སྤུས་ལེགས“མཁའ་ལམ་གྱི་རྟགས་མཚན”གཏན་འཁེལ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་བཀོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཐཱན་གཉིས་ལ་སྐུལ་འདེད། གསར་གཏོད་ཀྱི་འབྲེལ་ཐག་ལ་སྔར་ལས་སྐུལ་འདེད་གཏོང་། ཟླ་1ཚེས་24ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དུས་ལྟར་འཚོགས་པ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་གསལ་བོར་བསྟན་དོན།

ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གང་དུ་ཡོད་ན། སྲིད་གཞུང་གི་ལས་དོན་དེ་རུ་གཅིག་སྡུད་བྱེད། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་གང་ཞིག་ལ་རེ་སྒུག་བྱེད་ཚེ། སྲིད་གཞུང་གི་ལས་དོན་དེར་དམིགས་པ་རེད།

སྔ་རྗེས་རྒྱུན་མཐུད་དང་སྔ་འཛིན་ཕྱི་གཏོད་བྱེད་པ།2023ལོའི་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕྱིར་ལྟ་བྱེད་སྐབས།སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་བློ་ཡིད་ཚིམ་པོ་བྱུང་བ་དང་།མིག་མདངས་འཚེར་བའི་གྲུབ་འབྲས་དེ“སྤུས་ཚད་མཐོ་པོའི”རྣམ་འགྱུར་དང་ཁ་འབྲལ་ཐབས་མེད།

ན་ནིང་ལོ་གཅིག་རིང་མཚོ་སྔོན་གྱི་དཔལ་འབྱོར་གྱི་མཉེན་གཤིས་ཆེ་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དཀའ་ངལ་ཁྱད་བསད་ཀྱིས་དཔལ་འབྱོར་འཕེལ་རྒྱས་སྤྱིའི་ཆ་ནས་བསྐྱར་འཕར་བྱུང་བ་དང་།བརྟན་ལྷིང་རང་བཞིན་དང་།མཐུན་སྦྱོར་རང་བཞིན།རྒྱུན་མཐུད་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

འདས་ཟིན་པའི་ལོ་རྒྱུས་ལ་ཕྱོགས་སྡོམ་དང་རྒྱང་སྐྱོད་ཀྱི་ལམ་བུ་མུ་མཐུད་བསྐྱོད་དེ་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མུ་མཐུད་འཆར་འགོད་གསར་པ་བྱས་ཡོད།

——ས་མཐོའི“ལྗང་གློག”གིས་ཁྱིམ་ཚང་ཁྲི་སྟོང་གི་འོད་སྣང་སྦྱིན་པ།

2023ལོའི་དགུན་འགོར་རླངས་འཁོར་དང་མཉམ་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གྱི་རི་ནག་ཉག་ཁར་བསྐྱོད་པ་དང་།གནམ་དང་ཐག་ཉེ་ཤོས་ཀྱི་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་འདས་ལས་གྲྭ་སྟེ་མར་ཐང་ཆུ་ཤུགས་གློག་ཁང་དེ་མིག་མདུན་དུ་ཐོན་པ་དང་མཐོ་སར་འཛེགས་ནས་རྒྱང་ལྟ་བྱེད་སྐབས་འཕྲུལ་ཆས་ཆེ་གྲས་རེ་རེ་བཞིན་ནུས་ཤུགས་ཡོད་རྒུས་འཁོར་སྐྱོད་བྱེད་བཞིན་ཡོད་པ་མཐོང་ཐུབ།

མར་ཐང་ཆུ་ཤུགས་གློག་ཁང་ནི་རྨ་ཆུའི་སྟོད་རྒྱུད་དུ་ས་བབ་མཐོ་ཤོས་དང་གློག་འདོན་འཕྲུལ་འཁོར་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་ཡིན་པས་ཨར་སྐྲུན་གྱི་དཀའ་ཚད་ནི་སྨོས་མི་དགོས་པ་ཞིག་རེད།འོན་ཀྱང་རིམ་འདས་ལས་གྲྭ་དེའི་ཆེད་དུ་མཚོ་སྔོན་གྱི་ལྗང་མདོག་ཕུགས་འདུན་འགྲུབ་ཆེད་ལས་གྲྭའི་མི་སྣས་གཟུགས་པོའི་མཐོ་ཚད་ཁྱད་བསད་བྱས་ཚེ་འགྲུབ་མི་སྲིད།

2023ལོའི་ཟླ་11ཚེས་14ཉིན་མར་འགོག་ཆུ་ཤུགས་གློག་ཁང་དུ་ཆུ་གསོག་ནས་གློག་གཏོང་འགོ་ཚུགས་རྗེས་གློག་ཁང་གིས་ལོ་མང་རིང་ཆ་སྙོམས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་73.04ཟིན་ནས་ལོ་རེར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་ཁྲི་182.5ཟིན་པའི་ཁྱིམ་ཚང་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་།ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་220གྲོན་ཆུང་ཐུབ་པ།དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་816ཉུང་དུ་གཏོང་ཐུབ་པ།དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་ཏུན་ཁྲི་3.04ཉུང་དུ་གཏོང་ཐུབ་པ་བཅས་རེད།

ལྗང་མདོག་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་དགོངས་གཞི་ཞིག་ཡིན་པ་དང་།མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་པ་མ་ཟད།སྔོ་ལྗང་གི་རྣམ་པ་དེ་ཀྲུང་གོའི་ས་གཞི་ཆེ་མོར་མངོན་པར་བྱས་ཡོད།

སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་2023ལོར་ཞིང་ཆེན་ཡོངས་ཀྱིས་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་980མང་དུ་བཏང་བ་དང་།སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་5100ལས་བརྒལ་བ།ནུས་རྒྱུ་གཙང་མའི་ཐོན་ལས་ནི་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ།མཚོ་སྔོན་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལེགས་སྐྱེས་ཤིག་ཡིན།

དེའི་ཐད་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝུན་གྱིས་འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་ཚད་ལ་དམིགས་ནས་ང་ཚོས་ནུས་རྒྱུ་གཙང་མའི་ཐོན་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་ལ་རོགས་རམ་བྱེད་པའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་གྲུབ་འབྲས་གསར་པ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲང་ཝུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་མདུན་དུ་ང་ཚོས་གསར་གཏོད་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་།གསར་གཏོད་ཀྱི་བློ་སྟོབས་སྐྱེད་སྲིང་།གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནུས་མང་གསབ་རེས་དང་།གཤེར་རྣམ་མཁའ་རླུང་ནུས་གསོག་སོགས་ལག་རྩལ་གསར་པར་ཞིབ་འཇུག་གཏིང་ཟབ་དང་ལག་ལེན་བེད་སྤྱོད་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱ་སྐྱེད་དང་།ཕྱེ་ལེབ་རིམ་སྤོར།གས་འགྱུར་འཕེལ་རྒྱས་བཅས་ལ་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ནུས་རྒྱུ་གཙང་མའི་ཁེ་ལས་ཕུད་མཚོ་སྔོན་དུ་ཐོན་ལས་འཕེལ་རྒྱས་ཀྱང་སྔོ་ཞིང་དྭངས་བ་ཞིག་ཡིན་པ་དང་ནུས་རྒྱུ་འཕེལ་རྒྱས་ལྗང་མདོག་ཅན་དུ་འགྱུར་བ་དེ་མཚོ་སྔོན་གྱི་ཐོན་ལས་ཁག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་གྱུར་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཝང་ཁྲའོ་ཡིས་2023ལོར་མཚོ་སྔོན་ཞིང་ཆེན་མ་འཇོག་ཚོགས་པས་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བཏོད་དེ“སྤུས་ཚད་མཐོ་པོ”མངོན་པར་བྱས་ཡོད།ཁེ་ལས་ཀྱིས་ནུས་རྒྱུ་གཙང་མ་གསར་སྤེལ་དང་།གློག་ཤུགས་མ་ལག་གསར་པ་འཛུགས་པ།ནུས་རྒྱུ་གཙང་མའི་ཚབ་བྱེད།ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད།

རབ་མཛེས་མཚོ་སྔོན།

——ཁྱེད་ཉིད་མཐོ་སྒང་དུ་ཕེབས་ནས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མྱོང་རོལ་བྱེད་རོགས།

2023ལོའི་ཟླ་7ཚེས་10ཉིན་ཤར་ཕྱོགས་ཚབ་འདེམས་ཐད་གཏོང་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོས་ཤར་ཕྱོགས་ཀྱི་ཚབ་འདེམས་བྱས་པའི་པར་རིས་དང་མཉམ་དུ་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་ཁེ་ལུའུ་ཁེ་མཚེའུ་དང་།མར་གད་མཚེའུ།ཚྭ་ཁ་ཚྭ་མཚེའུ་སོགས་མཚོ་སྔོན་གྱི་ཁྱད་ལྡན་མཛེས་ལྗོངས་ཁུལ་མཐོང་ཐུབ་པ་བྱུང་ཡོད།

“མར་གད་མཚེའུ་དྭངས་ཤིང་གཙང་ལ་ཆུ་ངོས་བརྒྱུད་དེ་མཚེའུ་ཞབས་ཀྱི་ཚྭ་རིམ་ཉི་འོད་འོག་ཚོན་མདོག་སྣ་ལྔའི་འོད་ཟེར་འཕྲོ་བ་གསལ་པོ་མཐོང་ཐུབ།”

“མཚོ་སྔོན་དུ་ཐེངས་མང་བསྐྱོད་མྱོང་ཡོད།སྣོད་བཅུད་ཀྱི་མཛེས་ལྗོངས་དེ་བརྙན་ཤེལ་མདུན་དང་བསྡུར་ན་མཛེས་སྡུག་ལྡན་པ་ཞིག་རེད”།

“ཀྲུང་གོའི་ས་གཞི་ཆེ་མོར་མཛེས་སྡུག་ལྡན་པའི་མཚོ་སྔོན་མང་པོ་ཡོད་པས་ཤར་ཕྱོགས་ཚབ་འདེམས་ཚོགས་པས་ང་ལ་རྩྭ་འདེབས་པའི་མཚོ་སྔོན་གྱི་སྣོད་བཅུད་ཡུལ་སྐོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”།

2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཐོན་ལས་ཀྱི་“ས་ཁུལ་བཞི”གཏོད་དགོས་ཞེས་བཏོན་གནང་བ་དེའི་ནང“རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་གཏོད་པའི”བླང་བྱ་གལ་ཆེན་ཡོད་པ་རེད།

མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་ལ་ཞིབ་ལྟ་བྱས་ཚེ།མཚོ་སྔོན་ནི“སའི་གོ་ལའི་སྣེ་གསུམ་པའི”གནས་ཤིང་།རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་མ་ཟད།སའི་གོ་ལའི་བྱང་ཕྱེད་མའི་གནམ་གཤིས་ཚོར་སྐྱེན་གྱི་འགོ་ཚུགས་ཁུལ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་མ་ལག་སྙོམས་སྒྲིག་གི་བརྟན་ཆས་ཡོ་ཆས་དང་མཐོ་གྲང་སྐྱེ་དངོས་ཀྱི་རང་བྱུང་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་ཅིག་ཀྱང་ཡིན་པས་སྣོད་བཅུད་གནས་བབ་དམིགས་བསལ་དང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་དུས་མཚུངས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་མཛེས་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རི་རྒྱུད་དང་ཆུ་འགོ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད།

འོན་ཀྱང་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ནི་ས་མཐོའི་དབུས་སུ་གནས་པ་དང་མིའི་རིགས་ཀྱི་འུར་སྒྲ་དང་རང་བྱུང་གི་རྣམ་པ་དང་བྲལ་ནས་མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་མང་ཆེ་བར་ཐག་རིང་སྒེར་འཁོར་བཏང་ནས་ལམ་བར་དུ་རྩྭ་ཐང་དང་།མྱ་ངམ་ཐང་།མི་མེད་ཁུལ་བཅས་ཡོད་པས་ཡུལ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་དང་།ཡུལ་སྐོར་བའི་མི་ལུས་བདེ་འཇགས་འགན་ལེན་བྱེད་པ།ས་ཁོངས་རྒྱ་ཆེ་བའི་མཚོ་སྔོན་དུ་གྲངས་འཛིན་ཅན་དེ་མཛེས་ལྗོངས་ཁུལ་ཁག་གི་སྤུས་ཚད་མཐོ་བའི་འཁོར་སྐྱོད་བྱེད་ཐབས་ཡག་ཤོས་སུ་གྱུར་ཡོད།

དེའི་ཐད་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།ཀྲུང་གོ་སྒུལ་བདེ་མཚོ་སྔོན་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི།ཏུང་ཧྲི་ཀྲང་།སྤྱི་ཁྱབ་ཅིང་ལི་ཧུའུ་པོ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་གཏོད་པའི”བླང་བྱ་གལ་ཆེན་དང་ལེན་ཧུར་ཐག་བྱ་ཆེད།མཚོ་སྔོན་སྒུལ་བདེ་ཡིས་5Gདང་གྲངས་གཞི་ཆེན་པོ་སོགས་རང་ངོས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་རིག་ནུས་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧུའུ་པོ་ཡིས་དེའི་ནང་ང་ཚོས་རིག་ལྡན་མཚོ་སྔོན་པོའི་ཡུལ་སྐོར་གཉེར་སྐྱོང་དོ་དམ་ལས་སྟེགས་བཏོད་དེ“པར་རིས་གཅིག་གིས་མཐོང་བ་ཙམ་གྱིས་ཚོད་འཛིན་ཐུབ་པ”མངོན་འགྱུར་བྱུང་ཡོད།གྲངས་གཞི་ཆེན་པོར་དབྱེ་ཞིབ་བྱས་པ་བརྒྱུད་མཚོ་སྔོན་པོའི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་།ཐབས་ཇུས།གཉེར་སྐྱོང་བཅས་ལ་གཞི་འཛིན་ས་ནུས་ལྡན་མཁོ་འདོན་བྱས་ཡོད།རྣམ་གྲངས་དེ་རིག་གནས་དང་ཡུལ་སྐོར་པུའུ་དང་།བཟོ་ལས།ཆ་འཕྲིན་ཅན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པའི་ཁག་དང་པོའི“5G+རིག་ལྡན་ཡུལ་སྐོར”གྱི་བཀོལ་སྤྱོད་ཚོད་ལྟའི་རྣམ་གྲངས་30ཡིས་ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་ལ་ཉམས་མྱོང་ཕུན་སུམ་ཚོགས་ཞིག་སྤྲད།

ཧུའུ་པོ་ཡིས་ད་དུང་མཚོ་སྔོན་སྒུལ་བདེས་5G+ཟོག་འབྲེལ་དྲ་སྦྲེལ་+སྤྲིན་རྩིས་+གྲངས་གཞི་ཆེན་པོ་+AIསོགས་ལག་རྩལ་གྱི་རྨང་གཞི་མུ་མཐུད་འཚོལ་ཞིབ་དང་ས་ཁོངས་ཧྲིལ་པོའི་སྣོད་བཅུད་ཡུལ་སྐོར་གཏོད་པའི་འདུ་ཤེས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མཚོ་སྔོན་གྱི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རམ་འདེགས་དང་།མཚོ་སྔོན་གྱི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་སྤུས་རྟགས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་དང་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད།སྣོད་བཅུད་ཡུལ་སྐོར་གྱི་ཞིང་ཆེན་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་རམ་འདེགས་བཅས་བྱས་ནས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་གཏོད་རྒྱུ་རེད་ཅེས་བཤད་པ་རེད།

སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ་ནི་མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་བྱེད་པའི་“གསེར་གྱི་མིང་བྱང”ཡིན་པ་དང་།དུས་མཚུངས་སུ་མཚོ་སྔོན་གྱིས་“སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་”དང་“ཞིང་ཆེན་སྟོབས་ལྡན་དམངས་ཕྱུག་”བཅས་བྱས་ཏེ།ཀྲུང་གོའི་རྣམ་པ་ཅན་གྱི་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།

སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་།2024ལོར་ངེད་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས“སྙིང་གཅིག་དང་།སྐོར་གཅིག”བཅས་ཀྱི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བཏོད་དེ་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པ་དང་།ཚྭ་ཁ་དང་།གསེར་དངུལ་ཐང་།རྡུལ་ཕྲན་གྲོང་བཅས་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པར་སྐུལ་འདེད་གཏོང་བ།རྒྱལ་སྤྱི་ཅན་གྱི་ཚད་ལྡན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་གྲྭ་དང་ཡུལ་སྐོར་སྐོར་ལམ་ཆེ་མོའི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལས་གྲྭ་ལག་བསྟར་བྱེད་པ།སྣོད་བཅུད་ལྟ་སྐོར་དང་།ས་མཐོའི་ལུས་གསོ།གངས་འཁྱག་ཡུལ་སྐོར་བཅས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ།

ལྗང་མདོག་སྐྱེ་ལྡན་འཕྲུལ་ཆས།

2023ལོའི་ཟླ་6པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ཙུང་ཅ་གྲོང་རྡལ་ནོ་མའོ་ཧུང་གྲོང་ཚོར་བསྐྱོད་པ་དང་།ཞིང་ཁ་དང་མུ་ཁ།སྐམ་ར་སོགས་ཀྱི་ཐོག་ནས་མེ་ཏོག་དམར་པོ་ཞིག་ཡིན་པ་དང་།འཕང་འབྲས་ཀྱི་རྒྱ་མཚོའི་ནང་དུ་ཟུག་པ་དང་འདྲ་བར་དབུགས་ཐེངས་གཅིག་གིས་འཕང་འབྲས་ཀྱི་བྲོ་བ་ཞིམ་པོ་ཞིག་ཡོད་པ་དང་།མཚོ་སྔོན་གྱི་ཞིང་ལས་ཀྱི་མཛེས་སྡུག་དེས་མི་རྣམས་ལ་ཚོར་དབང་ཆེན་པོ་ཐེབས་ཡོད།

དུས་མཚུངས་སུ་སྤྱི་ལེ་100ལྷག་ཙམ་གྱི་ཕྱི་རོལ་དུ་ཡོད་པའི་གོར་མོའི་འདྲེ་ཚེར་མ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་སྣོན་ཐོན་སྐྱེད་འཁོར་ཁང་དུ་ཞོགས་པ་གཞི་ནས་ནུའོ་མུའུ་ཧུང་འཕང་འབྲས་ཀྱི་ཡལ་ག་ནས་བཏུས་པའི་འདྲེ་ཚེར་མ་དམར་པོ་འདེམས་སྒྲུག་དང་ལས་སྣོན་བྱས་ཏེ་འགྱིག་ཤོག་སྔོན་པོའི་ནང་བླུགས་ནས་མཐའ་མའི་ལས་སྣོན་ཐུམ་སྒྲིལ་སྒུག་བཞིན་ཡོད་པ་དང་དེ་རྗེས་ཐེན་ཅིན་གྲུ་ཁར་དབོར་ནས་སླར་ཡང་རྒྱ་མཚོ་བརྒལ་ཏེ་ལེ་དབར་ཁྲི་ཕྲག་གི་ཕྱི་རོལ་གྱི་མངགས་ཐོ་སྟེ་ཧྥ་རན་སེར་འབྱོར་རྒྱུ་རེད།

ཁེ་ལས་ཀྱི་འགན་འཁུར་བས་གསར་འགོད་པར་འཕང་འབྲས་ཀྱི་སྤུས་ཀ་ལེགས་མིན་དེ་ཁ་དོག་གི་རྣམ་པ་དང་ཁ་ཚོར་ལ་བལྟ་བ་ཙམ་མིན་པར་འདེབས་འཛུགས་དང་ལས་སྣོན་དོ་དམ་གྱི་ཚད་གཞི་དང་།ཞིང་སྨན་ལྷག་ལུས།མངར་ཆ་མང་པོ་འདུས་ཚད་སོགས་དམིགས་ཚད་མང་པོར་བལྟ་དགོས།མཚོ་སྔོན་ནོར་མུའུ་ཧུང་གི་འདྲེ་ཚེར་མ་དེ་འཕང་འབྲས་ཀྱི་ལས་རིགས་སུ་ཐོན་རྫས་རྩེ་གྲ་ཞིག་རེད་ཅེས་བཤད།

ཨ་རག་དང་དྲི་ཞིམ་སྲང་ལམ་གཏིང་ཟབ་པར་མི་སྐྲག་པར་ཐོན་རྫས་བཟང་པོ་ཁྲོམ་རའི་ཁས་ལེན་ཐོབ་རྒྱུ་རེད།མཚོ་སྔོན་གྱི་འཕང་འབྲས་ཀྱི་ཁེ་ལས་མང་པོའི་གྲས་ཤིག་ཡིན་པའི་གོར་མོའི་ནགས་ཚལ་འདྲེ་ཚེར་མར་སྤྱི་ཆིང་666ཡོད་པའི་ཚད་གཞི་མཐོ་བའི་སྐྱེ་ལྡན་འཕང་འབྲས་ཀྱི་འདེབས་འཛུགས་རྟེན་གཞི་ཡོད་པ་དང་།ལོ་རེར་སྐྱེ་ལྡན་འཕང་འབྲས་ཀྱི་འབྲས་བུ་སོས་པ་ཏུན་2000ལྷག་ཙམ་ཐོན་པ།ཐོན་རྫས་80%ཧྥ་རན་སེ་དང་།འཇར་མན།པེར་ཀྲེམ་སོགས་ཡོ་རོབ་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན།2023ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་རིགས་81ཡོད་པས26.6%,འཕར་ཡོད།དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.4ཟིན་ནས34%འཕར་ཡོད།གཙོ་བོ་དབྱར་རྩྭ་དགུན་འབུ་དང་།ཙོང་ཉ།འདྲེ་ཚེར་མ།ཀན་རྩྭའི་ཁུ་བ།ཁན་དྲ་བཅས་གཙོ་བོ་ཡིན་པ་དང་།ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱིས་ཞིང་ལས་ཐོན་རྫས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་83.4%ཟིན་ཡོད།

དེའི་ཐད་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཟི་ལིང་འགག་སྒོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོན་ཀྲང་དབྱི་ཝུའེ་ཧྥུང་གིས་ཟི་ལིང་འགག་སྒོས་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ“ས་མཐོའི”གཏོད་པ་དང་།“ས་ཁུལ་བཞི”བསྐྲུན་པ།“མཚོ་སྔོན་གྱི་ཚོང་ཟོག་ཕྱིར་སྐྱོད”ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ།“བགྲོད་ལམ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།སྒོ་དབྱེའི་ལས་སྟེགས”བཅས་ཀྱི་སྲིད་ཇུས་མཉམ་སྒྲིག་ཡག་པོ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཆེད་འགག་སྒོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ཀྱི་རྨང་གཞིར་མུ་མཐུད་ཤུགས་སྣོན་ཐེབས་ནས“མཚོ་སྔོན་རྟགས་ཅན”གྱི་ཞིང་འབྲོག་ཐོན་རྫས་ཀྱི་ལྗང་མདོག་སྐྱེ་ལྡན་མདོག་སྔར་བས་མངོན་གསལ་དོད་པ་དང་།སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་སྤྱི་ཆིང་ཁྲི་327གསར་འཕར་བྱུང་བ།སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1སྟོང་ལས་བརྒལ་བ།ལྗང་མདོག་བཟའ་བཅའ་དང་།སྐྱེ་ལྡན་ཞིང་ལས་ཐོན་རྫས།ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་1115ཟིན་པ།ནོར་ལུག་ཐོན་ཡུལ་རྫོང་དང་གྲོང་ཁྱེར་39ལ་ཁྱབ་པ་བཅས་ཀྱི་ཐོག་ནས་སྐྱེ་ལྡན་ནོར་ལུག་ཁྲི་376ངེས་ལེན་ཐོབ་པ་རེད། 

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆུ་དམར་ལེབ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐན་ཧྲེང་གིས“ཡུལ་ཤུལ་གྱི་ནོར་ནག”གི་རྒྱུད་བཟང་གསོ་སྤེལ་དང་ནུས་ཆེའི་གསོ་ཚགས་ལ་དམ་པོར་དམིགས་ནས་སྤུས་ཚད་མཐོ་བའི་རྩྭ་ཕྱུགས་དོ་སྙོམས་ཀྱི་རྨང་གཞིའི་ཐོག་གི་ཞིང་འབྲེལ་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཏེ་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་འདེགས་སྐྱོར་དུ་བྱས་ཏེ་རྫོང་ཁོངས་གཏོགས་ཁེ་ལས་ཀྱིས་སྣེ་འདྲེན་དུ་བྱེད་པ་དང་།བཤས་གཏོང་།ལས་སྣོན།ཕྱིར་ཚོང་བཅས་ཀྱི་འབྲེལ་ཐག་ཅིག་ཆགས་པ་བྱས་ནས་རྒྱུད་བཟང་གསོ་ཚགས་ཚད་ལྡན་ཅན་གྱི་ཞིང་འབྲོག་ཐོན་རྫས་སྤུས་རྟགས་ཅན་གྱི་དཔེ་སྟོན་ཐུབ་པ་བྱས་ཏེ་“ཀྲུང་གོའི་རྒྱུད་བཟང་ནོར་ནག་གི་ས་ཆ”སྔར་ལས་ཇེ་རྒྱས་སུ་བཏང་།

སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཤད་པ་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཅིག་ཏུ་བརྩི་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས།འབྱུང་འགྱུར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོན་ལས“ས་ཁུལ་བཞི”སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་།གསར་དར་ཐོན་ལས་ཀྱི་སྐྱེ་སྟོབས་ཆེ་རུ་གཏོང་བ།རྐང་འཛིན་ཐོན་ལས་ཁྱུ་ཚོགས་བཅས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་པ་བྱེད་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།