
ཐུན་མིན་ས་ཁོངས་ཀྱིས་མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཤིག་བཏོད་ཡོད་ལ།མཚོ་སྔོན་གྱི་བུ་ཕྲུག་ཚོར་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་ཆུ་འགོ་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་ལས་འགན་གལ་ཆེན་ཡང་སྤྲད་ཡོད།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།དྲིན་ཚོར་ཡར་བརྩོན།གོ་སྐབས་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་མཐོ་ས་ནས་བྱས་རྗེས་གསར་པ་མངོན་པར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད།
ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་དུས་ལྟར་འཚོགས་པ་དང་བསྟུན་ནས་ང་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་བློ་སྟོབས་ཀྱིས་ཁེངས་ཡོད།སྐབས་དེ་དུས་འབྲི་ཆུའི་ཆུ་འགོའི་ས་གཞི་ཆེ་མོར་བརྩེ་སེམས་ཟབ་མོས་ཕྱིར་དྲན་བྱས་པ་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང“ཀྲུང་ཧྭའི་ཆུ་མཛོད”བརྟན་པོ་ཡོད་པས་རི་བོ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་བྱ་དངོས་ཡོད་ཚད་གཟི་བརྗིད་བརྩོན་ལེན་བྱེད་པའི་བརྗིད་ཉམས་ལྡན་པའི་རི་མོ་ཞིག་མངོན་པ་དང་སྣོད་བཅུད་མཛའ་གྲོགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་གསར་བ།
མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་ལག་ལེན་གྱི་མཐོ་ས་གསར་པ་གཏོད་རྒྱུ་སྤྱི་འདོམས་སུ་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་།ལྗང་མདོག་འཕེལ་རྒྱས།རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན།མི་དང་རང་བྱུང་ཚེ་སྲོག་གཅིག་མཐུན་འདུས་གྲུབ།སྣོད་བཅུད་དཔལ་ཡོན་ལམ་ལུགས་གསར་གཏོད།རི་ཆུ་ནགས་ཞིང་མཚེའུ་དང་།བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཀྱི“མཐོ་ས་གསར་པ་བདུན”ནུས་ཤུགས་ཡོད་རྒུས་བཏོད་དེ་ནུས་ཤུགས་དེ་བས་ཆེ་བ་དང་ཆུ་ཚད་དེ་བས་མཐོ་བའི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཡག་པོ་བྱས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དཔེ་མཚོན་ཡག་ཤོས་སུ་བསྐྲུན་རྒྱུ་དང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུའི་རེ་ཞུའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།ཚད་གཞི་མཐོ་པོས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་ཐད་རྒྱལ་ཁབ་སྤྱི་གླིང་འདི་ཉིད་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ཡོད།
དེ་རིང་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་ཕྱོགས་གཉིས་སུ་བསྐྱོད་དེ་ཕན་ཚུན་གྲུབ་འབྲས་ཐོབ་པ་རེད།འབྲི་ཆུའི་ཆུ་འགོར་གཞི་ཚུགས་པ་དང་ཀྲུང་གོར་མིག་རྒྱང་རིང་པོས་བལྟས་ཏེ་མེད་པའི་ཁྲོད་ནས་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་པ་དང་།ལམ་བར་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ་ད་ལྟའི་སྐྱེ་ཁམས་ཆེན་པོར་བྱེད་པའི་མཚོ་སྔོན་གྲུབ་འབྲས་ཐོབ་པ་རེད།
རྒྱལ་ཁབ་སྤྱི་གླིང་གི་གཅིག་གྱུར་ཚད་ལྡན་གྱི་དོ་དམ་སྒྲིག་སྲོལ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་འགན་དབང་མཐའ་མཚམས་གསལ་པོ་དང་།བདག་དབང་དང་ལྟ་སྐུལ་དོ་དམ་དབང་ཆ་ལོགས་དབྱེ།ས་གནས་སྲིད་གཞུང་དང་དོ་དམ་སྡེ་ཚན་ཕན་ཚུན་མཉམ་དུ་སྐྱོད་པ།མཉམ་འགུལ་བཟང་པོ།མཉམ་འདྲེས་ནུས་ལྡན་བཅས་ཀྱི་སྲུང་སྐྱོང་ཁུལ་གསར་པའི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་བཙུགས་ནས་རྒྱལ་ཡོངས་ཀྱི་སྔོན་ལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་འཛུགས་པ་དང་།རང་བྱུང་སྲུང་སྐྱོབ་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་གླིང་གིས་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་གཞི་རྩའི་ཐོག་ཆགས་པར་བྱ་དགོས།
ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་པ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་མང་ཤོས་ཀྱི་ཞིང་ཆེན་བར་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་སྔོན་ལ་བཙུགས་པ་ནས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་གི་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པའི་བར་རྒྱལ་ཁབ་སྤྱི་གླིང་ནང་གི་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་སྣོད་བཅུད་མཛེས་སྡུག་ལྡན་པ་ཞིག་ཡོད་པ་རེད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཨུད་ཀྱི་ཆེད་བསྐོས་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲང་ལི་ཡིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་པ་ཚད་གཞི་མཐོ་པོའི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།མིག་སྔར་མཚོ་སྔོན་གྱིས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གཏོད་བཞིན་ཡོད་པ་དང་ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་འཆར་འགོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བརྒྱུད་རིམ་ནང་ཤེས་ལྡན་མི་སྣའི་དགོས་མཁོ་གསོ་སྐྱོང་ལ་སྣང་ཆེན་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་གཙོ་གནད་སློབ་ཚན་བཀོད་སྒྲིག་བྱས་པ་བརྒྱུད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་པ་རེད།
མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱས་པ་དེས་མདོ་དབུས་མཐོ་སྒང་གི་རང་བྱུང་སྣོད་བཅུད་མ་ལག་གལ་ཆེན་དང་།སྐྱེ་དངོས་སྣ་མང་རང་བཞིན་འདུས་ཁུལ།ཐུན་མོང་མ་ཡིན་པའི་མཛེས་ལྗོངས་གནའ་ཤུལ་བཅས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།ཀྲང་ལི་ཡིས་གོ་ལ་ཧྲིལ་པོའི་མཚོ་སྔོན་གྱི་སྣོད་བཅུད་གནས་བབ་དེ་བས་ལེགས་པའི་སྒོ་ནས་མངོན་ཆེད།མཚོ་སྔོན་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན(གྲབས་གསོག)གྱི་ཚན་རིག་སློབ་ཚན་བཀོད་སྒྲིག་བྱེད་སྐབས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ཆེད་ལས་འཛུགས་རྒྱུར་བསམ་གཞིག་བྱས་ཚེ་ས་གནས་དེ་གའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་པ་མ་ཟད།ས་གནས་དེ་གའི་སློབ་ཆེན་གྱི་ཁྱད་ཆོས་སྔར་བས་མངོན་ཐུབ་ཅེས་བཤད་པ་རེད།

སྐྱེ་དངོས་སྣ་མང་།སྣོད་བཅུད་མཛེས་པ།
སྣ་མང་ཕུན་སུམ་ཚོགས་པའི་སྣོད་བཅུད་མ་ལག་གི་རིགས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས་མཚོ་སྔོན་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་ས་ཁོངས་ཀྱི་གྲས་ཤིག་རེད།
མ་དངུལ་འབོར་ཆེན་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཙོང་ཆུ་རྒྱུག་ཁུལ་ནས་གཙང་གསུམ་ཆུ་འགོའི་བར་དང་།མཚོ་སྔོན་པོའི་འགྲམ་ནས་མདོ་ལ་རིང་མོའི་རི་འདབས་བར་སྣོད་བཅུད་ཁོར་ཡུག་ལ་ལོ་རྒྱུས་རང་བཞིན་དང་།ཁ་ཕྱོགས་འགྱུར་མཚམས་རང་བཞིན།ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བ་རེད།སྔོ་ཞིང་དྭངས་བའི་རི་ཆུ་དེ་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་གྱུར་ནས་སྣོད་བཅུད་ཁོར་ཡུག་བཟང་པོ་དེས་སྐྱེ་དངོས་སྣ་མང་རང་བཞིན་ལ་རྒྱ་ཆེ་བའི་བར་མཐོངས་བཏོད་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
2023ལོར་མདོ་དབུས་མཐོ་སྒང་གི་གསའ་གཟིག་སྲུང་སྐྱོང་མནའ་འབྲེལ་བཙུགས་པ་དང་བསྟུན་ནས་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་ལག་གདང་སྦྲེལ་ནས་གསའ་ལ་ཞིབ་འཇུག་དང་སྲུང་སྐྱོང་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དཔེ་སྟོན་དང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ཡོད།
མདོ་དབུས་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་གསའ་འཚོ་གནས་བྱ་ཡུལ་གལ་ཆེན་ཡོད་པ་དང་།མཚོ་སྔོན་གྱིས་གསའ་སོགས་རྩ་ཆེའི་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་མ་ལག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་ས་མཐོའི་སྲོག་ཆགས་གསའ་ཡི་གྲངས་འབོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་འབྲེལ་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་8ཚང་མར་ཤེས་རྟོགས་བྱུང་ཡོད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞིང་ཆེན་སྲོག་ཆགས་དང་རྩི་ཤིང་ནད་ཡམས་ཞིབ་བཤེར་ས་ཚིགས་ཀྱི་མཐོ་རིམ་ཕྱུགས་རིགས་སྨན་པ་དཀའ་བཅུ་པ་ཀྲང་ཕེ་ཡིས་རྒྱལ་ཡོངས་ཀྱི་གསའ་ཁྱུ་ཚོགས་དང་དེང་རབས་མདོ་དབུས་མཐོ་སྒང་གི་གསའ་ཡི་གྲངས་གཞི་དངོས་གནད་སྨིན་ནི་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་དང་ས་ཁོངས་ལས་བརྒལ་བའི་གསའ་ལ་ཞིབ་འཇུག་དང་སྲུང་སྐྱོང་བྱེད་པའི་འགག་རྩ་ཞིག་རེད།ཁྱུ་ཚོགས་ཁྱབ་ཚུལ་ཅུང་མང་བའི་གསའ་ཡི་གྲངས་འབོར་དང་དེ་བཞིན་གསར་དུ་བཙུགས་པའི་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོང་མནའ་འབྲེལ་གྱིས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་གསའ་སྲུང་སྐྱོང་དང་ཚན་ཞིབ་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་བསྐྲུན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་སྲ་ཞིང་བརྟན་པའི་གྲངས་གཞི་འཚོལ་བསྡུ་དང་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད།
འཛམ་གླིང་གི་རང་བྱུང་སྲུང་སྐྱོང་མནའ་འབྲེལIUCNགྱི་གསའ་ལ་དཔྱད་དཔོག་གསར་ཤོས་ལ་གཞིགས་ན།མཚོ་སྔོན་ཞིང་ཆེན་གྱི་གསའ་འཚོ་གནས་བྱ་ཡུལ་སྤྱི་ལེ་ངོས་གྲུ་ཁྲི་47ཙམ་ཟིན་པ་དེས་མདོ་དབུས་མཐོ་སྒང་གི་གསའ་འཚོ་གནས་བྱ་ཡུལ་དུ་འཚམ་པའི་རྒྱ་ཁྱོན་གྱི་25%བཟུང་བ་དང་མཚོ་སྔོན་ཞིང་ཆེན་གྱི་གསའ་ཡི་གྲངས་འབོར་1200ཙམ་ཟིན་ཡོད་པ་རེད།
ཀྲང་ཕེ་ཡིས་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོང་མནའ་འབྲེལ་གྱི་འགན་ནུས་འདོན་སྤེལ་བྱས་ཏེ་རྒྱལ་ཡོངས་ཀྱི་གསའ་རིགས་ཀྱི་ཁྱུ་ཚོགས་དང་གྲངས་འབོར་ལ་བརྟག་དཔྱད་བྱེད་པ་དང་གནད་སྨིན་གྲངས་གཞི་འཚོལ་བསྡུ་བྱེད་པ་དང་འབྲེལ་ཞིང་ཆེན་དུ་རྒྱལ་ཡོངས་ཀྱི་གསའ་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་གི་གྲངས་གཞི་ཆེན་པོའི་ལས་སྟེགས་བསྐྲུན་རྒྱུའི་བརྩོན་ལེན་ཧུར་ཐག་བྱས་ནས“མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོང་མནའ་འབྲེལ”གྱི་ཁོངས་མིའི་ཚན་པའི་སྲིད་འཛིན་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ། གྲངས་གཞི་ནུས་ཆེའི་མཉམ་སྡེབ་ཐུབ་པ་བྱས་ནས་གྲངས་གཞི་མཉམ་སྤྱོད་ཀྱི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ་རྒྱལ་ཁབ་ཀྱི་གསའ་ཡི་རྨང་གཞིའི་ཞིབ་འཇུག་དང་། གསའ་སྲུང་སྐྱོབ་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ། རྒྱལ་ཁབ་ཀྱི་རྣམ་པ་སྣ་ཚོགས་ཀྱི་གསའ་སྲུང་སྐྱོབ་བྱ་ཡུལ་མ་ལག་འཛུགས་པ། རྒྱལ་ཁབ་ཀྱི་མཉམ་ལས་བྱེད་པ་བཅས་ཀྱི་ཐོག་ནས་གསའ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།
མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན།མཚོ་སྔོན་གྱི་ངོས་ནས་བརྗོད་ན།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་རེད།སྐབས་དེ་དུས་མཚོ་སྔོན་དུ་ལྗང་མདོག་གི་མདུན་ཕྱོགས་སུ་སྐྱོད་པའི་དུས་ལ་བབས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་འགྲོ་བཞིན་ཡོད།
སྣོད་བཅུད་ལ་བརྟེན་ནས་ཞིང་ཆེན་འཛུགས་པའི་འཐབ་ཇུས་བཏོན་པ་ནས་ད་ཆའི་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གཏོད་པའི་བར་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་མང་དུ་ཕྱིན་པ་དང་།གསར་བཅོས་འདུ་ཤེས་དང་སྔོན་གཏོར་རྗེས་སུ་བཙུགས་པ།འཚོལ་ཞིབ་དང་ལག་ལེན་ཐེངས་རེ་བྱས་པ་ལས་ད་ཆའི་སྣོད་བཅུད་སྲུང་སྐྱོང་གཙོ་བོར་བྱེད་པའི་མཚོ་སྔོན་གྲུབ་འབྲས་ཐོབ་པ་དང་སྣོད་བཅུད་སྲུང་སྐྱོང་དེ་ཐོན་ལས་བསམ་གཞིག་ལ་བརྟེན་པའི་སྔོན་འགྲོའི་ཆ་རྐྱེན་དུ་སྔོན་ལ་གྱུར་ཡོད།
སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གཏོད་པ་དང་།ཐོན་ལས་ཀྱི་“ས་ཁུལ་བཞི”སྣེ་ཁྲིད་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ།སྣོད་བཅུད་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྗེས་ཐོན་ལེགས་ཆར་བསྒྱུར་བ།སྣོད་བཅུད་ཀྱི་རིན་ཐང་དང་།སྣོད་བཅུད་ཀྱི་འགན་འཁྲི།སྣོད་བཅུད་ཀྱི་མི་མངོན་པའི་ནུས་ཤུགས་བཅས་ཚུད་པའི་གཏན་ཚིགས་གཅིག་གྱུར་ཁྲོད་“སྤྱིའི་གྲངས་ཀ་”ཆེ་ཤོས་དང་མཐུན་པ་བཅས་བྱུང་ཡོད།
སྔོ་ཞིང་དྭངས་བའི་རི་ཆུ་རིན་ཆེན་གསེར་རིའི་ལྷག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་འཆར་འགོད་བྱེད་དགོས།སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གཏོད་པའི་གོ་སྐབས་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྣོད་བཅུད་ཐོན་རྫས་མངོན་འགྱུར་ལམ་སྲོལ་གྱི་ལས་ཀའི་ཇུས་གཞི》སོགས་པར་འགྲེམས་བྱས་ནས་སྔོ་ཞིང་དྭངས་པའི་རི་ཆུ་དང་གསེར་རི་དངུལ་རི་ཕྱོགས་གཉིས་ཀྱི་གཞན་སྒྱུར་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པས་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མགྱོགས་མྱུར་ཞུགས་པ།སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྗང་མདོག་རིགས་སྒྱུར་བྱེད་པར་རམ་འདེགས་བྱེད་པ་བཅས་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས།གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ཧོ་ཀྲི་ཡིས་བདག་དབང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།ཐོན་རྫས་ཀྱི་གཞི་གྲངས་གསལ་རྟོགས་བྱེད་པ།རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།བདག་དབང་གི་བྱེད་པོའི་དབང་ཆའི་གསལ་ཐོ་བཟོ་བ་བཅས་བྱས་ཏེ་སྣོད་བཅུད་ཐོན་རྫས་“སུ་ལ་དབང་བ་”དང“སུས་དོ་དམ་བྱེད་པ”སོགས་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱདེ་དང་ཆབས་ཅིག་སྣོད་བཅུད་ཐོན་རྫས་ཀྱི་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱོད་རྒྱུར་སྣང་ཆེན་བྱེད་པ།སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།སྣོད་བཅུད་ཐོན་ཁུངས་ཀྱི་བསགས་འབོར་གཞི་གྲངས་དང་རྒྱུག་ཚད་ཀྱི་གནས་ཚུལ་གསལ་རྟོགས་བཅས་བྱས་ནས་འབྲེལ་ཡོད་དམིགས་ཚད་དེ་ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།
རྨང་གཞི་དེའི་ཐོག་སྣོད་བཅུད་རིན་ཐང་ཞིབ་རྩིས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ཞིང་ཆེན་རིམ་པའི་GEPཞིབ་རྩིས་མ་ལག་འཛུགས་པ།ཞིང་ཆེན་ཁོངས་ཀྱི་GEPདུས་བཀག་རྩིས་བཤེར་བཅས་བྱེད་དགོས།སྐྱེ་ཁམས་ཐོན་རྫས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྐྱེ་ཁམས་སྤྱི་ཕན་ནགས་ཚལ་གཙོ་བོའི་ཁ་གསབ་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་དང་ནགས་ཚལ་སྔོ་ཁེབས་ཐཱན་གསོག་ཚད་འཇུག་གཞིར་བྱེད་པའི་ཚོང་ར་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པ།ཚོང་ར་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱེད་པ།ཆུ་སྤྱོད་དབང་ཆ་དང་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྣ་མང་ཅན་གྱི་ཁ་གསབ་བྱེད་སྟངས་འཚོལ་ཞིབ་བྱ་དགོས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།