རྩྭ་ཐང་གི“e+”མིའི5Gའཚོ་བ་གསར་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་བཅིངས་འགྲོལ་ལམ་བུའི་བོད་ཟས་ཁང་དུ་ཚོང་བདག་དོན་གྲུབ་རྡོ་རྗེས་ཐབ་ཚང་ནང་ཁ་ལག་གཏོང་བཞིན་ཡོད་པ་དང་། ཕྱོགས་གཅིག་ནས་ངོས་ལེབ་གློག་ཀླད་བརྒྱུད་ཁྱིམ་གྱི་ཕྲུ་གུ་དང་རྒན་རྒོན་གྱི་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་ཡོད།བོད་ཟས་ཁང་དང་ཁྱིམ་གྱི་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པས་དོན་གྲུབ་རྡོ་རྗེ་ཞོགས་པའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་11བར་ལས་ལ་བྲེལ་དགོས་ཀྱི་ཡོད་ཀྱང་ཕྲུ་གུ་དང་རྒན་རྒོན་གཉིས་ལ་ལས་ཀ་བྱེད་པར་བསྐྱོད་ན་འགྲིག་གི་འདུག་སྙམ་གྱི་འདུག

2023ལོའི་ཟླ་3པར་དོན་གྲུབ་རྡོ་རྗེས་ཁྱིམ་གྱི་5Gདྲ་རྒྱ་ཤར་གཏོང་བྱས་པ་དང་།མགྲོན་ཁང་དང་རྒན་རྒོན་གྱི་ཉལ་ཁང་དུ་སྐུད་མེད་བརྙན་གཟུགས་ལྟ་སྐུལ་ཚོད་འཛིན་སྒྲིག་སྦྱོར་བྱས་པ་དང་།ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་ཀྱི་མཐའ་སྣེ་བརྒྱུད་ཀྲའོ་སྟོང་ཕྲག་གཉིས་འབྲེལ་མཐུད་ཐུབ་པས།དུས་དང་རྣམ་པ་ཀུན་ཏུ་ཁྱིམ་གྱི་གནས་ཚུལ་གསལ་པོ་མཐོང་ཐུབ་པ་དང་།དེ་སྔ་ང་དང་བཟའ་ཟླས་ཁྱིམ་དུ་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས།རྒྱང་ཁྲིད་སྨན་བཅོས་དང་ཧྲང་ཧའེ་ཡི་རིགས་གཅིག་མཁས་ཅན་གྱི་བརྙན་ལམ་ལྷན་འཛོམས་ནད་དཔྱད་བྱས་པ་བརྒྱུད་སྨན་བཅོས་ཇུས་གཞི་བཟོས་པ་རེད།

ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང“མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས”“དམངས་ཚིས་ཁྱབ་ཁོངས་ཀྱི‘འགག་རྩའི་དོན་ཆུང་’དེ་མི་སེར་གྱི་སེམས་ནང་གི‘དྲོ་སྐྱིད་ལྡན་པའི་དོན་ཆེན་’ཞིག་ཏུ་རྒྱུན་ཆད་མེད་པར་བསྒྲུབས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དེ་བས་ཆེ་བ་དང་།བདེ་སྐྱིད་ཚོར་སེམས་དེ་བས་རྒྱུན་མཐུད་ཐུབ་པ།བདེ་འཇགས་ཚོར་སེམས་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས”ཞེས་བསྟན་ཡོད།

རྨ་ཆེན་རྫོང་འཕེལ་རྒྱས་དང་སྒྱུར་བཅོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཧྥུའུ་ཉན་གྱིས“ལོ་ལྔ་དྲུག་གོང་ང་ཚོའི་ལས་ཀའི་གཙོ་གནད་ནི་འབྲོག་པའི་སྡོད་ཁང་དང་ཆུ་གློག་དྲོད་སོགས་ཀྱི་དགོས་མཁོ་འགན་ལེན་བྱ་རྒྱུ་དེ་རེད།ད་ཆ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇི་ལྟར་མཐོ་རུ་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས”ཞེས་མྱོང་ཚོར་ཟབ་མོ་བྱུང་།

ཀྲའོ་ཧྥུའུ་ཉན་གྱིས“ད་ཆ་འབྲོག་པ་མང་ཚོགས་ས་མཐོར་ཡོད་ཀྱང་འཐབ་ས་དང་པོའི་གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད།འཚོ་བའི་སྤུས་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཏོན་པའི་དམིགས་ཚད་ལ་དམིགས་ནས་རྨ་ཆེན་རྫོང་གིས‘e++’ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་ལྡན་འབྲོག་ར་བཏོད་དེ་འབྲོག་པར་དེའི་ཁྲོད་ནས་ཕན་འབྲས་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་ཡིན”ཞེས་བཤད།

མགོ་ལོག་སྒུལ་བདེ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཀྲན་ཀྲའོ་ཡིས་གསར་འགོད་པར་དྲ་རྒྱའི་ལག་རྩལ་དེ་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི“འགག་རྩའི་དོན་ཆུང་”ཞིག་ཏུ་གྱུར་ཡོད།ས་གནས་དེ་གའི་ཚགས་ཤ་དང་དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཕྱིར་ཚོང་གི་བསྡུར་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། ཁེ་ལས་ཀྱིས་ཕྱིར་ཚོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད། བརྙན་ལམ་ཐད་གཏོང་དང་། ས་མཐོའི་5G+རིག་ལྡན་སྨན་བཅོས་ཚོད་ལྟ་ཁང་། སློབ་གྲྭའི་རྒྱང་ཁྲིད་སློབ་ཁྲིད། དྲ་རྒྱའི་ལག་རྩལ་གྱིས་དུས་བདེའི་གྲོང་ཁྱེར་གྱི་ཆ་འཕྲིན་ལས་སྟེགས་བཅས་ལ་བརྟེན་ནས། དྲ་རྒྱ་དེ་འབྲོག་པའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་མགོ་ལོག་སྒུལ་བདེས་ས་གནས་དེ་གའི་འཕེལ་རྒྱས་དང་། སྤུས་ལེགས་ཞབས་ཞུར་དམིགས་ཏེ་5Gཡི་ཉེར་སྤྱོད་རིན་ཐང་སྔར་བས་ཆེ་རུ་བཏང་ནས་5Gཡི་ནུས་རྒྱུ་སྤྲད་པའི་ཐོན་ལས་དང་འབྲོག་པ་མང་ཚོགས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུས་ཏེ་གྲངས་གཞི་ཅན་དང་རིག་ནུས་ཅན་ལ་བརྟེན་ནས་མགོ་ལོག་འདི་ཉིད་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བླང་བྱ་ལྟར་དམངས་འཚོའི“འགག་རྩའི་ལས་དོན”དེ་མི་སེར་གྱི་སེམས་ནང་གི“དྲོ་སྐྱིད་ལྡན་པའི་དོན་ཆེན”ཞིག་ཏུ་འགྱུར་བ་བྱེད་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།