སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་རྣམ་པ་གསར་པ་མཉམ་དུ་བཀོད་པ། སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་འཐུས་མི་དང་ཨུ་ཡོན་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཟླ་1ཚེས་24ཉིན་གྱི་སྔ་དྲོར། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་།འཐུས་མི་དང་ཨུ་ཡོན་ཚོས་མཚོ་སྔོན་གྱི་དོན་དངོས་དང་མཐུན་པ་དང་།མི་དམངས་ཀྱི་རེ་སྒུག་དང་བསྟུན་པ།རྒྱང་ལྟའི་བསམ་བློ་མངོན་པར་བྱེད་པ་བཅས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་ངར་ཤུགས་དང་སྒུལ་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

འཐུས་མི་དང་ཨུ་ཡོན་ཚོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ནང་ཁྱབ་ཡོད་པ་དང་།“ལས་བྱེད་པས་སྒྲུབ་དགོས་པ་དང་།བསམ་ཕྱོགས་གསལ་བ།རང་གཅུན་ནན་པོ་བྱེད་དགོས”ཞེས་པའི་སྟོན་ཕྱོགས་གསལ་པོ་གང་ལེགས་མཚོན་པ།ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ།མཚོ་སྔོན་གྱི་ཕུལ་བྱུང་གྲུབ་འབྲས་བསྐྱར་དུ་མངོན་པ།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་བཟང་པོར་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱང་ལྟ་བྱས་པ།སྲིད་གཞུང་གི་ལས་དོན་གྱི་ཉམས་འགྱུར་གསར་པ་དང་རྣམ་པ་གསར་པ་མངོན་པ། དར་ཆ་མཐོན་པོར་སྒྲེང་བ་དང་། དངོས་དོན་གཉེར་བ། འགན་འཁྲི་འཁུར་བ། མི་སེམས་གཅིག་ཏུ་འགྲིལ་བ། བློ་སྟོབས་འཕེལ་བ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་ས་མཐོའི་ཝ་ཁེ་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཧྲེང་ཅང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་ཡིག་ཚོགས་འབོར་ཆེན་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཚར་ལོངས་བྱུང་བའི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། ངས་དེ་བས་སྤྲོ་སེམས་ཆེན་པོས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་དངོས་འཛིན་དངོས་སྒྲུབ་བྱས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་རྒྱུ་ཡིན”ཞེས་བཤད།

“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་།བསམ་ཕྱོགས་གསལ་བ།བདེན་འཚོལ་དངོས་སྒྲུབ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ལ།མཚོ་སྔོན་ལ་འཕེལ་རྒྱས་དོན་གཉེར་དང་མཚོ་སྔོན་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྙན་ཞུ་ཡག་པོ་ཞིག་ཀྱང་རེད”ཅེས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཡའོ་ཞའོ་ཡན་གྱིས་སྙན་སྒྲོན་ནང་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱའི་ཐོག་ནས་སྣོད་བཅུད་ཁོར་ཡུག་ལ་ཚད་མཐོའི་སྲུང་སྐྱོང་བྱེད་པའི་ཁྱད་ཆོས་མངོན་ཡོད་པ་སྟེ། རྩོམ་ཡིག་ཧྲིལ་པོར་རྣམ་པ་གསར་པ་དང་། སྒུལ་ནུས་གསར་པ། གསོན་ཤུགས་གསར་པ། ཤུགས་སྣོན་གསར་པ། འཕེལ་རྒྱས་གསར་པ་བཅས་མཚོན་པ་དང་། རྩོམ་ཡིག་ཧྲིལ་པོར་གྲངས་གཞི་དང་དོན་དངོས་ལ་བརྟེན་ནས་སྐད་ཆ་ཤོད་པ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་། གནད་དོན་ལ་དབྱེ་ཞིབ། ལས་དོན་ལ་ཇུས་འགོད་བཅས་བྱེད་ཀྱི་ཡོད་པ་རེད།

ཡའོ་ཞའོ་ཡན་གྱིས་སླད་ཕྱིན་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་མཁོ་འདོན་འགན་ལེན་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་དང་སྣོད་བཅུད་ཤེས་དཔལ་མཐོ་ས་འཛུགས་སྐྲུན་གྱི“རུ་དམག”བྱེད་ཕོད་པ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་པ་དང་།འཛམ་གླིང་ཐོག་གི་འོད་ཤུགས་ཐོན་ལས་རྩེ་གྲ་ལག་ལེན་བསྟར་མཁན།ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་སྒྲུབ་མཁན་དཔེ་སྟོན་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱི་འགོ་འཛིན་ཧྥུའུ་ཆང་གིས་གྲོ་ཚང་ཆུས་ཀྱིས་འཕེལ་རྒྱས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འདུ་ཤེས་འཛུགས་པ་དང་།འཐབ་ཇུས་སྐར་ཁུང་དམ་འཛིན་བྱེད་པ།གྲོང་ཁྱེར་གྱི་གཏན་ཚིགས་ལེགས་སུ་གཏོང་བ།ལྟེ་བའི་ཁུལ་གྱི་འགན་འཁྲི་འཁུར་བ། “ནུས་པ་གསབ་རེས”དང་། “ཐོན་ལས་བཀོད་སྒྲིག”“སྣོད་བཅུད་མཉམ་བཅོས”“རྒྱུ་རྐྱེན་གཙོ་བོ་འཁོར་སྐྱོད”“གྲུབ་འབྲས་མཉམ་སྤྱོད”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་ཝང་ཁུན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང“གསར་པ་”གཙོ་བོར་བཟུང་ནས་གྲུབ་འབྲས་ཕྱོགས་སྡོམ་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པ་དང་།དུས་བབ་དབྱེ་ཞིབ་སྔོན་དཔག་གཏིང་ཟབ་པ།དམིགས་ཚད་བཀོད་སྒྲིག་བརྟན་པོ་དང་ལག་བསྟར་ཐུབ་པ།ལས་འགན་བཀོད་སྒྲིག་གཙོ་གནད་མངོན་གསལ་དོད་པ་བཅས་ཡིན་པ་དང་།ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་།ནང་དོན་ཁྱབ་རྒྱ་ཆེ་བ།ཞིང་ཆེན་གྱི་གནས་ཚུལ་ཁོང་དུ་ཆུད་པ་བཅས་བྱས་ཏེ་འགན་སྒྲུབ་གྲུབ་འབྲས་གཡུར་དུ་ཟ་བ་དང་།དམངས་འཚོར་གྲུབ་འབྲས་ཐོབ་པ།འབྱུང་འགྱུར་གྱི་ཡིད་ཆེས་ཆེན་པོ་ལྡན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་དངོས་སྒྲུབ་མཁན་གྱིས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་ལ་དམིགས་ནས་ཐབས་འདོན་སྲིད་སྐྱོང་རོགས་བྱས་པ་དང་།གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་པ་རེད།

“ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་ཤར་གྲོང་ཁྱེར་དང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཤའོ་ཁང་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཅིང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཡི་གེ་དེ་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་།“སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ནང་ཞུགས་མཁན་དང་ལག་ལེན་བསྟར་མཁན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འགན་འཁྲི་སྒྲུབ་པའི་ཤུགས་རྒྱག་ས་དང་གཞི་ཚུགས་ས་འཚོལ་ཞིབ་ཡག་པོ་བྱས་ནས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ལ་མུ་མཐུད་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ། དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ་བཅས་བྱས་ནས་རྒན་རྒོན་རྒྱུན་ཆད་མེད་པར་མང་དུ་འགྲོ་བའི་རྣམ་པ་དང་། རིམ་པ་མང་པོ། སྤུས་ཚད་མཐོ་བ་བཅས་ཀྱི་ཞབས་ཞུའི་དགོས་མཁོ་ཏན་ཏིག་སྐོང་དགོས་པ”ཞེས་གསུངས་པ་རེད།

“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་མགྱོགས་སུ་བཏང་ནས‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’གི་ལྟ་སྲུང་བ་བློ་བརྟན་འགྱུར་མེད་ངང་བྱེད་དགོས”ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་མཚོ་སྔོན་གྱིས་སེམས་འགུལ་ཐེབས་པའི་ངང“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་འདུ་ཤེས་གང་ལེགས་མཚོན་པ་དེ་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་ལ་མི་སེམས་འགུལ་བའི་སྙན་ཞུ་ཡག་པོ་ཞིག་རེད། སླད་ཕྱིན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བས་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པར་དམིགས་ནས་མཚོ་སྔོན་གྱི་འགན་འཁྲི་ཤེས་རྟོགས་ཐུབ་པ་བྱེད་དགོས།

འཐུས་མི་དང་ཨུ་ཡོན་ཚོས་འགོ་འཛུགས་ས་གསར་པའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་།འབད་འབུངས་ཡར་བརྩོན།སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་སྲིད་གཞུང་གི་བྱ་བའི་སྙན་ཞུའི“འཆར་འགོད་རི་མོ”དེ“དངོས་ལྗོངས་རི་མོ”ཞིག་ཏུ་བསྒྱུར་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཞིག་ཧུར་ཐག་རྩོམ་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།