【ཚོགས་ཆེན་གནད་གླེང་། 】དུས་བདེའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མཛེས་ལྗོངས་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཆབ་སྲིད་བདེ་འཇགས་དང་།སྤྱི་ཚོགས་བདེ་འཇགས།མི་དམངས་བདེ་འཇགས། ལོ་འགོར་ས་མཐོའི་ས་གཞི་ཆེ་མོར་སྐྱོད་པ་དང་།གཙང་གསུམ་ཆུ་འགོ་ནས་ཧན་ཧའེ་མྱ་ངམ་ཐང་བར་དང་།མཚོ་སྐོར་རྩྭ་ཐང་ནས་རྨ་ཆུ་དང་ཙོང་ཆུའི་རོང་སར་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་དང་སྤྲོ་སྐྱིད་ལྡན་པ་དང་།སྲིད་དོན་དར་ཞིང་མི་སེམས་མཐུན་པ་དང་བདེ་སྡོད་ལས་བརྩོན་གྱི་དུས་བདེའི་མཚོ་སྔོན་གྱི་ཞི་མཐུན་རི་མོ་ཞིག་རིམ་གྱིས་སྤེལ་བ་རེད།

མི་དམངས་མང་ཚོགས་ཀྱི་བདེ་འཇགས་བློ་ཡིད་ཚིམ་ཚད་ལོ་11བསྟུད་མར་མཐོ་རུ་ཕྱིན་པ་དང་།སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ།མཚོ་སྔོན་གྱི་ས་གཞི་ཆེ་མོའི་གང་སར་དུས་བདེ་བདེ་སྐྱིད་ཀྱི་མེ་ཏོག་བཞད་པ་སོགས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཁ་ཕྱེ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་གྲངས་གཞི་རེ་རེ་བཞིན་གྱི་རྒྱབ་ནས་ང་ཚོས“དུས་བདེའི་མཚོ་སྔོན”འཛུགས་སྐྲུན་གྱི་ལམ་བུ་ཡངས་པོ་མཐོང་བྱུང་།

འདས་ཟིན་པའི་ལོ་གཅིག་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་ཟབ་ཏུ་བཏང་ནས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་ནས“ལྟེ་བ་ལྔ”བསྡུ་སྒྲིལ་བྱེད་པའི་བར་དང་།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་ནས“ཉེན་ཁ་སྔོན་འགོག་དང་།མངོན་མེད་རྐྱེན་ངན་སེལ་བ།གྱོད་གཞི་ཉུང་དུ་གཏོང་བ།དུས་བདེ་སྲུང་སྐྱོང”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་སོགས་བྱེད་ཐབས་གཅིག་དང་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས་མཚོ་སྔོན་གྱི་སྤྱི་ཚོགས་བདེ་འཇགས་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

དུས་བདེའི་རྨང་གཞི་བརྟན་དུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་སྲུང་སྐྱོང་བྱེད་དགོས།

“ངའི་ལོ་མང་རིང་དཀའ་ངལ་བཟོ་བའི་བྱ་བ་བསམ་ཡུལ་ལས་འདས་པ་ཞིག་ལ་དེ་གར་ཉིན་ཕྱེད་ལས་མ་འགོར་བར་འཕེལ་རྒྱས་བྱུང་ཡོད”ཅེས་ལོ་མཇུག་གི་ལོ་འགོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་གྱོད་དོན་ཐོ་འགོད་བྱས་ནས་ཕྱིར་ལོག་བྱས་པའི་ཅིན་ལགས་ཀྱི་ངོ་གདོང་ནས་ཡུན་རིང་མ་མཐོང་བའི་འཛུམ་མདངས་རྒྱས།

ཅིན་ཆེ་གེ་མོས་ལས་ཡུལ་ག་གེ་མོར་ཞོར་ལས་ལས་བཞིན་ཡོད་ཀྱང་ལོ་གསར་གྱི་དུས་སུ་གླ་ཆ་ལེན་མ་ཐུབ་པར་ཚོད་ལྟ་ཞིག་བྱེད་པའི་བསམ་ཚུལ་བཅངས་ནས་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་བཅའ་ཁྲིམས་རོགས་སྐྱོར་འཚོལ་བར་ཡོང་བ་དང་།ལས་བྱེད་མི་སྣས་གནས་ཚུལ་རྒྱུས་ལོན་བྱས་རྗེས།མྱུར་དུ་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པ་མངགས་ནས་ཅིན་ལགས་ལ་རོགས་སྐྱོར་ཞབས་ཞུ་བྱས་པ་མ་ཟད།གཏུག་བཤེར་ཞབས་ཞུའི་སྐར་ཁུང་ནས་ཅིན་ལགས་ལ་གྱོད་དོན་ཐོ་འགོད་བྱས།

“ལྟེ་བ་ལྔ”ཡི་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་ལས་བྱུང་བ་ཞིག་རེད།2023ལོར་མཚོ་སྔོན་གྱིས་ཁུལ་དང་།རྫོང་།ཤང་བཅས་རིམ་པ་ཁག་གི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་དང་།སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས།ཡིག་བསྐུར་ངོ་བཅར་ལྟེ་གནས།གཏུག་བཤེར་ཞབས་ཞུ་ལྟེ་གནས།ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཤིག་བསྐྲུན་པ་དང་།ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་8དང་།རྫོང་(གྲོང་ཁྱེར་དང་ཆུས)ཤང་གྲོང་(ཁྲོམ་གཞུང་)405ཚང་མ་བསྐྲུན་ཟིན་ནས་དངོས་ཚན་ཅན་གྱི་འཁོར་སྐྱོད་ཐུབ་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། རྫོང་རིམ་པའི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་པ། མང་ཚོགས་ཀྱིས་རྩོད་གཞི་ཐག་གཅོད་བྱེད་པར“སྐར་ཁུང་གཅིག་རང་ལ་ཕྱོགས་པ་དང་། སྐར་ཁུང་གཅིག་རང་ལ་བྱ་བ་བསྒྲུབ་པ”བཅས་མངོན་འགྱུར་བྱུང་ནས་ཡིག་བསྐུར་ངོ་བཅར་གྱི་རྩོད་གཞི་འབོར་ཆེན་ཞིག་གཞི་རིམ་དུ་ཐག་གཅོད་ཐུབ་པ་དང་མྱུ་གུ་ལྟ་བུའི་གནད་དོན་ཐག་གཅོད་ཐུབ་ཡོད།

དེ་ནི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི་གྲུབ་འབྲས་ངོ་མ་མངོན་པ་ཞིག་ཡིན་ལ་མཚོ་སྔོན་གྱིས་དུས་བདེའི་འཛུགས་སྐྲུན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཤིག་ཀྱང་ཡིན་ལ།དུས་བདེའི་མཚོ་སྔོན་བསྐྲུན་རྒྱུའི“གཅིག་ཅན་བཅུ”ཡི་ལས་ཀའི་བླང་བྱ་སོགས་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བའི་ཕུགས་ཀྱི་བྱ་ཐབས་རབ་དང་རིམ་པ་ཞིག་དེ་བས་རེད།

2023ལོའི་ལོ་འགོར་འཚོགས་པའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག“ལོ་གཅིག་ལ་ཡར་རྒྱས་མགྱོགས་ཤོས་དང་།ལོ་གཉིས་ཀྱི་ཕན་འབྲས་མངོན་གསལ་དོད་པ།ལོ་གསུམ་གྱི་རྒྱལ་ཡོངས་སྟོད་རྒྱུད”བཅས་ཀྱི་སྤྱིའི་དམིགས་ཚད་བཏོན་པ་དང་།དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་རེ་བཅུ”ཡི་ལས་དོན་སྤྱིའི་བླང་བྱར་བྱས་ཏེ“སྐར་སྟོང་ལམ་ལུགས”ཀྱི་དཔྱད་ཞིབ་མ་ལག་སྤྱིའི་དམ་འཛིན་བྱ་གཞིར་བྱས་ནས་རིགས་ཆེ་གྲས་9ཡི་དཔྱད་ཞིབ་དམིགས་ཚད་86དང་360འཐུས་སྒོ་ཚང་དུ་བཏང་བས་མཚོ་སྔོན་གྱིས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་དང“དུས་བདེའི”སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་མགྱོགས་མྱུར་ཆགས་ཡོད།

དུས་བདེ་རྩ་བར་འཛིན་དགོས།པེན་ཀུའུ་པང་ཉིང་།སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཐའ་ཚད་ཀྱི་བསམ་བློ་དང་མཐར་ཐུག་གི་བསམ་བློ་མཐའ་འཁྱོངས་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ།“བཅུ་ཅན་གཅིག་”གི་ལས་དོན་གཏིང་ཟབ་ཏུ་གཏོང་བ།ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་མཚོ་སྔོན་མུ་མཐུད་འཛུགས་སྐྲུན་བཅས་བྱེད་དགོས་ཞེས་བསྟན་ཡོད།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ཡུལ་ཤུལ་ཁུལ་མི་དམངས་འཐུས་ཚོགས་ཁྲིམས་ལུགས་དང་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཝང་ཡུང་ཅའོ་ཡིས་དུས་བདེ་འཛུགས་སྐྱོང་དེ་ཁྲིམས་སྐྱོང་གི་འགན་ལེན་དང་ཁ་འབྲལ་ཐབས་མེད་པ་དང་།མི་དམངས་འཐུས་ཚོགས་དེ་ཁྲིམས་འཛུགས་ལྟ་སྐུལ་གྱི་འཐུས་ཚབ་ལས་ཁུངས་ཡིན་པའི་ངོས་ནས།ཞིང་ཨུད་ཀྱི་“བཅུ་ཅན་གཅིག་”གི་ལས་ཀའི་བླང་བྱར་དམ་པོར་དམིགས་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དུས་བདེའི་མཚོ་སྔོན་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེའི་མཚོ་སྔོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དུས་བདེའི་འཛུགས་སྐྲུན་གྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། དུས་བདེའི་མཚོ་སྔོན་སྐྲུན་རྒྱུ་དེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། འཐུས་མིའི་ནུས་པ་འདོན་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། དུས་བདེའི་མཚོ་སྔོན་འཛུགས་སྐྱོང་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ། “ཧྥེང་ཆའོ་ཡི་ཉམས་མྱོང་”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་མཚོ་སྔོན་གྱི་ས་གནས་ཁག་ཏུ་འབྲས་བུ་ཐོན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཞི་མཐུན་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་ཡོན་ཀྲང་གཞོན་པ་ཚེ་བརྟན་སྒྲོལ་མས་ཆུ་ཚད་མཐོ་བའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ལ་དེ་བས་བདེ་འཇགས་དང་།སྔར་བས་བློ་བདེ།སྔར་བས་བདེ་འཇགས་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོད་དགོས།དྲང་སྙོམས་དྲང་བདེན་ཡོང་བའི་ཐད་ཀྱི་ནུས་པ་མངོན་འགྱུར་བྱས་ནས་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ནང་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱ་དགོས།

2023ལོར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་“ཧྥེང་ཆའོ་རྣམ་པའི་ལས་ཀའི་བཅའ་ཁྲིམས”ཚན་པ་104བདམས་པ་དང་།མཚོ་ཤར་གྲོང་ཁྱེར་ཁྲིམས་འཛིན་ཅུས(ཕྱིར་སྐྱོད་པའི“འཐེན་ཐུག་མི་སྔོན་འགོག་དང་སེལ་ཐབས”ཀྱི་རྩོད་གཞིའི་ལས་དོན་བཅའ་ཁྲིམས།)མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་ཤང་(ཞིང་འབྲོག་ལས་ས་ཁུལ་གྱི་རྩོད་གཞི་སེལ་བའི“ཆུང་དྲུག”ལས་དོན་བྱེད་ཐབས།)མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་(“གཙང་གསུམ་ཆུ་འགོ·ཞིབ་དཔྱོད་སྔོན་པ”མཉམ་འགུལ་ལས་དོན་གྱི་བདམས་ཐོན་བྱུང་བ།)

འགལ་ཟླ་གོང་ལ་མི་སྤྲོད་པ་དང་།དུས་བདེ་ལས་འཛོལ་མི་ཐོན་པ།ཞབས་ཞུའི་ལས་གནས་མི་འདང་བ་བཅས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དེ་སྤྱི་ཚོགས་བཅོས་སྐྱོང་གི་དར་ཆ་ཞིག་ཏུ་གྱུར་ཡོད།མཚོ་སྔོན་ས་གནས་ཁག་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་བྱེད་ཐབས་གསར་གཏོད་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་ཤང་གིས་མི་རིགས་མང་པོ་འདྲེས་སྡོད་དང་རིག་གནས་མང་པོ་མཉམ་འདྲེས་ཀྱི་གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་།མང་ཚོགས་ཀྱི་དགོས་མཁོ་སྣ་མང་དང་།རྩོད་གཞི་སྣ་མང་།ཞབས་ཞུ་སྣ་མང་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་གཏན་གྱི་“དོན་ཆུང་”ནས་འགོ་བཙུགས་ཏེ་འགལ་ཟླ་དང་རྩོད་གཞི་“ཆུང་དྲུག་”ཅན་གྱི་འགྲེལ་ཐབས་འཚོལ་ཞིབ་དང་ཁྱབ་གདལ་བཏང་སྟེ“ཧྥེང་ཆའོ་ཡི་ཉམས་མྱོང་”རང་ས་ཅན་གྱི་ལག་ལེན་ལ་ཚོད་ལྟ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ནུས་ལྡན་ངང་བསལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྤེལ་རེས་དང་ཞི་མཐུན་མཉམ་གནས་རྣམ་པ་བཏོད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གི“གཅེན་གཅུང་མཚེའུ”འདུམ་འགྲིག་ཁང་དུ་འབྲོག་ལས་གན་རྒྱ་འགན་གཙང་ལེན་གྱི་རྩོད་གཞི་ཞིག་ཁྲིམས་དཔོན་གྱི་འདུམ་འགྲིག་འོག་ཐག་གཅོད་ཐུབ་པ་དེ་ནི་2022ལོའི་ཟླ་9པར“གཅེན་གཅུང་མཚེའུ”འདུམ་འགྲིག་ཁང་བཙུགས་ཚུན་འདུམ་འགྲིག་བྱས་པའི་གྱོད་གཞི་315པ་དེ་ཡིན་པ་དང་།འབྲོག་པ་མང་ཚོགས་ལ་བཅའ་ཁྲིམས་བློ་འདྲི་དང་། ཞུ་གཏུག་མ་བྱས་གོང་འདུམ་འགྲིགཁྲིམས་ཐག་བཅད་རྗེས་དོགས་གཞིར་ལན་འདེབས་པ། འདུམ་འགྲིག་འཚམས་འདྲིར་སྐྱོད་པ་སོགས་ཀྱི་ཞབས་ཞུ་ཁག་མཁོ་འདོན་བས་ནས་འདུམ་འགྲིག་ཁང་བཙུགས་པ་དེས་མང་ཚོགས་ཀྱི་སྣ་མང་འདུམ་འགྲིག་གི་དགོས་མཁོ་སྔར་བས་བསྐངས་ཏེ་ཞུ་གཏུག་མ་བྱས་གོང་གི་འདུམ་འགྲིག་དང་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི“ཐོགས་མེད་བགྲོད་ལམ”ཞིག་རགས་ཙམ་བསྐྲུན་ཡོད་པ་རེད།

དེ་ནི་མཚོ་སྔོན་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”གསར་གཏོད་དང་འཕེལ་རྒྱས་བཏང་ནས་ཞུ་གཏུག་འབྱུང་ཁུངས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བ།འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་སེལ་ཐབས་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་མཚོན་ཚུལ་ཞིག་རེད།

གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་“མཇུག་སྣེའི་དབང་རྩ་”སྐུལ་སློང་དང་།གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ན།ད་གཟོད་སྤྱི་ཚོགས་བཅོས་སྐྱོང་གི་“མཐའ་མའི་སྤྱི་ལེ་གཅིག་”ཤར་གཏོང་ཐུབ།སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།“གཞི་རིམ་དུ་སྐྱོད་པ་བཞི་”ཡི་ལམ་ལུགས་དོན་འཁྱོལ་བྱེད་པ། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་དང་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དེས་ན་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”ལ་རྒྱུན་མཐུད་ངང་བཀྲག་མདངས་འཚེར་ཇི་ལྟར་བ་དགོས་སམ།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་སྲིད་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ལི་ཆུན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུས་བདེའི་མཚོ་སྔོན་བསྐྲུན་རྒྱུ་དེ་ལམ་ལུགས་ཐོག་ནས་འགན་ལེན་བྱེད་དགོས་པ་དང་།ལམ་ལུགས་ལ་བརྟེན་ནས་“ཧྥེང་ཆའོ་ཡི་ཉམས་མྱོང”ས་གནས་ཅན་དུ་འགྱུར་བར་སྣེ་ཁྲིད་བྱས་ཏེ་རིམ་པ་ལྔའི་ཧྲུའུ་ཅིས་དུས་བདེ་དམ་འཛིན་དང་ས་གནས་སྡེ་ཚན་གྱི་དུས་བདེ་གཏོད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དུས་བདེའི་མཚོ་སྔོན་བསྐྲུན་རྒྱུ་དེ་མི་ཚང་མ་ཞུགས་པ་དང་།མི་ཚང་མར་ཕན་པ་ཐོབ་པ།མི་ཚང་མས་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གིས་དུས་བདེ་མཚོ་སྔོན་སྐྲུན་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅན་ཁྲ་ཀྲང་གཞོན་པ་མན་ཀྲི་ཧྥང་གིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཞིང་ཆེན་ཨུ་ལྷན་གྱི་དུས་བདེ་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ་དར་ལག་རྫོང་ཞིབ་དཔྱོད་ཁང་གི“ཧྥེང་ཆའོ་རྣམ་པའི་ལས་ཀའི་བཅའ་ཁྲིམས”ཁྱབ་གདལ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་བརྩེ་སེམས་བཅངས་ནས་མི་དམངས་མང་ཚོགས་ཀྱི་འགྲམ་དུ“གྱོད་གཞི་ཆུང་ངུ”དང“བྱ་བ་ཆུང་ངུ”ཡག་པོ་བསྒྲུབས་ནས་མཚོ་སྔོན་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

མདའ་བཞི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཀྲང་ཧྲི་དབྱིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་རེ་བཅུ”ཡི་ལས་ཀའི་བླང་བྱ་གཞིར་བཟུང་།“མདུན་སྣེ་དམ་འཛིན་དང་ནད་མེད་བཅོས་རྒྱུ”མཐའ་འཁྱོངས་བྱས་ཏེ“སྔོན་འགོག”ནས“དོ་དམ”ནས“ཞབས་ཞུའི”བར་འགྱུར་ལྡོག་བཏང་ནས་ལས་དོན་མ་བསྒྲུབས་གོང་དང་བསྒྲུབས་རྗེས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ལ་དེང་རབས་སྤྱི་ཚོགས་བཅོས་སྐྱོང་གི་ཆོས་ཉིད་དང་མཐུན་པའི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་གྱི་ལམ་བུ་དང་མཐུན་དགོས།

ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ།

ཟླ་1ཚེས་22ཉིན།ཟི་ལིང་གི་གྲོང་མི་སྐུ་ཞབས་སུང་ལགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་ཤོར་བཞིན་དུ“བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་གནོད་འཚེ་གཏོང་བའི་ཉེན་རྟོག་པའི་ཟིལ་ཤུགས་མངོན་པར་བྱེད”ཅེས་པའི་དར་ཆ་བྲིས་ནས་ཟི་ལིང་གྲོང་ཁྱེར་གྱི་རྨ་ཆུའི་མངགས་གཏོང་ཁང་དུ་བསྐྱལ་ནས་མགྱོགས་མྱུར་ཚོར་སྣང་དང་ཐག་གཅོད་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དུས་བདེ་ནི་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བའི་གཞི་རྩའི་བླང་བྱ་ཡིན་ལ།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འགན་ལེན་བརྟན་པོ་ཡིན།ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད།ཇི་ལྟར་བྱས་ནས་མང་ཚོགས་ལ་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་ཡོང་བ་བྱེད་དགོས་སམ།

ང་ཚོས་མཐོང་བ་ལྟར་ན།མཚོ་སྔོན་གྱིས་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་བརྒྱད་དང་།“འཕྲོག་གཉིས་རྐུ་གཅིག”ཆ་འཕྲིན་དྲ་རྒྱའི་ཉེས་གསོག་གསར་པ་སོགས་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་གནོད་པའི་གྱོད་གཞི་སྣ་ཚོགས་ལ་དམིགས་ནས་ཆེད་དོན་བྱ་སྤྱོད་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་།ཐོན་མང་བའི་རྒྱུ་ནོར་བཙན་གནོད་དང་།བུད་མེད་དང་བྱིས་པ་བསླུས་འཚོང་སོགས་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ། སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་བློ་ཡིད་ཚིམ་ཚད་བརྟན་པོའི་ངང་འཕར་བ། 2023ལོར་མང་ཚོགས་ཀྱི་བདེ་འཇགས་ཚོར་ཚད་སྐར་མ་96.49ཟིན་པ། ལོ་གོང་མ་ལས་སྐར་མ་2.58མང་དུ་ཕྱིན་པ། ལོ་བཅུ་གཅིག་བསྟུད་མར་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད།

མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ནི་བདེ་འཇགས་འཛུགས་སྐྲུན་གྱི་ཆར་ཆུ་རེའུ་མིག་ཡིན་ལ།བདེ་འཇགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས།མི་དམངས་མང་ཚོགས་ཁྱིམ་སྡོད་སྔར་བས་བློ་བདེ་བ་དང་།ཕྱིར་སྐྱོད་སྔར་བས་བློ་བདེ་བ།འཚོ་བ་སྔར་བས་སྐྱིད་པོ་ཡོང་བ་བཅས་ཡིན།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལངས་གཟུགས་ཅན་དང་གནམ་གཤིས་ལ་མ་བལྟོས་པའི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་དང་།ནག་ཚོགས་དང་འབྲེལ་བ།“རྐུ་འཕྲོག་བསླུ་གསུམ”“འཆལ་རྒྱན་དུག་གསུམ”སོགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“ཧྥེང་ཧྥེང་”གསར་པ་ཞིག་བཀོད་ཡོད།

དེས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་ནུབ་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡེ་ཀྲན་ཅུན་གྱིས་གོམ་སྟབས་རྗེས་མའི་ལས་དོན་ལ་བསམ་ཕྱོགས་གསར་པ་ཞིག་བྱུང་ཡོད།ཁོང་གི་ངོས་ནས་བརྗོད་ན།བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན་པས་རྩ་འཛུགས་ཀྱི་འགོ་ཁྲིད་དང་།ལག་རྩལ་གྱི་བྱེད་ཐབས།དྲིལ་བསྒྲགས་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་འཐུས་སྒོ་ཚང་བའི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་རྩེ་རིམ་ཇུས་འགོད་ནས་ཕྱོགས་ཡོངས་དང་ཕྱོགས་ཡོངས་ནས་འཛུགས་དགོས།རིམ་པ་མང་བའི་སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་དང་།ཆ་འཕྲིན་མཉམ་སྤྱོད་དང་གཞི་གྲངས་སྤེལ་རེས་བྱེད་ཤུགས་ཆེར་གཏོང་།ཆ་འཕྲིན་ཁེར་ཆགས་གླིང་ཕྲན་གཏོར་བ།ཆ་འཕྲིན་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་དགོས་པ་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་།བདེ་འཇགས་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་དང་ཆུ་ཚད་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་།ཞི་མཐུན།བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་ཞེས་བཏོན་པར་བརྟེན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ལི་ཀྲུའོ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཀྲུའུ་རེན་ལིའུ་ཝུན་ཡུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་བཅོས་སྐྱོང་གི་གནད་དོན་ཞིག་ཡིན་པས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་མཉམ་ཤུགས་ཆགས་པ་བྱས་ཏེ་རྡུང་རྡེག་དང་སྔོན་འགོག་བྱ་རྒྱུ་དེ་གནས་བབ་གལ་ཆེན་གཅིག་མཚུངས་སུ་བཞག་ནས་མགོ་སྐོར་གཡོ་ལེན་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་།སྡེ་ཁུལ་གྱི་སློབ་གྲྭ་སྣུར་སྲིང་བྱས་ནས་མགོ་སྐོར་གཡོ་འཕྲུལ་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་གནད་འཁེལ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་།མང་ཚོགས་ཀྱི་མགོ་སྐོར་གཡོ་ལེན་སྔོན་འགོག་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ།དམངས་ཡོངས་ཀྱི་མགོ་སྐོར་གཡོ་འཕྲུལ་ལ་ངོ་རྒོལ་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་པ་བཅས་བྱས་ཏེ་རྡུང་རྡེག་ནུས་ལྡན་གཏོང་བ་དང་ཟུང་འབྲེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།