“རི་བོ་གཉིས”གཞན་སྒྱུར་ཁྲོད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད།

མཚོ་སྔོན་གྱི་སྐྱེ་ཁམས་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་སྟོབས་ཆེ”ཞིག་རེད།ཕྱོགས་ཡོངས་དང་།བརྒྱུད་རིམ་ཧྲིལ་པོ།ས་ཁོངས་ཡོངས་ཀྱི་མ་ལག་བཅོས་སྐྱོང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱར་གྱུར་ཡོད།

མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་རི་བོ་སྟོང་གིས་སྐོར་བ་དང་གཙང་བོ་བརྒྱའི་མཛེས་ལྗོངས་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གཡང་ཊི་ཞིག་དང་འདྲ་བར།མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་ཀྱི་ཡོད།

ལོ་རེར་ཐེངས་རེར་བསྡུ་བའི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ས་གནས་ལས་དོན་ཇུས་འགོད་བྱེད་པའི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་འགོ་འཛུགས་ས་ཡིན་ལ།སྲིད་ཇུས་ཀྱི་ཁེ་སྤོགས་ཐོབ་པའི་དབང་གྲགས་ཆེ་ཤོས་ཀྱི་ཐབས་ལམ་ཞིག་ཀྱང་ཡིན་པས།མི་དམངས་ཀྱི་ཚབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང“སྐྱེ་ཁམས”ཐད་འཐུས་མི་དང་ཨུ་ཡོན་ཚང་མས་རེ་སྒུག་གསར་པས་ཁེངས་ཡོད།

སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ལོ་ལེགས་བྱུང་བ།

ཟླ་1ཚེས་23ཉིན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུང་ཏེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་དབང་ཕྱུག་གིས་འབའ་རྫོང་གི་ཆོག་མཆན་ཐོབ་པའི་ཁག་བདུན་པའི“སྔོ་ཞིང་དྭངས་བའི་རི་ཆུ་ནི་རིན་ཆེན་གསེར་རིའི་ལྷག་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་དེ“རྒྱལ་ཁབ་ཀྱི་རྟགས་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ཞིབ་ཚགས་དཔྱད་གཞི་འཚོལ་བསྡུ་བྱས་ནས་ཁོང་གིས་འདི་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ལས་སྲིད་ཇུས་ཀྱི་ཕན་པ་དེ་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས“རི་བོ་གཉིས་”ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་།“གནས་མཆོག་”རྩོམ་ཡིག་ཇུས་འགོད་བྱེད་དགོས།འདས་ཟིན་པའི་ལོ་གཅིག་རིང་འབའ་རྫོང་གིས“རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་བཅོས་སྐྱོང”དཔེ་སྟོན་རྫོང་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི“རི་བོ་གཉིས”གཞན་སྒྱུར་བྱེད་སྟངས་དང་།ཐབས་ལམ།ལམ་སྲོལ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་མགྱོགས་སུ་བཏང་བ་དང་།རི་ཆུ་ནགས་གསུམ་དང་། ཞིང་ཁ། རྩྭ་ཐང་། ནགས་ས་བཅས་ཀྱི་“ལྔ་”ཡི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞན་འགྱུར་རྩྭ་ཐང་གི་སྔོ་ཁེབས་བསྐྱར་གསོའི་དཔེ་སྟོན་རྟེན་གཞི་བཙུགས་ནས་མཐོ་གྲང་རྩྭ་ཐང་གི་སྣོད་བཅུད་ཞན་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས།

“འབའ་རྫོང་གིས་སྐྱེ་ཁམས་འཐབ་ཇུས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་འབྲོག་དུད་གསུམ་ཆ་གཅིག་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོ་བྱས་པ་དང་།རྩྭ་ཐང་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ནས་ཁེ་བཟང་རག་ཐབས་བྱས་ཏེ་རྫོང་གྲོང་དུ་གཉེར་སྐྱོང་སྣ་ཚོགས་བྱས་པ།འབྲོག་དུད་གསུམ་ཆ་གཅིག་ཞིང་ལས་ས་ཚིགས་ཁག་དང་གྲོང་རྡལ་ཆུང་ངུར་སྤོས་ནས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ནང་ཞུགས་ཏེ་ངལ་རྩོལ་ཐོབ་ཆ་རག་ཐབས་བྱས་པ།འབྲོག་དུད་ལྷག་མའི་གསུམ་ཆ་གཅིག་དེ་སྔའི་རྩྭ་ར་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱས་ནས་ཁྱིམ་ཚང་གི་སྐྱེ་ཁམས་ལེགས་སུ་འགྲོ་འབའ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ།ད་ཆ་འབའ་རྫོང་གི་སྣོད་བཅུད་ཇེ་སྡུག་ཏུ་འགྲོ་ཚུལ་བཀག་འགོག་ཐུབ་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་མགྱོགས་སུ་ཕྱིན་པ། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་གྲུབ་འབྲས་ཐོབ་པ་བཅས་བྱུང་ཡོད”ཅེས་འབའ་རྫོང་གི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གླེང་སྐབས། དབང་ཕྱུག་གིས་བརྗོད་མི་ཚར་བའི“སྤོབས་སེམས་ཞིག་འདུག”ཅེས་བཤད།

བློ་གྲོས་དང་སྟོབས་ཤུགས་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་ཐོག་གཅིག་སྒྲིལ་བྱས་ཏེ་འབའ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཐབས་རབ་དང་རིམ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད།“ལྗང་མདོག་སྐྱེ་ཁམས་ཡག་པོ་བསྒྲུབ་རྒྱུ་ནི་རྒྱུ་ནོར་ཆེ་ཤོས་དང་།ལེགས་ཆ་ཆེ་ཤོས།སྤུས་རྟགས་ཆེ་ཤོས”བཅས་ཀྱི་དམིགས་ཚད་ལ་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་ཆུ་ཚད་མཐོར་གཏོང་བྱེད་དགོས།

སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བ།

སྐྱེ་ཁམས་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་སུ་བཏང་ནས་སྐྱེ་ཁམས་འབྲོག་ལས་ཀྱི་ལམ་བུ་ཇེ་ཡངས་སུ་བཏང་སྟེ་འབྲོག་པ་མང་ཚོགས་ཀྱི་དངུལ་ཁུག་སྔར་བས་མང་དུ་འགྲོ་བ་དང་གྲོང་གསེབ་དར་རྒྱས་ཀྱི་རིན་ཐང་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་དམ།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྫོང་སྲིད་གཞུང་གི་རྫོང་དཔོན་ཉི་མ་ཚེ་རིང་གིས་ཚོགས་རར་འབྱོར་ཐོ་བཀོད་མ་ཐག་ཞིང་འབྲོག་སྡེ་ཚན་གྱི་ལས་དོན་མི་སྣར་ཁ་པར་ཐོག་ནས་འབྲེལ་གཏུག་བྱས་ཏེ“རྩེད་ཐང་གི་འབྲོག་ཟོག”ཟི་ལིང་གི་ཆེད་དོན་འོས་སྦྱོར་ཚོགས་འདུའི་འབྲེལ་ཡོད་ལས་དོན་ལ་འབྲེལ་གཏུག་བྱས་པ་རེད།“དང་ཐོག་ཞིང་ཆེན་དེ་ཡོངས་ཀྱི་ཚོགས་འདུ་གཉིས་ཡིན་པ་དང་།དེ་ནས་ཆེད་མངགས་འོས་སྦྱོར་བྱ་རྒྱུ་ཡིན།དོན་ཆེན་གཉིས་འཕྲད་ཚེ་རྩེ་ཁོག་སྐྱེ་ཁམས་འབྲོག་ལས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད།

ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ཁུལ་གསར་དུ་གནས་པའི“རྩེ་ལེགས་འབྲོག་པའི་ཐོན་རྫས”ཐད་ཚོང་ཁང་དུ་སྐྱོད་སྐབས་རྩེ་ཁོག་ནོར་ལུག་གི་ཤ་དང་།རྩེ་ཁོག་གི་འབྲིའི་ཞོ།འབྲི་མར།འབྲིའི་ཞོ་སོགས་ཐོན་རྫས་སྣ་ཚོགས་ཀྱིས་ཁེངས་ཤིང་།ལོ་གསར་གྱི་མཁོ་ཆས་ལྟ་སྐོར་དང་ཉོ་བར་ཡོང་མཁན་སྐུ་མགྲོན་རྒྱུན་ཆད་རྒྱུ་མེད།

“རྩེ་ཁོག་རྫོང་དུ་ཁེ་ལས་གཉེར་བར་ང་ཚོར་ཁོར་ཡུག་དང་ཐོན་ཁུངས་ཀྱི་ལེགས་ཆ་གཉིས་ཡོད།སྲིད་གཞུང་གིས‘རི་བོ་གཉིས’ཀྱི་འདུ་ཤེས་ལག་ལེན་བསྟར་བས་ཁེ་ལས་ལ་དུས་བསྟུན་ལས་སྒྲུབ་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དང་སྒུལ་ཤུགས་ཐོབ་ཡོད”རྩེ་ཁོག་རྫོང་ཡར་ནས་སྐྱེ་ཁམས་ཞིང་འབྲོག་ལས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་རྡོ་རྗེ་ཚེ་རིང་གིས“སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རྨང་གཞིར་བྱས་ཏེ་རྣམ་གྲངས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚོང་འགུགས་མ་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ།མཉམ་ལས་ཁང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།ཁྱད་ལྡན་སྤུས་རྟགས་ཐོན་ལས་སྐྱེད་སྲིང་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་རྩྭ་ཐང་གི་སྐྱེ་ཁམས་སྔར་བས་ལེགས་སུ་ཕྱིན་པ་དང་འབྲོག་ལས་ལ་ཕན་འབྲས་ཆེ་རུ་ཕྱིན་པ་དང་འབྲོག་པར་འབབ་འཕར་བྱུང་ཡོད”ཅེས་བཤད།

རྡོ་རྗེ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ཀུང་སིས་རྩེ་ཁོག་ནོར་ནག་དང་བོད་ལུག་དང་ནས་ཐོན་ལས་སོགས་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆར་གཞིགས་ནས་རྩེ་ཁོག་འབྲིའི་འོ་མའི་འཁྱགས་ཞོ་དང་།འབྲིའི་འོ་ཕྱེ།ནས་ནག་པོའི་གྲོ་མ།ནོར་ལུག་གི་ཤའི་ཅང་།ཚགས་ཤ་སྐམ་པོ།སེར་ཤ་སོགས་ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་སྣ་ཁ་15གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་ཡོད།

གཡག་ནི་རྩེ་ཁོག་རྫོང་གིས་ཉེ་བའི་ལོ་ཤས་རིང་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་པའི་སྤུས་རྟགས་ཁེ་ལས་ཀྱི་གྲས་ཤིག་རེད།ཉེ་བའི་ལོ་ཤས་རིང་།རྩེ་ཁོག་རྫོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ།ཡུལ་བབ་དང་བསྟུན་ནས་ནུབ་བྱང་གི་ཧུང་དང་།ཡེ་ཐང་།ཡ་ནས་སོགས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཁེ་ལས་ཀྱི་སྤུས་རྟགས་དང་དེ་བཞིན“རྩེ་ལེགས་འབྲོག་པའི་ཐོན་རྫས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སྐྱེད་སྲིང་བྱས་པས་རྩེ་ཁོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཤུགས་ཆེན་ཕྱིན་ནས་རྩེ་ཁོག་རྫོང་གི་ཁྱད་ལྡན་ཐོན་རྫས་རྩྭ་ཐང་འབྲོག་ཁུལ་ནས་ཐོན་ཏེ་ཞིང་ཆེན་ཕྱི་ནང་གི་ཁྲོམ་རར་རིམ་བཞིན་སྐྱོད་ཐུབ་པ་བྱུང་ཡོད།

“མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་གནས་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་འཕེལ་རྒྱས་ཀྱི་གདེང་ཚོད་ཡིན།ང་ཚོས་ནུས་ཤུགས་ཡོད་རྒུས་ནུས་ལྡན་དང་ལྗང་མདོག་སྤུས་རྟགས་འཕེལ་རྒྱས་གཏོང་བ་ནི་སྐྱེ་ཁམས་འབྲོག་ལས་ཐོན་ལས་ལ་བརྟེན་ནས་རྒྱ་ཆེ་བའི་ཐབས་ལམ་ཞིག་ཏུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད”ཅེས་བཤད།ཅེས་ཉི་མ་ཚེ་རིང་གིས་བཤད།

“སྔོ་ལྗང་འདུས་ཚད”ཇི་ཙམ་མཐོ་ན“གོ་ཆོད་ཚད”དེ་ཙམ་གྱིས་མཐོ་རུ་ཕྱིན་པ།

“རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར”དང“རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”ནས“ཀྲུང་གོ་བའི་འཚོ་སྡོད་ཁོར་ཡུག་དཔེ་མཚོན་བྱ་དགའ”“དུས་བདེའི་ཀྲུང་གོའི”དཔེ་སྟོན་རྫོང་བར་དང་།“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ཐོབ་པའི་བར།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གདེང་ཚོད་སྔར་བས་ཆེ་བ་དང་།ཡིད་ཆེས་སྔར་བས་ཆེ་བ།ངར་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུལ་ཤུལ་གྲོང་ཁྱེར་འབྲོག་ལས་བུད་མེད་བཟོ་ཚོང་ཚད་ཡོད་ཀུང་སིའི་མཉམ་ལས་ཁང་གི་ཁྲིམས་མིའི་དཔལ་ཁ་ནི་འབའ་ཐང་གཙང་པོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་འགྲམ་དུ་ཡོད།དགུན་དུས་ཡིན་ནའང་དེ་གར་སྔར་བཞིན་གནམ་སྔོན་པོ་དང་།སྤྲིན་དཀར་དཀར་པོ།གངས་རི་བཅས་ཕན་ཚུན་འོད་སྣང་འཕྲོས་ནས་གྲོང་མིའི་སྦྱོང་བརྡར་ལུས་སྦྱོང་བྱེད་ས་ཡག་པོ་ཞིག་ཏུ་གྱུར་ཡོད།ཐ་ན་ཆུའི་སྤུས་ཚད་ཀྱི་བླང་བྱ་ཧ་ཅང་མཐོ་བའི་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ཡང་མང་པོ་ཡོད་པ་རེད།དེའི་རྒྱུ་རྐྱེན་རྩད་ཞིབ་བྱས་པ་ནི་འབའ་ཐང་གཙང་པོའི་ཆུ་སྤུས་ལོ་རེ་བཞིན་ལེགས་སུ་ཕྱིན་པ་དང་ཉ་རིགས་ཀྱི་ཐོན་ཁུངས་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ནས་ཆུ་ཐོན་སྐྱེ་ཁམས་མ་ལག་སླར་གསོ་བྱུང་བ་དེ་རེད།དེའི་ཁར་ས་གནས་དེ་གའི་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཡུལ་ཤུལ་གྱི་གང་སར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཚོར་ཐུབ་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་།ཡུལ་ཤུལ་གྲོང་ཁྱེར་གྱིས་གཙང་གསུམ་ཆུ་འགོའི་ལྟེ་བའི་གྲོང་ཁྱེར་གྱི་ངེས་གནས་ལ་དམ་འཛིན་ནན་པོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས་གྲོང་ཁྱེར་དེ་ཡོངས་ཀྱི་སྔོ་ལྗང་བར་མཐོངས་ཀྱི་བསྡུར་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་སྐྱེ་ཁམས་སྲུང་ཡོལ་ཉིན་བཞིན་བརྟན་དུ་ཕྱིན་པ།སྐྱེ་ཁམས་བདེ་འཇགས་དང་སྐྱེ་ཁམས་དམངས་འཚོ་གཉིས་ཀ་མཐོ་རུ་ཕྱིན་ཡོད།ལྷག་པར་དུ་སྔོ་ལྗང་མང་དུ་གཏོང་བ་དང་སྔོ་ལྗང་བཅོས་སྐྱོང་གི་ལས་དོན་གཉིས་ལ་དམ་འཛིན་ནན་པོ་བྱས་ཏེ་རིམ་པ་གསུམ་པའི(གཙང་པོ་དང་མཚེའུ)ནགས་རྩྭ་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་ས་ཁོངས་ནང་གི་གཙང་པོ་དང་མཚེའུ་དང་ནགས་རྩྭ་ཚང་མ་ཁྱོན་ཡོངས་ནས་ཁྱབ་པ་བྱ་རྒྱུ་རེད།རིམ་ཁག(མཚོ་དང་མཚེའུ)གི་ནགས་རྩྭའི་འགོ་འཛིན་དང་དེ་བཞིན་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྩྭ་དང་རྩི་ཤིང་གཅིག་དང་གཙང་པོ་གཅིག་མཚེའུ་གཅིག་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་ཆེད་བསྐོས་མི་སྣས་འགན་འཁུར་རྒྱུའི་འགན་ལེན་བྱེད་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མ་ལག་འཛུགས་སྐྱོང་དང་།གཙང་གསུམ་ཆུ་འགོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད།སྐྱེ་ཁམས་གུན་གསབ་ལམ་ལུགས་དོན་འཁྱོལ་ནན་པོ།ཕྱུགས་སྐྱུར་རྩྭ་གསོ་དང་སྐྱེ་ཁམས་གནས་སྤོ་སོགས་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་ནན་པོ་བཅས་བྱ་དགོས།

“སྔོ་ལྗང་འདུས་ཚད་”ཇི་ཙམ་མཐོ་ན།“འདུས་ཚད་”དེ་ཙམ་གྱིས་འདང་ངེས་ཡིན།ད་ཆ་གཱ་དཀར་པོས་ཡུལ་ཤུལ་གྲོང་ཁྱེར་དེང་རབས་རི་བོའི་མཛེས་ལྗོངས་ལྟ་སྐོར་སྟེགས་བུར་ལངས་ནས་མཛེས་སྡུག་ལྡན་པའི་གྲོང་གསར་དེར་ལྟ་རྒྱུར་དགའ་པོ་བྱེད་ཀྱི་ཡོད།ཁྲོམ་གཞུང་དང་སྤྱི་གླིང་དུ་གྲོང་མིའི་སྒོ་རའི་ནང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལྗང་མདོག་མཐོང་རྒྱུ་ཡོད།དགུན་དུས་ཀྱི་དུས་ཚིགས་ཡིན་ནའང་།སྲིང་བལ་བར་འཚང་གོས་ཐུམ་སྒྲིལ་བྱས་པའི་ལྗང་འཛུགས་ཀྱིས་གྲོང་ཁྱེར་དེར་གཞན་དང་མི་འདྲ་བའི་ཉམས་འགྱུར་བསྣན་ཡོད།གཱ་དཀར་པོས་རྟག་ཏུ་ལག་ཐོགས་ཁ་པར་བཏོན་ནས་ཁོང་གི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་མཛེས་ལྗོངས་ཤིག་རེད།

ན་ནིང་པད་ཁས“ཡུལ་ཤུལ་གྱི་མགྲོན་ཁང”ཞེས་པའི་བོད་ཟས་ཟ་ཁང་ཞིག་གཉེར་སྐྱོང་བྱས།ཡུལ་ཤུལ་གྱིས་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཁ་ཕྱོགས་ལ་གཞིགས་ནས་གཱ་ཡིས་སྐྱེ་ཁམས་འབྲོག་ལས་ཀྱི“རྩེར་སོན་དང་།སྐྱེ་ལྡན།སྤུས་རྟགས”བཅས་ཀྱི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ནས་ཡུལ་ཤུལ་གྲོང་ཁྱེར་གྱི་རང་བྱུང་སྐྱེ་ལྡན་རྩྭ་རའི་ཐོན་ཁུངས་བཟང་པོར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སྔར་བས་མང་བ་གསོལ་ལྕོག་ཐོག་བསྐྱོད་དེ་ཁྲོམ་རར་ཁྱབ་གདལ་བཏང་ནས་སྐད་གྲགས་ཆོད་ཡོད།

རྒྱབ་ལྗོངས་སྦྲེལ་མཐུད།

“རི་བོ་གཉིས་”ཀྱི་འདུ་ཤེས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཚོན་རྟགས་རང་བཞིན་གྱི་ལྟ་བ་དང་མཚོན་བྱེད་རང་བཞིན་གྱི་ཆོད་གཏམ་ཞིག་ཡིན་ལ།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན།འདུ་ཤེས་འདིའི་ནང་དོན་ཕུན་སུམ་ཚོགས་པ་དང་།བསམ་བློ་གཏིང་ཟབ་པ།གསོན་ཉམས་ལྡན་པའི་གཟུགས་བརྙན།གོ་དོན་གཏིང་ཟབ་པ་བཅས་ཡིན་པས་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད་དང་ལག་ལེན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་”ཞེས་པར་ཀྲུང་གོའི་སྲོལ་རྒྱུན་མཚན་ཉིད་རིག་པའི་ཁྲོད་ཀྱི་སྐྱེ་ཁམས་བློ་གྲོས་འདུས་ཡོད་ལ།དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བའང་རྒྱས་བཤད་བྱས་ཡོད་པ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གནས་ལུགས་གསལ་སྟོན་བྱས་ཡོད།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་།འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས།མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཐུག་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ལ་དམིགས་བསལ་ཡིན་པས་ངེས་པར་དུ་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཀྲུང་ཧྭའི་ཆུ་མཛོད”གི་འགན་འཁྲི་གལ་ཆེན་འཁུར་དགོས་ཞེས་ནན་བཤད་གནང་བ་རེད།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས“རི་བོ་གཉིས”ཀྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་ཏེ་འཆར་གཞི་རེ་རེ་བཞིན་མཐར་ཕྱིན་པ་བཀོད་པ་དང་།ལས་འགན་རེ་རེ་བཞིན་བསྒྲུབས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།སྐྱེ་ཁམས་ཁོར་ཡུག་པུས་མིང་བཏགས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དང“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞིས་སྒོ་བྱང་སྤྲད་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་3གྱི་རྫོང(ཆུས)8ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ་དང་རྫོང(གྲོང་ཁྱེར་དང་ཆུས)6ལ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ཞེས་མིང་བཏགས་ཡོད།

དཔལ་འབྱོར་གྱི་འབོར་ཚད་ཆུང་ཡང་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་དང་འཐབ་ཇུས་གནས་བབ་དམིགས་བསལ་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འགན་འཁྲི་གལ་ཆེན་འཁུར་ཡོད།མཇུག་འགྲིལ་མ་ཐག་པའི་ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བསྟན་དོན།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་དེ་བས་དངོས་སྒྲུབ་ནུས་ལྡན་ངང་སྐུལ་འདེད་བཏང་ནས་ཕན་འབྲས་གསར་པ་ཐོབ་ཡོད།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གཏོད་དགོས།མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་ལག་ལེན་ཐབས་ལམ་ཞིབ་འཇུག་དང་ཇུས་འགོད་བྱེད་པ་དང་།ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བ།སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཟབ་སྤེལ།རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ལེགས་སྒྱུར་བཅས་བྱས་ཏེ།“རི་བོ་གཉིས་”གཞན་སྒྱུར་བགྲོད་ལམ་རྒྱ་ཆེར་གཏོང་བ་དང་།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་ལྡོག་གནད་དོན་དག་ཐེར་བྱས་པ་རེད།

མཚོ་སྔོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བས་རང་རྟོགས་དང་དེ་བས་གཏིང་ཟབ་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་ཆུ་འགོ་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་འཁུར་སེམས་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།