
ཟླ་1ཚེས་24ཉིན་གྱི་ཆུ་ཚོད་9ཡི་སྟེང་། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་འདུག
ནུས་ཁུངས་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཙོ་བོ་གང་ཡིན་ཞེ་ན། མ་འོངས་པའི་ཐོན་ལས་འགྲན་རྩོད་ཀྱི་དགེ་མཚན་གསར་པ་ཇི་ལྟར་གསར་སྐྲུན་བྱེད་དགོས།མཚོ་སྔོན་གྱི་ཐོན་སྐྱེད་ནུས་ཤུགས་གསར་པ་ཇི་ལྟར་ཆགས་པ་དང་སྐུལ་འདེད་གཏོང་དགོས།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།ཟི་ལིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ།ཟི་ལིང་གི(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ནན་ཧའེ་ཡན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་མཚོན་རྟགས་གཙོ་བོ་ཕྱེ་ནས་གསར་སྤེལ་ཁུལ་གྱི་གཙོ་གནད་ཁེ་ལས་ཀྱི་འགན་འཁུར་བ་དང་འཐབ་ཕྱོགས་དང་པོའི་ལས་བཟོས་སེམས་གཏིང་གི་སྐད་ཆ་ཤོད་རེས་བྱེད་པའི་ལས་སྟེགས་ཤིག་བཏོད་པ་རེད།
ཐོན་ལས་ཀྱི་ནུས་རིམ་མགྱོགས་མྱུར་འཕར་བ།
“ལོ་འདི་དག་རིང་།‘སྤུས་ཚད་མཐོ་བའི་འཕེལ་རྒྱས་’ནི་གླེང་མང་བའི་ཐ་སྙད་ཅིག་ཡིན་ལ་ཐོན་ལས་འཕེལ་རྒྱས་ཀྱི་དོན་རྩའང་ཡིན།འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐོན་ལས་ཀྱི‘ས་ཁུལ་བཞི’སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་།གསར་དར་ཐོན་ལས་ཀྱི་སྐྱེ་སྟོབས་ཆེ་རུ་གཏོང་བ།རྐང་འཛིན་ཐོན་ལས་ཀྱི་འབྲེལ་ཐག་ཁྱུ་གཅིག་ཏུ་སྒྲིལ་བ།སྤུས་ལེགས་ཐོན་སྐྱེད་སྟོབས་ཤུགས་མགྱོགས་མྱུར་གྱིས་གྲུབ་པར་ང་ཚོར་ཁ་ཕྱོགས་གསལ་པོ་ཞིག་བསྟན་པ་རེད།
“ཟི་ལིང་གསར་སྤེལ་ཁུལ་གྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕུལ་བྱུང་ཁེ་ལས་མང་པོ་བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་པ་དང་ཐོན་ལས་སྦྲེལ་ཐག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།ལི་ཧའོ་ཡིས་དུས་ཐུང་ལོ་གསུམ་ནང་ལས་རིགས་ཀྱི་སྐས་རིམ་དང་པོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད”ཅེས་མཚོ་སྔོན་ལི་ཧའོ་གློག་འདྲེན་ཕྱེད་གཟུགས་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏོན་ཡུང་གིས་ཟི་ལིང་གིས་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་རྗེས་ཀྱི་མྱོང་ཚོར་གླེང་བ་རེད།
ཚང་མས་མིག་སྔའི་ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་སྔར་བས་གསལ་པོ་ཡོང་ཆེད།ནན་ཧའེ་ཡན་གྱིས་གྲངས་གཞི་ཁག་གཅིག་བཀོད་པ་དང་འབྲེལ།“‘དུས་བསྟུན་མདུན་སྐྱོད་བྱེད་པ་ནས‘གཅིག་སྡུད་སྟོབས་ཆེ’བར་མིག་སྔར་གསར་སྤེལ་ཁུལ་གྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་ནུས་རིམ་མགྱོགས་མྱུར་འཕར་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།དེའི་རྒྱུ་རྐྱེན་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་མཐའ་འཁྱོངས་བྱས་པས་རེད”ཅེས་བཤད།
མཚོ་སྔོན་ནུའོ་ཏེ་རྒྱུ་ཆ་གསར་པའི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲོའུ་ཆི་ལུན་གྱིས་དེ་དང་བསྟུན་ནས“མིག་སྔར་ཁྲོམ་རར་འགྱུར་ལྡོག་ཆེན་པོ་བྱུང་བས་ཁེ་ལས་འཕེལ་རྒྱས་གཏོང་བར་གོ་སྐབས་དེ་བས་དམ་འཛིན་བྱེད་དགོས་པ་དང་།ཁ་ཕྱོགས་གསལ་བ་དང་བྱ་ཐབས་ཏན་ཏིག་སྤྱད་ཚེ་ཁེ་ལས་འཕེལ་རྒྱས་གཏོང་བར་དམིགས་ཚད་ཡོད་པའི་ཡིད་ཆེས་ཡོད།ང་ཚོས་ལག་རྩལ་གསར་པ་མུ་མཐུད་འཚོལ་ཞིབ་བྱས་ནས་འགྱིག་ཤོག་དང་འགྱིག་ཤོག་བྱུགས་པའི་ཧ་ཡང་སོགས་ཐོན་རྫས་གསར་པ་གསར་སྤེལ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ་རྒྱུ་ཆ་གསར་པའི་ཐོན་ལས་སྦྲེལ་ཐག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ལིས་གློག་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།
ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་མཛོད་བཙུགས་པ་དང་།ཐེན་ཧོ་འོད་ནུས་སོགས་ལས་རིགས་ཀྱི་མགོའི་ཁེ་ལས་ནང་འདྲེན་ལམ་ལྷོང་བྱུང་བ།ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཁེ་ལས་9སྐྱེད་སྲིང་བྱས་པ།འོད་ཤུགས་བཟོ་སྐྲུན་གཞི་ཁྱོན་སྒོར་དུང་ཕྱུར་500ལས་བརྒལ་བ།གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་རྐྱང་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཏུན་ཁྲི་རིམ་པའི་ཐཱན་ཚི་སྣ་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ།ཏུན་སྟོང་རིམ་པའི་ནཱ་སྨི་ཕྲ་མོའི་དམིགས་བསལ་རྣམ་པ་ཆིང་དབྱང་རྨེ་འབར་འགོག་རྫས་དཔེ་སྟོན་རྣམ་གྲངས་ཁྲོད་ཚོད་ལྟ་མངོན་འགྱུར་བྱུང་བ་དང་ལི་ཧའོ་Nརྣམ་པའི་གློག་རྡུལ་རིམ་པའི་སྭེལ་རྫས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད།
དུས་ཚོད་རེ་རེའི་ཐོག་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་བྱུང་ནས་ཟི་ལིང་གི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་འབྲེལ་ཐག་ཆགས་པ་དང་ཤེས་ལྡན་མི་སྣ་འགུག་པའི་མིང་བྱང་ཡག་ཤོས་སུ་གྱུར་ཡོད།
“སྙན་ཞུའི་ནང‘ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་སྦྲེལ་ཐག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད’དམིགས་སུ་བཀར་ནས་བཏོན་ཡོད།དེ་ནི་བརྡ་རྟགས་ཧ་ཅང་ཆེན་པོ་ཞིག་རེད།ངས་སྦྱངས་པའི་ཆེད་ལས་ནི་རྒྱུ་ཆའི་ཚན་རིག་དང་ལས་གྲྭ་ཡིན་པས།ངས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ནས་ཕ་ཡུལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་ཆེད་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”།

ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་གསལ་པོར་ཕྱེ་བ།
“‘དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་དམིགས་ནས་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་འདི་ལོའི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཡིན་པས་ང་ཚོས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་གྱི་ས་མཐོའི་ཐོག་གི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་གླིང་ཁུལ་གྱི་ལས་དོན་ཁག་སྔར་བས་ཏན་ཏིག་སྒྲུབ་དགོས”།
གློག་འབྱེད་འཁོར་ཁང་གི་འཐབ་ས་དང་པོ་ནས་འཚར་ལོངས་བྱུང་བའི་ལི་ཁའེ་ཡིས་ལྗང་མདོག་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།ཁོང་གནས་སའི་ཁེ་ལས་ནི་ཀན་ཧོ་བཟོ་ལས་གླིང་ཁུལ་དུ་ཡོད་པའི་རྨ་ཆུའི་ཞིན་ལས་རིགས་ཚད་ཡོད་ཀུང་སི་ཡིན།
བསྟུད་མར་གྱོང་གུན་ཕོག་པའི“དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས”ནང་ཞུགས་པ་ནས་ཐོན་སྐྱེད་དང་གཉེར་སྐྱོང་ཕྱོགས་གཉིས་མཐོ་རུ་གཏོང་བའི་བར་ཐཱན་གྱི་རྐང་རྗེས་བདེན་དཔང་ར་སྤྲོད་ལེགས་གྲུབ་བྱུང་ནས་ཧ་ཡང་ཐོན་རྫས་ཀྱི་ཚེ་སྲོག་དུས་འཁོར་ཧྲིལ་པོར་ལྗང་མདོག་དོ་དམ་མངོན་འགྱུར་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི“ལྗང་མདོག་མཁོ་སྤྲོད་སྦྲེལ་ཐག་གི་དོ་དམ་ཁེ་ལས”ཁག་དང་པོར་གྱུར་པ་སོགས་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་དེས་འཚོལ་ཞིབ་བྱས་པའི་རང་ངོས་ཀྱི་དོན་དངོས་འཕེལ་རྒྱས་དང་མཐུན་པའི་ལམ་ག་དེ་ཁོས་བཤད་པའི“ལྗང་མདོག་འཕེལ་རྒྱས་ཀྱི་ལམ་མ་རྒྱུན་འཁྱོངས་བྱེད་རྒྱུ.”དེ་རེད།
“ལྗང་མདོག་གི་འདུ་ཤེས་དེ་ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་ཕྱོགས་སྒྱུར་གྱི་གྲུབ་འབྲས་ཐོབ་པའི་ཐབས་ལམ་ཞིག་ཡིན་པས་ལྗང་མདོག་འདུ་ཤེས་ལག་ལེན་བསྟར་མཁན་ཞིག་ཏུ་འགྱུར་ཐུབ་པར་ང་ལ་གཟི་བརྗིད་ཆེན་པོ་བྱུང་།ལག་རྩལ་སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཧ་ཡང་གི་སྤེལ་རེས་གློག་གི་ནུས་རྒྱུ་ཟད་གྲོན་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ་དང་།‘ཧ་ཡང་ལས་རིགས་དང་ནུས་རྒྱུ་གསར་པ’ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད་ཐོན་ལས་འཁོར་འབྲེལ་སྔར་བས་རྒྱ་ཆེར་གྱུར།
“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རྨང་གཞི་བརྟན་པོར་གཏོང་བའི་ཐད་ཚང་མས་འབད་བརྩོན་མང་པོ་བྱས་ཡོད།ད་ཆ་གསར་སྤེལ་ཁུལ་ཁོངས་གཏོགས་ཀྱི་གླིང་ཁུལ་བཞི་ཚང་མ་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་ལས་གླིང་ཁུལ་བསྐྲུན་པ་དང་།ལྗང་མདོག་བཟོ་གྲྭའི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་པ།བཟོ་ལས་ལྗང་མདོག་བཟོ་སྐྲུན་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།‘གྲུབ་འབྲས་ཐོ་ཡིག’དེ་ནི་ལས་སླ་པོ་ཞིག་མིན།ང་ཚོས་དེ་བས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། དཔལ་འབྱོར་འཕར་རྒྱུ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།
སྲོལ་རྒྱུན་གྱི་ཐོན་ལས་ལག་རྩལ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་།ཐོན་ཁུངས་ཕན་ནུས་ཆེ་བའི་བེད་སྤྱོད་དང་འཁོར་རྒྱུག་བསྐྱར་སྤྱོད་དོན་འཁྱོལ་བྱེད་པ།ཁེ་ལས་ཀྱིས་ལྗང་མདོག་གློག་ཁུངས་ཀྱི་བདེན་དཔང་ར་སྤྲོད་བྱེད་པར་སྐུལ་མ་གཏོང་བ་སོགས་ཀན་ཧོ་བཟོ་ལས་གླིང་ཁུལ་ལྗང་མདོག་འཕེལ་རྒྱས་གཏོང་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།གླིང་ཁུལ་དཔལ་འབྱོར་ཚན་རིག་ཅུས་ཀྱི་ལས་དོན་པ་ཁྲེན་ཕུང་གིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལྡན་པ་ཚོར་བྱུང་།
ཁྲེན་ཕུང་གིས“སྔོན་ཆད་གླིང་ཁུལ་ལ་བག་ཆགས་འཇོག་ཚུལ་སྐོར་གླེང་སྐབས་ཚང་མས་སྦགས་བཙོག་ཆེ་བ་དང་ནུས་ཁུངས་ཟད་གྲོན་ཆེ་བ་བསམ་བློ་གཏོང་སྲིད།ད་ཆ་གླིང་ཁུལ་བཅོས་སྐྱོང་ཤུགས་ཆེན་བྱས་པ་བརྒྱུད་གླིང་ཁུལ་གྱི་རླུང་ཁམས་ཆེན་པོའི་ཁོར་ཡུག་ལེགས་ཚད་90%ཡན་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་།ཁེ་ལས་ཀྱི་འཐབ་ས་དང་པོས་ལྗང་མདོག་གི་ལག་ལེན་སྔར་བས་མང་བ་མཐོང་ཐུབ་པ་དེ་ནི་ང་ཚོའི་ངོས་ནས་བརྗོད་ན་སྐུལ་ལྕག་ཅིག་ཡིན། ང་ཚོས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཁྲིད་སྟོན་དུ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས་ནུས་རྒྱུ་ཟད་གྲོན་གྱི་རྒྱུ་རྐྱེན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཁེ་ལས་ནང་ཟབ་འཇུག་བྱེད་པ། རང་འགུལ་ངང་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ནས་ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།

སྒྲིག་ཆས་ཀྱི་གཞི་གྲངས་ལ་ལྟ་ཞིབ་བྱེད་པ།
དངོས་སྒྲུབ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ།
“གསར་གཏོད་ཀྱི་འབྲེལ་ཐག་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་ཤུགས་དེ་བས་ཆེ་བ་གཏོང་རྒྱུ”དང“བྱེད་ཐབས་དེ་བས་ཏན་ཏིག་སྤྱད་དེ་ཕྱོགས་སྒྱུར་དང་སྤུས་ཚད་མགྱོགས་སུ་གཏོང་རྒྱུ”“ཆུ་ཚད་དེ་བས་མཐོ་བའི་གྲངས་གཞིའི་ནུས་པ་ཆེ་རུ་གཏོང་རྒྱུ”སོགས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་པའི་གྲོས་བསྡུར་སྔར་བཞིན་འཁྲུག་པོ་ཡོད་པ་རེད།
“མདུན་ལམ་ལ་རླུང་ཡོད་ལ་ཆར་པ་ཡང་ཡོད།ང་ཚོས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་གནས་བབ་གསར་པའི་འོག་ཕུགས་ལ་གཞི་ཚུགས་པ་དང་ད་ལྟའི་གནས་ཚུལ་ལ་དམིགས་ནས་ཐོན་ལས་ཀྱི་རྨང་གཞིའི་ནུས་པའི་ཞན་ཆ་གང་མགྱོགས་གསབ་པ་དང་གསོག་འབོར་ཕན་སྒྱུར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ཚད་བརྩོན་ལེན་བྱེད་དགོས་”ཞེས་ནན་ཧའེ་ཡན་གྱི་སྐད་ཆ་བརྟན་པོ་ཡོད།
ཟི་ལིང་གསར་སྤེལ་ཁུལ་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་རྒྱུ་ནོར་དོ་དམ་པུའི་པུའུ་ཀྲང་ཡན་པིང་ཀྲུང་གིས། ན་ནིང་ཁྱིམ་གཞིས་གསལ་རྟོགས་བྱེད་པའི་རྨང་གཞིའི་ཐོག་ང་ཚོས་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་གླིང་ཁུལ་མི་འདྲ་བ་དང་ཁེ་ལས་མི་འདྲ་བའི་ཁྱད་ཆོས་དང་ངོ་བོ་གཞིར་བཟུང་།“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་དམིགས་སའི་རང་བཞིན་གྱི་ཐག་གཅོད་རྩ་དོན་སྤྱད་དེ“རླུང་ཙིའི་ནང་བྱ་བརྗེ་”མགྱོགས་སུ་བཏང་ནས་ས་ཞིང་བེད་མེད་དུ་ལུས་པ་དང་རྒྱུ་ནོར་བེད་མེད་དུ་ལུས་པའི་རྒྱུ་ནོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད།
ད་ལྟ་ལས་ཀ་འདིས་ཐོན་སྐྱེད་སྒྲུབ་རིམ་ཐོག་གསོན་ཤུགས་གསར་པ་ཐོན་ཡོད།ལྟོས་དང་།གཡུ་ལྟར་དཀར་ཞིང་དྭངས་ཤིང་གསལ་བའི་གྲུབ་རྡོ་དབྱིན་ལུགས་ཀོང་ཐོན་ཞིང་།བཟོ་པ་རྣམས་ཀྱིས་རང་འགན་རང་ཁུར་བྱས་ཏེ་ཚ་ཚ་འུར་འུར་གྱི་ཐོན་སྐྱེད་རྣམ་པ་ཞིག་མངོན་ཡོད།
“ཤེལ་རྐྱང་ཀུའེ་ཐོན་སྐྱེད་བྱེད་རིང་།ཧྲི་དབྱིན་ལུགས་ཀོང་ནི་འོད་ཤུགས་ཀྱི་བདར་ཐབ་རྐྱང་པའི་འགག་རྩའི་ལྷུ་ལག་ཅིག་ཡིན་པ་དང་།སྤུས་ཚད་ཀྱི་བླང་བྱ་ཧ་ཅང་མཐོ་པོ་ཡོད།ན་ནིང་གི་ཟླ་9པའི་ཟླ་མཇུག་ཏུ་རྡོ་དབྱིན་ལུགས་ཀོང་ཐོན་རྫས་དང་པོ་ཐོན་སྐྱེད་བྱས་པ་ནས་བཟུང་།ཐོན་སྐྱེད་སྒྲུབ་རིམ་ཐོག་ནུས་ཆེའི་ངང་འཁོར་སྐྱོད་བྱེད་ཀྱི་ཡོད།ང་ཚོས་སྤུས་ཚད་འདེགས་སྐྱོར་དང་ཚད་གཞིའི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐོན་ལས་བཟོ་པའི་འགན་འཁྲི་དངོས་འཁུར་ལ་བརྟེན་ནས་འོད་ཤུགས་བཟོ་སྐྲུན་ཐོན་ལས་སྦྲེལ་ཐག་གི་ནུས་པ་གལ་ཆེན་མངོན་འགྱུར་བྱ་རྒྱུ་ཡིན”།
འབྱུང་འགྱུར་སྐོར་གླེང་སྐབས།ཅིན་ཁེ་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཙུང་ཚའེ་ཉིའུ་ཡུས་ཅོན་གྱིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཚིག་གཅིག་གིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་།ང་ཚོ་ཚང་མའི་བྱ་གཞག་ལ་གོ་སྐབས་གསར་པ་དང་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་སྦྱིན་རྒྱུར་ང་ལ་ཡིད་ཆེས་བརྟན་པོ་ཡོད།ན་ནིང་ང་ཚོར་མཚོ་སྔོན་ཞིང་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་བྱ་དགའ་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དེ་ནི་ང་ཚོའི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་རེད།ང་ཚོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐུན་མོང་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁོངས་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་ཕན་ཚུན་སྦྲེལ་མཐུད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།
འབྱུང་འགྱུར་གྱི་དུས་སུ་སླེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།མཚོ་སྔོན་ཤེས་རྟོགས་བྱུང་བ་ནས་མཚོ་སྔོན་ལ་དགའ་བའི་བར་དང་།མཚོ་སྔོན་དུ་གཞི་ཚུགས་པ་ནས་མཚོ་སྔོན་ལ་ལེགས་སྐྱེས་འབུལ་བའི་བར།ཁེ་ལས་འཁོར་ཁང་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་རྣམ་པ་ཞིག་མངོན་གྱི་ཡོད།

རྒྱབ་ལྗོངས་སྦྲེལ་མཐུད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པ་དང་།ན་ནིང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ།“སྤུས་ཚད་མཐོ་བའི་འཕེལ་རྒྱས་ངེས་པར་དུ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཅིག་ཏུ་བརྩི་དགོས་”།
ཟི་ལིང་གྲོང་ཁྱེར་གྱིས་ཐོན་ལས་ཀྱི་“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་ཨང་དང་པོ་འཁུར་ནས་“གསར་གཏོད་རྟེན་གཞི་གཅིག་དང་ལྟེ་བའི་གྲོང་ཁྱེར་གསུམ”འཛུགས་སྐྲུན་ལ་གནད་སྨིན་སྐུལ་འདེད་ནུས་ལྡན་བཏང་སྟེ་སྦྲེལ་མཐུད་དང་།གསབ་ཐགསྦྲེལ་ཐག་དྲག་པོ།སྦྲེལ་ཐག་བཅས་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་“ཕྲེང་ཚོགས་རྣམ་པའི་འཕེལ་རྒྱས་”ལ་སྐུལ་འདེད་བཏང་བ་དང་། ཐེན་ཧོ་འོད་ནུས་སོགས་ལས་རིགས་ཀྱི་མགོའི་ཁེ་ལས་གྲུབ་འབྲས་ཐོབ་པའི་ངང་ནང་འདྲེན་བྱས་པ་དང་། མཛེས་ལྗོངས་ཉི་འོད་ནུས་པ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་གྱི་སྣེ་འདྲེན་ཁེ་ལས་བཏོད་པ། ལི་ཧའོ་གློག་འདྲེན་ཕྱེད་གཟུགས་ཆ་ཚང་འཕེལ་རྒྱས་བཏང་བ་སོགས་ཆེད་ལས་ཀྱི་ཁེ་ལས་འབྲིང་ཆུང་གསར་པ་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་འཕེལ་རྒྱས་བཏང་བ་དང་དུས་མཚུངས་སྣེ་ཁྲིད་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པ་དང་། རང་བདག་གི་ཤེས་བྱའི་བདག་དབང་དང་རང་བདག་གི་སྤུས་རྟགས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་ཚད་བརྒལ་བྱུང་བ། “2023ཀྲུང་གོའི་སྒུལ་ཤུགས་གློག་རྫས་ཐོན་ནུས་ཀྱི་གྲོང་ཁྱེར་རྩེ་གྲ་བཅུའི”ནང་ཚུད་ཡོད།
ཟླ་1ཚེས་17ཉིན་བར་ཟི་ལིང་གྲོང་ཁྱེར་གྱིས་འོད་ཤུགས་བཟོ་སྐྲུན་དང་ལིས་གློག་ནུས་གསོག་གཙོ་བོར་བྱས་པའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་800ལས་བརྒལ་བ་དེས་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་40%ཙམ་བཟུང་བ་དང་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་ནུས་རྒྱུའི་རིམ་པ་མགྱོགས་མྱུར་འཕར་ཡོད་པ་རེད།
ཟི་ལིང་གྲོང་ཁྱེར་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་གཡུལ་ས་གཙོ་བོ་དང་།གཡུལ་ས་གཙོ་བོ།སྒུལ་ཤུགས་གཙོ་བོ་བཅས་ཡིན་པའི་ངོས་ནས་2023ལོར་ཟི་ལིང་གསར་སྤེལ་ཁུལ་གྱིས་འགན་འཁྲི་བརྟན་པོ་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ཟླ་12བསྟུད་མར་འཕར་ཚད་30%ཙམ་རྒྱུན་འཁྱོངས་ཐུབ་ཡོད།
ཟི་ལིང་གསར་སྤེལ་ཁུལ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་།ཐོན་ལས་ཀྱི་ནུས་རིམ་མཐོར་གཏོང་།ཚོང་འགུགས་ནུས་པ་ཆེ་རུ་གཏོང་བ་སོགས་ཕྱོགས་10ལ་དམིགས་ནས་བཟོ་ལས་གླིང་ཁུལ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ཚད་གཞི་མཐོ་པོས་བཀོད་སྒྲིག་དང་ལག་བསྟར་བྱས་པ་དང་།ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་ཀྱི་བར་མཐོངས་སོགས་ཀྱི་ཐད་གཅིག་གྱུར་འཆར་འགོད་ཀྱིས་ཤུགས་སྣོན་བརྒྱབ་སྟེ།ཟི་ལིང་གི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཐོན་ལས་འཕེལ་རྒྱས་མ་ལག་བཙུགས་ནས། གཏིང་ཟབ་རྨོ་ལྗང་གློག་གསུམ་གྱི་ལེགས་ཆ་གཞན་སྒྱུར་དང་ལྗང་མདོག་གློག་གི་རིན་ཐང་མངོན་འགྱུར་བྱུང་ནས“1+5”ཡི་ལྗང་མདོག་གློག་གི་མ་ལག་འཛུགས་སྐྲུན་ཇུས་གཞི་ཞིབ་འཇུག་བྱས་ནས་བཏོན་པ་དང་། ནན་ཁྲོན་བཟོ་ལས་གླིང་དུ་འབྱུང་རྩ་དང་། དྲ་སྦྲེལ། གློག་འདོན། གསོག་འཇོག་བཅས་གཞི་གཅིག་ཅན་དང་དེ་བཞིན་ནུས་རྒྱུ་མང་པོ་ཕན་ཚུན་ཁ་གསབ་བྱེད་པའི་རྣམ་གྲངས་ཚོད་ལྟ་དང་། གསོག་འཇོག་རྟེན་གཞི་འཛུགས་སྐྲུན། ལྗང་མདོག་གློག་དང་ལྗང་མདོག་ལག་ཁྱེར་ཉོ་ཚོང་གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད། ཐཱན་མེད་ཐོན་ལས་གླིང་ཁུལ་གཏོད་པ་སོགས་གཙོ་གནད་ལས་འགན་བཟོས་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།