ་གཏོང་བ།ཡིད་ཆེས་ཆེ་རུ་གཏོང་བ།ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བསྐྱར་འཕར་ལེགས་སུ་ཕྱིན་པ་དང་།ལས་ཞུགས་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ།
ཞིང་འབྲོག་ལས་ཐོན་སྐྱེད་འཁོར་སྐྱོད་བརྟན་པོ་བྱུང་བ།གྲོང་ཁྱེར་ཡོངས་ཀྱིས་འབྲུ་རིགས་ཐོན་སྐྱེད་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་།ས་རྒོད་དུ་བསྐྱུར་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།ས་ཞིང་བེད་སྤྱོད་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་322.6(མུའུ་རེར་སྤྱི་ཆིང་0.067ཙམ་ཟིན་པ)ལེགས་སྒྲུབ་བྱས། དེའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་194.26དང་། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་128.34ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་194.26ཟིན་པ། ཐོན་ཚད་ཏུན་ཁྲི་54.44ཟིན་པ། སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི་73.48དང་ཐོན་ཚད་ཏུན་ཁྲི་12.27ཟིན་པ། སྔོ་ཚལ་དང་བཟའ་བྱའི་ཤ་མོ་འདེབས་ཁྱོན་མུའུ་ཁྲི་31.16ཟིན་པ་དང་ཐོན་ཚད་ཏུན་ཁྲི་72.29ཟིན་པ། ཤིང་འབྲས་འདེབས་ཁྱོན་མུའུ་ཁྲི་0.23དང་ཐོན་ཚད་ཏུན་ཁྲི་0.45ཟིན་ཡོད།
ཞབས་ཞུའི་འཛད་སྤྱོད་མངོན་གསལ་དོད་པོས་འཕར་བ།གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་138.2ཟིན་པ་དེ་དུས་མཚུངས་ལས་17%འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཡན་ལག་ལས་རིགས་ལ་བལྟས་ན།སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་6.1%འཕར་བ་དང་།སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་13.44%འཕར་བ། ཞག་སྡོད་ལས་རིགས་དང་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་18.8%དང་21.6%སོ་སོར་འཕར་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་ཚོང་ཟོག་སིལ་ཚོང་རིགས་ནས་བལྟས་ན། ཤ་སྒོང་དང་། སྒོ་ང་། ཆུ་ཐོན་དངོས་རྫས་བཅས་སིལ་ཚོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་སོ་སོར་85.9%དང་68.1%འཕར་བ་དང་། ཤིང་འབྲས་སོས་པ་རིགས་ཀྱི་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་142.6%འཕར་བ། འཐུང་ཆུའི་རིགས་ཀྱི་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་60.7%འཕར་བ།
ནོར་སྲིད་ཀྱི་གཏོང་ཡོང་མགྱོགས་མྱུར་འཕར་བ།གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་257ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་14.7%འཕར་བའི་ནང་གནོད་འཚེ་འགོག་བཅོས་དང་འཕྲལ་སྡོམ་དོ་དམ་གྱི་གཏོང་སྒོ་དུས་མཚུངས་ལས་175.1%འཕར་བ་དང་།འབྲུ་སྣུམ་དངོས་ཟོག་གྲབས་གསོག་གཏོང་སྒོ་དུས་མཚུངས་ལས་329.4%འཕར་བ། སྡོད་ཁང་འགན་ལེན་གྱི་གཏོང་སྒོ་དུས་མཚུངས་ལས་78.8%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏོང་སྒོ་དུས་མཚུངས་ལས་40.1%འཕར་བ། འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་དུས་མཚུངས་ལས་10%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་གྱི་གཏོང་སྒོ་དུས་མཚུངས་ལས་49.4%འཕར་བ། དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར་219.2ཟིན་པ་དེ་དུས་མཚུངས་ལས་14.2%འཕར་བ། དམངས་འཚོའི་གཏོང་སྒོས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བསྡུར་གྲངས་85.3%བཟུང་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།