
སྙན་ཞུ་གནད་བཤུས།
མང་ཚོགས་ཀྱི་དགོས་མཁོའི་རེ་སྒུག་ལ་དམིགས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ།ཐུན་མོང་ཐོག་ཕྱུག་པོར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱ་དགོས།
ལས་ཞུགས་སྔོན་ལ་འཛིན་པའི་ཁྲིད་ཕྱོགས་སྔར་ལས་འབུར་ཐོན་ཡོང་བ་དང་།མི་དམངས་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ།མི་དམངས་ཀྱི་བདེ་ཐང་འགན་སྲུང་སྔར་ལས་ལེགས་པར་བྱེད་པ།སྤྱི་ཚོགས་འགན་སྲུང་གི་ཞབས་ཞུར་ཤུགས་སྣོན་རྒྱག་པ།རིག་གནས་དང་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས།
མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་རེ་སྒུག་གི་གནད་དོན་ལ་དམིགས་ནས་རིགས་ཆེན་པོ་བཅུ་དང་དམངས་ཚིས་བྱ་བ་དངོས་44མུ་མཐུད་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ་དམངས་ཚིས་ཁྱབ་ཁོངས་ཀྱི་“འགག་རྩའི་དོན་ཆུང་”དེ་མི་སེར་གྱི་སེམས་ནང་གི“དྲོ་སྐྱིད་ལྡན་པའི་དོན་ཆེན་”རྒྱུན་ཆད་མེད་པར་བསྒྲུབས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དེ་བས་ཆེ་བ་དང་།བདེ་སྐྱིད་ཚོར་སེམས་དེ་བས་རྒྱུན་མཐུད་ཐུབ་པ།བདེ་འཇགས་ཚོར་སེམས་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས།
ལས་ཞུགས་ཞབས་ཞུར་དྲོད་ཚད་ལྡན་པ་དང་། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་ཐང་འགན་ལེན་དེ་བས་ཡག་པོ་བྱེད་པ། སྤྱི་ཚོགས་འགན་ལེན་ཞབས་ཞུར་ཤུགས་སྣོན་རྒྱག་པ། རིག་གནས་དང་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་སྐུལ་ལྕག་བྱས་ཏེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས་ཞེས་བསྟན་ཡོད།
ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་།མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་བ།ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པ་བྱེད་དགོས།

2024ལོར་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་གཟབ་རྒྱས་ངང་འགོ་ཚུགས་པ་དང་།ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་བཅངས་ནས་མཉམ་དུ་འཛོམས་ཏེ་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་དང་གྲོས་འགོ་བཏོན་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་།ཚང་མར་སྔར་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ཁོ་ནའི་ཆེད་དུ་ཡིན།
ཟླ་1ཚེས་25ཉིན་འདི་ག་ཚགས་པར་གྱི་གསར་འགོད་པས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྲོང་མི་དང་ལུང་ཧའོ་ཆུ་དོན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་གོ་ཧྲེང་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་བུད་མེད་ཚན་ཁག་གི་ཀྲུའུ་རེན་ཕྱུག་མཚོ་སྐྱིད།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།མཚོ་ཤར་གྲོང་ཁྱེར་གྲོང་མི་དང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཤིང་ཨར་བོད་རིགས་ཤང་རྒྱལ་ཁའི་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཚེ་རིང་མཚོ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཁྲེན་ཞུའེ་མེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཆེད་སྦྱོང་སྨན་ཁང་གི་ནད་ལྕི་ལྟ་སྐྱོང་ཁང་གི་ཀྲུའུ་རེན་ཀྲན་ཧྲོའུ་ཆིང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་ཀུའུ་ཝུན་ཅེ་བཅས་ཀྱིས་མཉམ་དུ་བསམ་ཚུལ་ལྷུག་པོར་གླེང་ནས་མ་འོངས་པར་རྒྱང་ལྟ་བྱས།
གསར་འགོད་པ།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་།མི་དམངས་ཀྱི་བདེ་ཐང་སྔར་བས་འགན་ལེན་ཡག་པོ་བྱེད་དགོས་ཞེས་བཏོན་ཡོད།ཆེད་ལས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ངོས་ནས་ཁྱེད་ཚོས་བྱེད་ཐབས་གང་འདྲ་ཞིག་གིས་འཕེལ་རྒྱས་ཁྲོད་དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་གཏོང་ཐུབ་བམ།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཁྲེན་ཞུའེ་མེ་ཡིས།སློབ་གསོ་དར་ན་རྒྱལ་ཁབ་དར་བ་དང་།སློབ་གསོ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པའི་ཐོག་བསྟན་དོན།སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཞི་རྩ་ནི་རྨང་གཞིའི་སློབ་གསོ་ཡིན་པ་དང་།སྣེ་འདྲེན་ནི་མཐོ་རིམ་སློབ་གསོ་ཡིན།2023ལོའི་ཟླ་8པར།སློབ་གསོ་པུའུ་ཡིས《རྒྱལ་ཁབ་ཀྱི་རྨང་གཞིའི་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཏེ། མཚོ་སྔོན་ཞིང་ཆེན་འདི་ཉིད་ཚོད་ལྟའི་ཞིང་ཆེན(རང་སྐྱོང་ལྗོངས)10ཡི་གྲས་སུ་གཏན་འཁེལ་བྱས་པར་བརྟེན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཚམ་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སློབ་གསོའི་དགེ་རྒན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་ཐུབ་པའི་ལམ་བུ་འཚོལ་ཞིབ་མི་བྱེད་ཀ་མེད་བྱུང་བ་རེད།

སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་ཀུན་སྤྱོད་བཟང་པོའི་མི་གསོ་སྐྱོང་བཟོ་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སློབ་ཞུགས་གོང་གི་སློབ་གསོའི་ཀུན་ཕན་འགན་ལེན་དང་།འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ།མཐོ་རིམ་སློབ་འབྲིང་དཀྱུས་མ་འཕེལ་རྒྱས་རིམ་སྤོར་བཅས་ཀྱི་བྱ་སྤྱོད་སྐུལ་འདེད་གཏོང་དགོས་པ་བསྟན་པ་དེ་ངས་བལྟས་ན། རྨང་གཞིའི་སློབ་གསོའི་རིག་ཚན་གྱི་སློབ་ཁྲིད་ནུས་པ་མཐོ་རུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་རྒྱུ་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་དཔལ་འབྱོར་དང་སྤྱི་ཚོགས་དང་ས་ཁམས་ས་བབ་སོགས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་ནས་མཚོ་སྔོན་གྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་བལྟོས་བཅས་ཀྱིས་ཉམས་ཞན་དང་། ཞིང་ཆེན་ནང་ཁོངས་ཀྱི་འཕེལ་རྒྱས་དོ་སྙོམས་མེད་པ། གྲོང་ཁྱེར་དང་གྲོང་གསེབ་དབར་དང་ཞིང་འབྲོག་ཁུལ་དབར་གྱི་ཧེ་བག་ཅུང་ཆེ་བ་བཅས་ཀྱི་འཆར་གཞི་ལག་ལེན་བསྟར་བ་ནི་ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་དགེ་རྒན་གྱི་ཆུ་ཚད་མཐོ་རུ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་དོ་སྙོམས་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཆེད་ཚན་སྨན་ཁང་གི་ནད་ལྕི་ལྟ་སྐྱོང་ཁང་གི་ཀྲུའུ་རེན་ཀྲན་ཧྲུའུ་ཆིང་གིས།མཚོ་སྔོན་ཞིང་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་ཚད་དེ་བདེ་ཐང་ས་ཁུལ་ལས་མཐོ་བ་ཡོད་པ་དང་ཐ་ན་20‰ནས30‰ཟིན་པ(རྒྱལ་ནང་གི་ལྷན་སྐྱེས་སྙིང་ནད་ཕོག་ཚད་7‰ནས་8‰ཟིན་པ)ཉེ་བའི་ལོ་ཤས་རིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས《ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྐྱོབ་བཅོས་ཀྱི“ལོ་བཞིའི་འགག་སྒྲོལ་འཆར་གཞིའི”ལས་ཀའི་ཞིང་ཆེན་མ་བུ་བདེ་སྲུང་ཁང་(ལས་ཁུངས་)དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལས་ཁུངས་ལས་གྲུབ་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཞབས་ཞུའི་མ་ལག་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་སྲོག་སྐྱོབ་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད།
དེ་རྗེས་ང་ཚོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཏོན་པའི་དམིགས་ཚད་ལས་འགན་གཞིར་བཟུང་བྱིས་པའི་ཚེ་སྲོག་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཆབས་ཅིག་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་དང་ཡུན་རིང་མ་ལག་ལས་གྲྭ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ལྷན་སྐྱེས་སྙིང་ནད་སྔོན་འགོག་དང་སྔ་དུས་ཀྱི་སྨན་བཅོས་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ལྷན་སྐྱེས་ནད་བྱུང་བའི་བྱིས་པའི་ཚེ་སྲོག་དང་བདེ་ཐང་ལ་ཐུགས་ཁུལ་གནང་དུ་འཇུག་དགོས།
གསར་འགོད་པ།དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་དམངས་ཀྱིས་འཚོ་བའི་སྤུས་ཚད་ལ་བླང་བྱ་གསར་པ་དང་རེ་སྒུག་གསར་པ་བྱུང་ཡོད།ལོ་གསར་པར་ཇི་ལྟར་བྱས་ན་མང་ཚོགས་ལ་སྔར་བས་བརྟན་པའི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ལྡན་པར་བྱེད་ཐུབ་བམ།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་གཞོན་པ་ཀུའུ་ཝུན་ཅེ་ཡིས།མཚོ་སྔོན་གྱིས་ཀྲུང་གོའི་ནུབ་རྒྱུད་ཀྱི་སྣོད་བཅུད་ཚོར་སྐྱེན་ཁུལ་ཡིན་པའི་ངོས་ནས་གད་སྙིགས་རིགས་དབྱེ་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ《གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ཡུལ་གྱི་འཁོར་སྐྱོད་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་ཡིག་ཆའི་ནང་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་དམིགས་ཚད་དང་ཁྱབ་ཁོངས་ཁ་གསལ་བཏོན་པ་དང་། ཞིང་ཆེན་དེ་ཡོངས་སུ་གྲོང་ཁྱེར་དང་དེ་བཞིན་རྫོང་གྲོང་ཁག་གཅིག་གི་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་ལས་དོན་བཀོད་སྒྲིག་དང་སྐུལ་འདེད་བཏང་བ། གྲོང་ཁྱེར་དང་ཀྲོའུ་ཁག་གིས་ཀྱང་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་ལས་ཀའི་བྱེད་ཐབས་སྔར་བས་ཞིབ་ཚགས་དང་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱི་གད་སྙིགས་རིགས་དབྱེའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད།འོན་ཀྱང་བརྟག་ཞིབ་ལས་མངོན་དོན།མི་འདང་བ་དང་ཞན་ཆ་སྔར་བཞིན་མང་པོ་ཡོད།ལོ་གསར་པའི་ནང་ང་ཚོས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ།རིགས་དབྱེའི་ས་ཚིགས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ།འཛུགས་སྐྲུན་བྱ་ཡུལ་ལུགས་མཐུན་དང་གྲངས་འབོར་དོ་སྙོམས་ཀྱི་གད་སྙིགས་རིགས་དབྱེའི་མཁྲེགས་ཆས་སྒྲིག་བཀོད་འཆར་འགོད་བྱེད་པ།གད་སྙིགས་བླུགས་སྣོད་དང་།ཚུར་བསྡུའི་ས་ཚིགས།རིགས་དབྱེའི་སྐྱེལ་འདྲེན་སོགས་ལེ་ལག་ཚང་བའི་སྒྲིག་ཆས་འཛུགགས་སྐྲུན་གྱི་སྡོད་དམངས་ཀྱིད་གད་སྙིགས་འཕེན་པར་སྟབས་བདེ་བསྐྲུན་པ་རེད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།མཚོ་ཤར་གྲོང་ཁྱེར་གྱི་གྲོང་མི།ལུང་ཧའོ་ཆུ་དོན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་གོ་ཧྲེང་གིས།སྲིད་གཞུང་གི་བྱ་བའི་སྙན་ཞུ་གྱིས་ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་།སྙན་སྒྲོན་ནང་བཏོན་པའི་དམིགས་ཚད་ལས་འགན་གཞིར་བཟུང་།ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་དང་།གྲོང་ཁྱེར།རྫོང་བཅས་ཀྱི་བཀོད་སྒྲིག་གལ་ཆེན་དང་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་།ལས་ཆོད་ཆེ་རུ་གཏོང་བ།ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་“ལས་བྱེད་པས་ལས་བྱེད་པ་དང་སྐྱེ་ཁམས་ཆུ་སྤྱོད་འགན་སྲུང་ལས་དོན་གྱིས་རྫོང་ཡོངས་ཀྱི་མི་དམངས་ཀྱི་ཆུ་དོན་“གཙང་སྦྲ་བྱེད་མཁན་”དང་“ཞབས་ཞུ་བ་”ཡག་པོ་མཐའ་གཅིག་ཏུ་བྱས་ཏེ་འགན་འཁུར་ཕོད་པའི་རྣམ་འགྱུར་དང་།འགན་འཁུར་མཁས་པའི་ནུས་པ།ཞབས་ཞུའི་བྱེད་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ།ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་དེ་འགན་ནུས་གསལ་དྭངས་ཅན་དང་།གཉེར་སྐྱོང་ཕན་འབྲས་ཅན། གཉེར་སྐྱོང་ཁྲོམ་ར་ཅན་དང་། མི་སྣ་ཆེད་ལས་ཅན། དོ་དམ་ཚད་ལྡན་ཅན་བཅས་ཀྱི་ལས་རིགས་ཀྱི་གཞུང་ཁོངས་ཁེ་ལས་རྩེ་གྲའི་གྲས་ཤིག་ཡིན་པ་དང་། མང་ཚོགས་ཀྱི་ཆུ་སྤྱོད་པའི་རེ་བ་དང་རེ་བ་ཟམ་མི་ཆད་པར་སྐོང་བ། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ། དེང་རབས་ཅན་གྱི་དམངས་གསར་དང་འཛུགས་སྐྲུན་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཁྲོད་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ལག་ལེན་བསྟར་ནས་ཆུ་ལས་ལ་ལེགས་སྐྱེས་ཕུལ་བ་བཅས་རེད།

གསར་འགོད་པ།གཞི་རིམ་ནི་འཕྲལ་མར་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཤེས་རྟོགས་བྱེད་ས་ཡིན་པ་དང་།གཞི་རིམ་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ཚོགས་འདུ་གཉིས་གྲོལ་རྗེས་ལས་ཀའི་ཁྲོད་མང་ཚོགས་ཀྱི་ལྡོག་ལན་དང་རེ་སྒུག་སྔར་ལས་ལེགས་པ་ཇི་ལྟར་མངོན་འགྱུར་བྱེད་ཐུབ་བམ།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་བུད་མེད་ཚན་ཁག་གི་ཀྲུའུ་རེན་ཕྱུག་མཚོ་སྐྱིད་ཀྱིས་ཉེ་བའི་ལོ་ཤས་རིང་རྩེ་ཁོག་རྫོང་མི་དམངས་སྨན་ཁང་བུད་མེད་ཚན་ཁག་གི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་ཀྱིས་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་བྱས་ནས་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་2017ལོར་ཞིང་ཆེན་དང་རྫོང་དུ་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་རྒྱུར་བདམས་པ་དང་།2023ལོར་བུད་མེད་དང་བུ་བཙའི་ཚན་ཁག་ནས་ཕྲུ་གུ་སྐྱེ་ཚད་མི་ཐེངས་900ལྷག་ཙམ་ཟིན་པ་དེའི་ནང་ནས་མངལ་ནས་བཏོན་པའི་མི་160ལྷག་ཙམ་ཡོད་པ་དང་ལོ་ཧྲིལ་པོར་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་མེད་པ་རེད། 2024ལོར་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ངས་ཚན་ཁག་གི་སྨན་དོན་མི་སྣ་ཡོངས་ཀྱི་སྣེ་འཁྲིད་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་བླང་བྱ་ལྟར་ལས་དོན་ཏན་ཏིག་སྤེལ་བ་དང་སྨན་བཅོས་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་ནས་གཟའ་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་ཧུར་ཐག་བྱ་རྒྱུ་ཡིན།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་དང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིན་ཨར་བོད་རིགས་ཤང་ཀའོ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཚེ་རིང་མཚོ།ཅི་ཧྲི་ཧྲན་ས་ཡོམ་རིམ་པ་6.2བརྒྱབ་རྗེས་ང་རང་གནས་སའི་གྲོང་ཚོའི་ཁང་པར་ཚད་མི་འདྲ་བའི་གཏོར་བཤིག་ཕོག་ཡོད།གནོད་འཚེ་ཕོག་རྗེས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་ཐུགས་ཁུར་གྱིས་རྫོང་ཡོངས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བའི་ངར་ཤུགས་ཆེ་རུ་ཕྱིན་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད།མིག་སྔར། ང་སྡོད་སའི་ཞིན་ཨེར་ཞང་གིས་ཁང་པ་གསལ་འབྱེད་ལས་ཀ་ཁྱོན་ཡོངས་ནས་བསྒྲུབས་ཟིན་པ་དང་། གྲོང་མིར་བཀོད་སྒྲིག་འོས་འཚམ་བྱུང་ཡོད། ངས་ཞིན་ཨེར་ཞང་གི་མང་ཚོགས་བཞི་སྟོང་ལྷག་ཙམ་གྱི་ཚབ་ཞུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྲིད་གཞུང་གི་བྱ་བའི་སྙན་ཞུ་ནན་ཏན་ངང་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།གོམ་སྟབས་རྗེས་མར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱི་འགན་འཁྲི་འདོན་སྤེལ་གང་ལེགས་དང་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་ཁ་གསལ་བའི་བླང་བྱ་གཞིར་བཟུང་གེགས་རྗེས་བསྐྱར་སྐྲུན་ནང་ཧུར་ཐག་ཞུགས་ནས་ཏང་གི་སྲིད་ཇུས་བཟང་པོ་སྔར་བས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།