【ཚོགས་ཆེན་གནད་གླེང་། 】གྲོང་གསེབ་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་གོམ་པ་ཆེན་པོས་མདུན་དུ་བསྐྱོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མི་རིགས་བསྐྱར་དར་དང་གྲོང་གསེབ་དར་རྒྱས་གཏོང་དགོས།

“རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ”དང་།“གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་100གཏོད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར‘གྲོང་ཚོ་སྟོབས་ཆེར་གཏོང་བའི་བཟོ་སྐྲུན”“རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་དུད་ཚང་ཁྲི་4ལེགས་སུ་གཏོང་བ།ས་མཐོ་དང་གྲོང་གསེབ་མཛེས་པའི”འཛུགས་སྐྲུན་བྱེད་པ་སོགས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་སྐོར་གྱི“རྒྱུད་སྐུད”དཀྲོལ་ཏེ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ལྕག་སྐུལ་ཐེབས་ཡོད།

ཟླ་1ཚེས་25ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་འགོ་ཚུགས་ཉེར་ཡོད་པའི་སྐབས་དེར་མདའ་བཞི་རྫོང་ཏང་སྲིད་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་གི་ཐོག་སོ་བཞི་པའི་ཚོགས་ཁང་དུ་མི་ཁེངས་ཡོད་པ་དང་།ཆུ་ཚོད་19ཡི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།མདའ་བཞི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་ཀྲང་ཧྲི་དབྱིང་བཅས་ཀྱིས་དུས་ཐོག་ཏུ“དུས་ཆད་”ལྟར་འབྲེལ་མཐུད་བྱས་པ་རེད།

ཐོན་ལས་བརྟན་པོ་ཡོང་བ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་སྔར་བས་ཆེ་རུ་གཏོང་དགོས།

“རྫོང་དཔོན། སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་ནང་དོན་ང་ཚོས་མཐོང་བྱུང་།ཚོགས་རའི་ནང་ད་དུང་གཏམ་བཟང་གང་ཞིག་ཡོད་དམ”མདའ་བཞི་རྫོང་རོང་འབྲོག་ཆུ་བེད་ཚན་རྩལ་དང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་འགྱུར་མེད་མན་གྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

ཀྲང་ཧྲི་དབྱིན་གྱིས“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གྲོང་གསེབ་ཀྱི་ཐོན་ལས་གནད་སྨིན་དངོས་སྒྲུབ་ཀྱིས་སྐྱེད་སྲིང་བྱེད་པ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ།‘དཔེ་དེབ་གཅིག་དང་ཁས་ལེན་གཅིག’ཟབ་ཏུ་གཏོང་བ།དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱེད་པ།གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།ནོར་གནག་དང་།འབྲོག་ལུགདྲ་ཐོག་ཚོང་དོན་གྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཀྱི་ཕན་འབྲས་དངོས་ཐད་གཏོང་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་གྲོང་ཚོ་200བསྐྲུན་པ་དང་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་རྒྱ་ཆེའི་རོང་འབྲོག་པའི་དངུལ་ཁུག་སྔར་བས་མང་དུ་ཕྱིན་པ་དང་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད།

འགྱུར་མེད་ཀྱིས་ནན་ཏན་ངང་ཉན་ཞོར་དུ་ཟིན་ཐོ་བཀོད་པ་དང“གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་གྲོང་ཚོ་200བསྐྲུན་རྒྱུ་དེ་རྫོང་ཡོངས་ཀྱི་གྲོང་ཚོ་29ཡི་ཐོན་ལས་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་ཡིན་པས་ང་ཚོས་ཐོན་ལས་དཔེ་སྟོན་གྲོང་ཚོའི་མི་གྲངས་བརྩོན་ལེན་ཧུར་ཐག་བྱེད་དགོས”།

“མིག་སྔར་རེ་ཞུ་བྱས་པའི་འདམ་མེ་ཏོག་བྱ་དེའི་རྣམ་གྲངས་ཞིབ་དཔྱད་དུས་མཚམས་སུ་སླེབས་ཡོད་པས་ང་ཚོའི་གྲོང་ཚོ་དཔེ་སྟོན་གྲོང་ཚོར་ཚུད་པའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་ཟུར་གསུམ་མཁར་གྲོང་རྡལ་ཧའེ་ཧྥུང་གྲོང་ཚོའི་ཧྲུའུ་ཅི་དང་པོ་དབྱང་ཧྥ་ཏུང་གིས་གཏམ་བཤད་དང་ལེན་བྱས་པ་རེད།

2023ལོར་མདའ་བཞི་རྫོང་གིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།ཞིང་པའི་ཁུར་པོ་ཡང་དུ་གཏོང་བ།ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ།ཞིང་པ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་བཅས་བྱ་རྒྱུ་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་དམིགས་ཚད་གཙོ་བོར་བརྩིས་ནས་རོང་འབྲོག་ཟུང་འབྲེལ་དང་།ཐོན་ཁུངས་གསབ་རེས།དཔེ་མཚོན་སྣེ་ཁྲིད།དཔེ་སྟོན་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ཟོག་གི་ས་ཁུལ་མུ་མཐུད་བཏོད་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་དང་གསོན་ཤུགས་བསྣན་ཡོད།

སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གི་སྐད་ཆ་དེས་ཅིན་ཐང་ཤང་ཏུང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིའུ་ཧྲེང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།“ང་ཚོས་རྨོ་ཞིང་སྤྱི་ཆིང་267མུ་མཐུད་དོ་དམ་ཡག་པོ་བྱེད་དགོས་པ་དང་།ན་ནིང་མུའུ་རེར་ཁེ་སྤོགས་སྒོར་510བགོ་བཤའ་བརྒྱབ་པས་མང་ཚོགས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

“སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བ་དེས་རྒྱལ་ཁབ་ཀྱིས་དེང་རབས་ཞིང་ལས་དང་ཞིང་པ་གསར་པར་སྐུལ་ལྕག་དང་རོགས་སྐྱོར་བྱས་པ་མྱོང་ཚོར་ཟབ་མོ་བྱུང་།གོ་སྐབས་བཟང་པོ་དེས་ང་ལ་ཞིང་ལས་འདེབས་འཛུགས་ཀྱི་ཡིད་ཆེས་ཆེན་པོ་སྦྱིན་ནས་འབྲུ་རིགས་ཐོན་མཐོ་བརྟན་པོའི་ངང་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་བཤད།

མདའ་བཞི་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་འགག་རྩ་དེ་དམ་འཛིན་བྱས་ཏེ“གྲོང་ཚོ་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་།ཁེ་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད།ཐོན་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད།འཇོན་ཐང་ཅན་གྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱེད་པ”དང“གྲོང་ཚོ་དར་རྒྱས་གཏོང་བའི་ཐབས་ཇུས་ལྔ་”དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཡུལ་བབ་དང་བསྟུན་ནས་“གྲོང་ཚོ་རེར་ཐབས་ཇུས་རེ་”དང“གྲོང་ཚོ་རེར་ཐོན་རྫས་རེ”མངོན་འགྱུར་ཡོང་བ་བྱེད་པ་དང་།སྣོད་བཅུད་འབྲོག་ལས་ལ“གཅིག་”གི་ལེ་ལག་ཚང་བའི་ལས་གྲྭར་སྤྱི་འདོམས་སྐུལ་འདེད་གཏོང་བ།གཟན་ཆས་ལས་སྣོན་གྱི་སྟོང་ཆ་བསྐང་ཏེ། སྐྱེ་ལྡན་ལུད་བཟོ་གྲྭ་དང་། ཕྱུགས་གསོན་པོ་ཉོ་ཚོང་ཁྲོམ་ར། འཁྱག་གཏོང་ཟོག་འགྲེམས་སོགས་ཀྱི་འདུ་འགོད་ཀྱི་སྤུས་ཚད་དང་དམིགས་ཚད་དམ་འཛིན་ཡག་པོ་བྱས་ནས་རྣམ་གྲངས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་པ་དང་འབྲེལ་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་དགོས།

ཁྱད་ལྡན་རོང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།མདའ་བཞི་རྫོང་གིས་ཆེད་ལས་མཉམ་ལས་རྩ་འཛུགས་གཞི་རྟེན་དུ་བྱས་ནས་ནུས་ཆེའི་གསོ་སྤེལ་ལག་རྩལ་ལག་ལེན་དང་ཁྱབ་གདལ་ཤུགས་ཆེན་བཏང་སྟེ“འབྲོག་ལུག་ལོ་གཉིས་ལ་ལུ་གུ་ཐེངས་གསུམ་ལ་བཙའ་བ”དང“འབྲོག་ལུག་སྦྲུམ་མང་གསོ་སྤེལ་ལག་རྩལ”“ལུ་གུ་ལ་སྔ་དུས་ནས་ཁ་བཀར་བ”སོགས་ཀྱི་ལག་རྩལ་རྒྱ་ཁྱབ་ངང་སྤྱོད་ཐུབ་པ་བྱུང་ཡོད།

2023ལོར་མདའ་བཞི་རྫོང་གི་གྲོང་ཚོ་29ཡི་ཐུན་མོང་དཔལ་འབྱོར་ཡོང་འབབ་ཚང་མ་སྒོར་ཁྲི་25ལས་བརྒལ་བ་དང་།ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1460.72ཟིན་པས།དུས་མཉམ་ལས་20.76%འཕར་ཡོད།དེའི་ནང་གྲོང་ཚོ་12ཀྱི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་50ལས་བརྒལ་ཡོད།

ཁོར་ཡུག་བཅོས་སྐྱོང་བྱས་ནས་གྲོང་གསེབ་ལ་རྣམ་པ་ལྡན་པ་བྱེད་དགོས།

གྲོང་གསེབ་དང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གཙོ་གནད་ལས་འགན་ཞིག་ཡིན་པ་དང་།རོང་འབྲོག་མང་ཚོགས་ཀྱི་རྩ་བའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ།རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པ།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་དང་འབྲེལ་བ་ཡོད་པ་བཅས་རེད།

“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གྲོང་གསེབ་འཛུགས་སྐྲུན་བཅོས་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ་དང་།ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མཐོར་གཏོང་བྱ་སྤྱོད་ལ་སྤྱི་འདོམས་བྱེད་པ།འཚོ་བའི་གད་སྙིགས་རིགས་དབྱེ་བསྡུ་འདྲེན་ཐག་གཅོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་དོ་དམ་ཚོད་འཛིན་བྱེད་ཚད་20%ཡན་ཟིན་པ།ཡུལ་བབ་དང་བསྟུན་ནས་དུད་ཚང་ཁག་གཅིག་གསང་སྤྱོད་ཁང་འཛུགས་སྐྲུན་དང་། ཆུ་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བ་སྤྱོད་སྤེལ་གྱི་ཡོད”ཅེས་ཀྲང་ཧྲི་དབྱིང་གིས་བཤད། ཁོང་གིས“ང་ཚོས་གྲོང་གསེབ་འཛུགས་སྐྲུན་བྱེད་པའི‘གཙང་གསུམ་དང་། གཙང་གསུམ། སྒྱུར་གསུམ’བཅས་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།

“ང་ཚོས་སྒྲུབ་བཞིན་པའི་ལས་ཀ་དང་སྙན་ཞུའི་ནང་དམིགས་ཚད་བླང་བྱ་བཏོན་པ་དེ་དངོས་གནས་མ་གྲོས་གཅིག་མཐུན་རེད་ཨང་”འགྱུར་མེད་ཀྱིས“2023ལོར་ང་ཚོས་རྩྭ་ཐང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་རང་དགར་འཛུགས་སྐྲུན་སོགས་ཆེད་དོན་བྱ་སྤྱོད་ཆེན་པོ་དྲུག་སྤེལ་འགོ་བཙུགས་ནས་སྤྱི་ལེ་ངོས་གྲུ་96.4ཟིན་པའི་འབྲོག་ལམ་ཚང་མ་བཅོས་སྒྲིག་བྱས་ཟིན་པ་དང་སྤྱི་ཆིང་ཁྲི་0.52གོ་རིམ་མེད་པར་རྩྭ་ར་ཚང་མ་ཚད་ལྡན་ངང་བཅོས་སྒྲིག་བྱས་པས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་གཅིག་རྦད་དེ་ཐག་གཅོད་ཐུབ་ནས་གྲོང་གསེབ་དར་རྒྱས་གོང་འཕེལ་གཏོང་བའི་འགག་གནད་ནུས་ལྡན་ངང་བཤངས་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།

“མུ་མཐུད་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིགས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཞི་གཅིག་ཅན་གྱི་ཐག་གཅོད་མ་ལག་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་རེད”ཅེས་ཀྲང་ཧྲི་དབྱིང་གི་སྐད་ཆར་ཚང་མའི་མོས་མཐུན་ཐོབ་པ་དང་ཚོགས་ཁང་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

ཉེ་བའི་ལོ་ཤས་རིང་།མདའ་བཞི་རྫོང་གིས་ལས་ཀའི་ཇུས་གཞི་བཟོ་བ་དང་།མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ།བཅོས་སྒྲིག་ལམ་ལུགས་དོན་འཁྱོལ་བྱེད་པ།བཅོས་སྒྲིག་བྱེད་ཐབས་གསར་གཏོད་བཅས་བྱས་ནས་རྫོང་ཡོངས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲལ་འགྲིག་ལ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།

བཅོས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས།

ཉིའུ་ཧྲེང་ནི་སྟོང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཙམ་མ་ཟད།ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡིན།ཉེ་བའི་ལོ་ཤས་རིང་ཁོང་གི་སྣེ་ཁྲིད་འོག་སྟོང་མདའ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། གསོ་སྤེལ་དང་ཚབ་གཉེར་འདེབས་འཛུགས་སོགས་ཐོན་ལས་ཕྱོགས་ཡོངས་ནས་མེ་ཏོག་བཞད་པ་དང་།ན་ནིང་ཁོ་ནར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་18ཟིན་ཡོད།

2023ལོར་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”སྔོན་ཐོན་དཔེ་མཚོན་དུ་ངོས་འཛིན་བྱས་པའི་ཅིན་ཐང་ཤང་གི“ཆུང་གྲས་དྲུག”གི་ལས་ཀའི་བྱེད་ཐབས་ནི་ཏུང་མདའ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་“ཏང་ཡོན་གྱི་བྱ་བ་བཟང་པོ་དང་བྱ་བ་ངན་པ་བགོ་བའི་ལམ་ལུགས”དང“སེལ་ཐབས་ཆུང་གྲས་ལྔ”སོགས་འཚོལ་ཞིབ་དང་གསར་གཏོད་བྱས་པ་ལས་བྱུང་བ་ཞིག་རེད།

“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་མདའ་བཞི་རྫོང་ཅིན་ཐང་ཤང་རྒྱལ་ཡོངས་ཀྱི‘ཧྥེང་ཆའོ་རྣམ་པའི་ལས་ཀའི་བྱ་ཐབས’ཚན་པར་བདམས་པ་དེ་ནི་རྫོང་ཡོངས་ཀྱི་གཟི་བརྗིད་ཡིན་ལ་སྟོང་མདའ་གྲོང་ཚོའི་གྲུབ་འབྲས་ཀྱང་རེད”ཅེས་ཀྲང་ཧྲི་དབྱིང་གིས་ཉིའུ་ཧྲེང་ལ་བཤད།

མདའ་བཞི་རྫོང་གིས་རང་སྐྱོང་དང་།ཁྲིམས་སྐྱོང་།སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་བརྒྱབ་ནས་“མཉམ་ལྔ་དང་དྲུག་སྐྱོང་བདུན་ཟུང་འབྲེལ་”གྱི་བཅོས་སྐྱོང་བྱེད་སྟངས་གསར་པ་ཆགས་པར་བྱས་ཏེ།སྤྱི་ཚོགས་བཅོས་སྐྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས།

“སྲིད་གཞུང་གི་བྱ་བའི་སྙན་ཞུ་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་།ང་ཚོས་འདི་ལོའི་ལས་དོན་ཁག་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།གོ་སྐབས་དམ་འཛིན་བྱས་ནས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱས་ནས་མདའ་བཞི་རྫོང་གི་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བ་གཏོད་དགོས”ཞེས་པའི་ཚོགས་ཁང་ནང་ཚང་མས་ཁྱེད་ཀྱིས་སྐད་ཆ་ཚིག་གཅིག་བཤད་ནས་ལོ་གསར་པར་རེ་སྨོན་བྱེད་ཀྱི་ཡོད།

རྒྱབ་ལྗོངས་སྦྲེལ་མཐུད།

གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ།དུས་རབས་གསར་པའི་“ཞིང་གསུམ་”ལས་དོན་གྱི་སྤྱིའི་འཛིན་བྱེད་ཡིན།

གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་དམིགས་འབེན་ནི་ཐོན་ལས་དར་རྒྱས་དང་།སྐྱེ་ཁམས་འཚམ་པ།ཡུལ་སྲོལ་ཤེས་དཔལ།བཅོས་སྐྱོང་ནུས་ལྡན།འཚོ་བ་ཕྱུག་འགྱུར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་དེ་ཡིན།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན།གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས།ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་མགྱོགས་སུ་གཏོང་བ།གྲོང་གསེབ་ཀྱི་ཐོན་ལས་དང་།ཤེས་ལྡན་མི་སྣ།རིག་གནས།སྐྱེ་ཁམས།རྩ་འཛུགས་བཅས་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ།འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་པོ་བསྲུངས་ནས་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས“རོང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་འབབ་འཕར་ཡོང་རྒྱུ”གཙོ་རྐང་དུ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་དང་ཁུལ་ཡི་ཞིང་གསུམ་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་རོང་འབྲོག་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་གྱི་གོ་སྐབས་དམ་པོར་བཟུང་ནས་གསར་གཏོད་དངོས་སྒྲུབ་དང་།བློ་རྩ་བརྟན་པོས་ཡར་བརྩོན།ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་།ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཤིན་ཧེ་ཡན་ཁྱོན་ཡོངས་ནས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།་

2023ལོར་མདའ་བཞི་རྫོང་གིས་རོང་འབྲོག་ལས་འཕེལ་རྒྱས་ལ་དམིགས་ནས་ལྗང་མདོག་སྣོད་བཅུད་རོང་འབྲོག་ལས་གཏོད་པ་དང་།འབྲོག་ལས་གཅིག་སྡུད་ཅན་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།འབྲོག་ལུག་ཁྲི་བཅུ་གསོ་སྤེལ་རྟེན་གཞི་དང་།ནོར་ནག་ཁྲི་གྲངས་ཀྱི་སྣོད་བཅུད་གསོ་སྤེལ་རྟེན་གཞི།ལུ་གུ་ཁྲི་གཅིག་གི་ཐོན་སྐྱེད་རྟེན་གཞི།བཞོན་མ་སྟོང་གི་སྣོད་བཅུད་གསོ་སྤེལ་རྟེན་གཞི་བཅས་བསྐྲུན་པ་བཅས་བྱས་ཏེ་ཞིང་ལས་ནུས་ཆེའི་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ས་བོན་ལས་གྲྭ་ལག་བསྟར་ཤུགས་ཆེན་དང་ལེགས་བསྡུས་ཅན་གྱི་ལས་གྲྭར་སྐུལ་སྤེལ་བཏང་ནས་ས་ཞིང་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བ་བྱེད་དགོས།

2023ལོར་མདའ་བཞི་རྫོང་གི་དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་23481.21ཟིན་ནས་འཕར་ཚད་18.67%ཟིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1460.72ཟིན་པ་དང་།ཏའོ་དབྱང་གྲོང་ཚོ་དང་།གསུམ་འབྲེལ་གྲོང་ཚོ།ཐུང་པའོ་གྲོང་ཚོ།དབུན་ཏུའུ་གྲོང་ཚོ་སོགས་ཚོད་ལྟའི་གྲོང་ཚོ་4འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་པ།རྫོང་ཡོངས་ཀྱི་གསང་སྤྱོད་ཁག་175གསར་དུ་བསྐྲུན་པ་དང་སྤྱོད་ཁང602གནད་དོན་དག་ཐེར་བྱས་པ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།